མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཆབ་སྲིད་བཙོན་ཟུར་ཞིག་ཡུན་རིང་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྫ་དབོན་པོ་ཡུལ་ཚོ་རུ་མི་བདུན་གྱིས་བོད་རང་བཙན་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པར་བརྟེན་མི་དྲུག་ལ་ལོ་གཅིག་ནས་ལྔ་བར་གྱི་ཁྲིམས་ཐག་བཅད་ཡོད་པ་དང་དེའི་ཁྲོད་ཀྱི་གྲྭ་རྟ་མེ་ལགས་ནད་མནར་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༩ ཉིན་རྫ་དཔོན་པོ་ཡུལ་ཚོའི་གྲོང་བརྡལ་གྱི་ས་གནས་རྒྱ་གཞུང་གི་གཞུང་ལས་ར་སྐོར་ནང་དུ་བོད་རང་བཙན་དགོས་སྐོར་གྱི་ཡིག་ཆ་བརྒྱ་ཕྲག་མང་པོ་བཀྲམས་པ་ལ་བརྟེན་ནས། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་སྔ་གཞུག་ཏུ་ཁྱོན་བོད་མི་ ༧ འཛིན་བཟུང་བཀག་ཉར་བཞག་སྟེ་ཕྱིས་སུ་མི་ ༥ ལ་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁྲིམས་ཆད་ཕོག་པའི་གྲྭ་བསྟན་འཛིན་ཉི་མའམ་ཡང་རྟ་མེ་ལགས་སུ་བཙོན་ཁང་དུ་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་ཡུན་རིང་ན་མནར་བྱུང་བ་དང་། ཁོང་གི་ནང་མི་ཚོས་གྲྭ་རྟ་མེ་ལགས་ས་གནས་རིམ་པའི་སྨན་ཁང་དང་སྨན་པར་བསྟེན་གཏུགས་གང་ཐུབ་བྱས་ཡོད་ནའང་བཅོས་ཐབས་མེད་པའི་དཀའ་ངལ་འོག འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

བསྟན་འཛིན་ཉི་མ་ལགས་འདས་གྲོངས་སུ་ཕྱིན་པའི་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གིས་སྤེལ་གནས་ཚུལ་ནང་།  འདས་ལོའི་ཕྱི་ཟླ་ ༤ ནང་ས་གནས་སྲིད་གཞུང་གིས་བསྟན་འཛིན་ཉི་མ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གིས་རང་ཉིད་འཛིན་བཟུང་བྱས་པའི་གནས་ཚུལ་རྣམས་བརྒྱུད་སྐུལ་བྱས་པ་དང་རྒྱ་གར་ནང་ཡོད་པའི་བོད་མིར་འབྲེལ་བ་བྱས་པའི་ཉེས་མིང་འོག འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སླར་ཡང་འཛིན་བཟུང་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གིས་ཁོང་གི་ནང་མིར་འབྲེལ་བ་བྱས་ཏེ། བསྟན་འཛིན་ཉི་མ་ལགས་ཀྱི་གཟུགས་གཞི་བདེ་ཐང་མིན་པའི་དཀའ་ངལ་འོག་བཙོན་ཁང་ནས་ལེན་དགོས་པའི་བཀའ་བཏང་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བསྟན་འཛིན་ཉི་མ་ལགས་བཙོན་འཇུག་ཐེངས་གཉིས་རིང་བྱས་པ་དང་།  བཙོན་ཁང་དུ་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་རྡུང་རྡེག་དྲག་པོ་བཏང་སྟེ་ན་མནར་བྱུང་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་དབུགས་གཏོང་ལེན་དང་སྐད་ཆ་བཤད་མི་ཐུབ་པ་སོགས་འཕྲོད་བསྟེན་གྱི་གནས་སྟངས་ཛ་དྲག་ཡིན་པ་དང་། ཕྱི་ཟླ་ ༡༠ ཚེས་ ༩ ཉིན། གྲྭ་བསྟན་འཛིན་ཉི་མ་ལགས་ཀྱི་ནང་མི་ཚོས་ཁོང་དྲན་པ་ཉམས་པའི་གནས་སྟངས་འོག་ཁྲི་ཏུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐྱེལ་ཡོད་པ་དང་། སྨན་ཁང་གྱི་བརྟག་དཔྱད་སོགས་ལ་ཞིབ་འཇུག་བྱས་པ་ལྟར་ན། གྲྭ་རྟ་མེ་ལགས་ནང་མིར་རྩིས་སྤྲོད་མ་བྱོས་སྔོན་གྱི་ཉིན་གྲངས་ ༡༠ ཙམ་ནས་ཁོང་གི་ལུས་པོའི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་ར་སྤྲོད་བྱུང་ཡོད་འདུག

དེ་བཞིན། ཁོང་སྨན་ཁང་དུ་སྐྱེལ་རྗེས་སྨན་རིན་གྱི་དཀའ་ངལ་འོག་སྨན་བཅོས་ལ་འགོར་འགྱང་བྱུང་ཞིང་། ཁོའི་སྨན་བཅོས་སླད་ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་སྤུན་མཆེད་རྣམས་ཀྱི་རྒྱ་སྒོར་ཁྲི་ ༤ ཙམ་བསྡུ་རུབ་བྱེད་ཐུབ་ཡོད་པ་དང་། བདུན་ཕྲག་ཁ་ཤས་རིང་སྨན་ཁང་དུ་བསྡད་རྗེས་གྲྭ་བསྟན་འཛིན་ཉི་མ་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་པ་དང་སྨན་བཅོས་བྱ་ཐབས་བྲལ་བའི་གནས་སྟངས་འོག་སྨན་ཁང་ནས་འགྲོ་དགོས་བྱུང་ཡོད་པ་དང་། དེ་ནས་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་བསྟན་འཛིན་ཉི་མ་ལགས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་འཁྲིད་ཐུབ་ཡོད་ཀྱང་། སྐབས་དེར་ཁོང་དྲན་མེད་བརྒྱལ་ཡོད་སྟབས། སྨན་པས་ཁོང་གི་གནས་སྟངས་ཛ་དྲག་ཡིན་པ་དང་བཅོས་ཐབས་མེད་སྐོར་བརྗོད་དེ། ཁོང་གིས་ནང་མི་ཚོས་གྲྭ་བསྟན་འཛིན་ཉི་མ་ལགས་ཕྱིར་རང་ཁྱིམ་དུ་འཁྲིད་ཡོང་རྗེས་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གིས། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་མི་རྣམས་ལ་རྡུང་རྡེག་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་དང་དམིགས་བསལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རྣམས་ལ་རྡུང་རྡེག་དང་ཐུབ་ཚོད་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་བསྟན་འཛིན་ཉི་མ་ལགས་སུ་ཚད་ལས་བརྒལ་བའི་མནར་གཅོད་བཏང་བའི་གནད་དོན་ལ་བདེན་པས་ཞིབ་འཇུག་བྱས་ཏེ། ཁོང་ལ་མནར་གཅོད་གཏོང་མཁན་རྣམས་ལ་ཉེས་ཆད་གཅོད་དགོས་པ་མ་ཟད། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐུས་མི་ཡིན་པ་དང་རྒྱལ་ཚོགས་ཀྱི་གྲོས་མཐུན་གཞིར་བཟུང་། ས་གནས་སྲིད་གཞུང་གིས་གྲྭ་བསྟན་འཛིན་ཉི་མ་ལགས་ཀྱི་ནང་མི་རྣམས་ལ་དྲང་བདེན་དང་གུན་གསབ་འཐུས་ཚང་ཞིག་སྤྲོད་དགོས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

འདི་གའི་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། སེལ་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོའི་རྒྱའི་གཞུང་ལས་ར་སྐོར་ནང་དུ་བོད་རང་བཙན་དགོས་སྐོར་གྱི་ཡིག་ཆ་གཏོར་བའི་གནས་ཚུལ་དང་འབྲེལ། སེར་ཤུལ་རྫོང་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས། རང་ལོ་ ༢༠ ཡིན་པའི་གྲྭ་ཀུན་གསལ་ལ་ལོ་  ༤ དང་། རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་བསྟན་འཛིན་ཉི་མ་འམ་རྟ་མེ། རང་ལོ་ ༡༨ ཡས་མས་ཀྱི་གྲྭ་བསོད་བཀྲ་ལ་ལོ་ ༣། རང་ལོ་ ༡༨ ཡས་མས་ཀྱི་གྲྭ་ཚུལ་ཁྲིམས་ལ་ལོ་ ༣ ། དེ་བཞིན། རྫ་དབོན་སྡེ་བའི་ཡུལ་མི་ཡོན་ཏན་དང་ཆོས་རྒྱལ་གཉིས་ལ་  ༤  བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་།  སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ཁྱོན་བོད་མི་ ༧ འཛིན་བཟུང་བཙན་ཁྲིད་བྱས་པའི་ཁྲོད་གྲྭ་ཤེར་རྒྱམ་ཀློད་གྲོལ་བཏང་ཡོད་པ་དང་། གྲྭ་ཉི་མ་ལགས་ཀྱི་བཙོན་འཇུག་ཁྲིམས་ཐག་ཕྱིར་བསྒྲགས་མ་བྱས་པར་གསང་བའི་བཞག་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་གྲོས་མཐུན་ཡིག་ཆ་ཁག་ལྟར་ན། མི་ཞིག་བཙོན་འཇུག་གི་གནས་སྟངས་དང་འབྲེལ་ནས་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་སྐབས་འཕྲལ་མར་ནུས་པ་ལྡན་ཞིང་དྲང་བདེན་གྱིས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༦ ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཁས་པས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་པའི་གནས་སྟངས་ལ་རང་དབང་ལྡན་པའི་ཞིབ་འཇུག་བྱེད་དགོས་པའི་སྐུལ་མ་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༣ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese