མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་བོད་མི་ ༩༡ ཙམ་ལ་ཏོག་དབྱིབས་འགོག་ཁྱབ་བརྒྱབ་ཟིན།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་བོད་མི་འཕྲོད་ལས་བ་སོགས་མི་གྲངས་ ༩༡ ཙམ་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་ཡང་ཟུར་སྐྱོན་སྡུག་པོ་བྱུང་མེད་པ་དང་འདས་པའི་བདུན་ཕྲག་གཅིག་ནང་བོད་མི་ཏོག་དབྱིབས་ནད་པ་ ༡༡ བྱུང་ཡོད་ཀྱང་འདས་གྲོངས་སུ་ཕྱིན་པ་གཅིག་ཀྱང་མི་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༣ པ་གནང་སྐབས། རྒྱ་གར་ནང་བོད་མི་གྲངས་ ༩༡ ཙམ་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་ཁྲོད་དུ། མགོ་ན་བ་དང་མགོ་ཡོམ་འཁོར་བ་སོགས་ཀྱི་ཟུར་སྐྱོན་གྱི་རྣམ་པ་སྡུག་པོ་ཅི་ཡང་བྱུང་མེད་ལ།  མི་མང་གིས་སྔོན་འགོག་སྨན་ཁབ་དེ་རྒྱག་མིན་དོ་བདག་སོ་སོའི་འདོད་མོས་ཡིན་སྐོར་བརྗོད་འདུག

གསལ་བསྒྲགས་སྐབས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། སྔོན་འགོག་སྨན་ཁབ་དང་འབྲེལ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བོད་མི་འདུས་སྡོད་ཁལ་དུ་སྔོན་འགོག་སྨན་ཁབ་དང་འབྲེལ་ནས་གནས་སྟངས་གང་འདྲ་ཡོད་མེད་དང་། གྲ་སྒྲིག་གང་འདྲ་ཡོད་མེད་ཐད་དྲ་ཐོག་གི་ཚོགས་འདུ་བང་བསྒྲིགས་ཡོད་པ་བཞིན། ད་སྔ་ལྷོ་སྤྱི་ཡི་གཙོས་ལྷོ་ཕྱོགས་ཀྱི་ས་གནས་མགོ་འཛིན་རྣམས་དང་སྨན་ཁང་འགན་འཛིན་ལྔ། དབུས་ས་གནས་གསུམ་གྱི་ས་གནས་མགོ་འཛིན་དང་སྨན་ཁང་འགན་འཛིན་བཅས་ལ་དྲ་ཐོག་ཏུ་ཚོགས་འདུ་འཚོགས་ཟིན་པ་དང་། རྒྱ་གར་གཞུང་གིས་སྨན་ཁབ་རྒྱག་པའི་ལས་རིམ་གྲ་སྒྲིག་ཞུ་བཞིན་ཡོད་པ་ལྟར། ས་གནས་ཁག་ཏུ་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་མཐུན་རྐྱེན་སྐྲུན་བཞིན་ཡོད་སྐོར་དང་། འཕྲོད་བསྟེན་ལས་ཁུངས་ནས་རྒྱ་གར་གཞུང་གི་ལས་རིམ་དེར་མཐུན་རྐྱེན་གང་དགོས་སྦྱོར་སྤྲོད་གནང་རྒྱུ་དང་། རིམ་བཞིན་མི་མང་ཁྲོད་དུའང་སྔོན་འགོག་སྨན་ཁབ་རྒྱག་གི་ཡོད་ཀྱང་། བརྒྱག་རྒྱུ་ཡིན་མིན་དོ་བདག་གི་འདོད་མོས་ཡིན་པ་ལས་ཨུ་ཚུགས་བྱ་རྒྱུ་མིན་སྐོར་བརྗོད་འདུག

ནད་པའི་གནས་སྟངས་སྐོར་ལ་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། འདས་པའི་བདུན་ཕྲག་གཅིག་གི་རིང་བོད་མི་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ ༡༡ བྱུང་ཡོད་པའི་ཁྲོད་བགྲེས་ཤོས་ལོ་ན་ ༨༦ དང་ཆུ་ཤོས་ལོ་ན་ ༣༨ ཡིན་པ་དང་། འདས་པའི་བདུན་ཕྲག་གསུམ་གྱི་རིང་བོད་མི་འདས་གྲོངས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་སྐོར་དང་། ད་ལྟ་རྒྱ་གར་གྱི་ས་གནས་ ༢༠ དང་བལ་ཡུལ་གྱི་ས་གནས་གཅིག་བཅས་སུ་ཟུར་བཀག་དུ་འདུག་མཁན་ཁྱོན་མི་གྲངས་ ༣༩༥  ཙམ་ཡོད་པ་དང་། ནུས་གསོའི་སྨན་གྲངས་ ༢༤༨༤༡ ལ་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད་པ། དེ་བཞིན་རྒྱ་གར་ནང་ས་གནས་ ༡༧ དང་བལ་ཡུལ་ནང་ས་གནས་ ༢ བཅས་སུ་ཁྱོན་མི་གྲངས་ ༢༦༡ ལ་བརྟག་དཔྱད་བྱས་ཡོད་སྐོར་བརྗོད་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས། ད་ལྟའི་སྔོན་འགོག་གྱི་སྨན་ཁབ་དེ་བརྒྱབ་ཚེ་ད་ལྟའི་ཏོག་དབྱིབས་གཉན་རིམས་འདི་དང་ཉེ་ལམ་ནད་འབུའི་རང་བཞིན་འགྱུར་བ་ཐེབས་པ་དེའང་སྔོན་འགོག་ཐུབ་པའི་སྙན་ཐོ་ཐོན་ཡོད་པ་དང་། ད་ལྟའི་སྨན་ཁབ་དེ་ཡིས་མ་འོངས་པར་ནད་ཡམས་དེ་སྔོན་འགོག་ཐུབ་ཀྱི་ཡོད་པ་ལ་བརྟེན་འཕྲོད་ལས་པ་ཚོས་བརྒྱབ་ཡོད་སྐོར་དང་། སྔོན་འགོག་སྨན་ཁབ་དེ་ཐེངས་གཉིས་ལ་རྒྱག་དགོས་པ་དང་། ཐེངས་དང་པོ་མ་འཕྲོད་མཁན་ཚོར་སྨན་ཁབ་གཉིས་པ་བརྒྱབ་རྒྱུ་མིན་པ་དང་། དུས་རྒྱུན་ནས་ལུས་ཁམས་ལ་མི་འཕྲོད་པའི་ན་ཚ་ (allergy) དང་ཚ་བ་ཡོད་པ། དེ་བཞིན་རྨ་སོགས་བཟོ་སྐབས་ཁྲག་རྒྱུན་ཆད་དཀའ་བ་ཅན། དེ་བཞིན་སྦྲུམ་མ་དང་འོ་མ་འཐུང་གི་ཡོད་པའི་ཨ་མ་སོགས་ཀྱིས་སྔོན་འགོག་སྨན་ཁབ་མི་རྒྱག་པའི་ལམ་སྟོན་ཡོད་སྐོར་དང་། ཡང་ཟུར་སྐྱོན་དང་འབྲེལ་ནས། མི་ཉུང་ཤས་ཞིག་ལ་མགོ་ན་བ་དང་རུས་ཟུག་རྒྱག་པ་སོགས་ཟུར་སྐྱོན་ཕྲན་བུ་ཡོང་སྲིད་སྐོར་དང་། སྨན་ཁབ་བརྒྱབ་རྗེས་ཆུ་ཚོད་ཕྱེད་ཀའི་ནང་ཚུད་དུ་ཛ་དྲག་གི་ཟུར་སྐྱོན་ཅི་ཡོད་ཤེས་རྟོགས་ཐུབ་ཀྱི་ཡོད་སྟབས། སྨན་ཁབ་རྒྱག་སར་དེའི་ཐད་གྲ་སྒྲིག་ཆ་ཚང་བྱས་ཡོད་སྐོར་འབྲེལ་བརྗོད་གནང་འདུག

གསལ་བསྒྲགས་ཐོག་བོད་ཀྱི་ལོ་སར་བསླེབ་ལ་ཉེ་བ་དང་བསྟུན་ཏོག་དབྱིབས་གཉན་རིམས་སྐོར་ལ་ལམ་སྟོན་གནང་སྐབས། ལོ་སར་སྐབས་བྱུང་ན་འགྲུལ་བཞུད་རིགས་ལ་འཛེམས་དགོས་པ་དང་། གལ་སྲིད་ངེས་པར་དུ་འགྲུལ་བཞུད་བྱེད་དགོས་བྱུང་ཚེ་ས་གནས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་པ་དང་། ས་གནས་སུ་འབྱོར་རྗེས་ས་གནས་ཀྱི་ཁྲིམས་སྒྲིག་དང་ལམ་སྟོན་ལ་ངེས་པར་བརྩི་སྲུང་དགོས་སྐོར་དང་། མུ་མཐུད་ལག་པ་འཁྲུད་པ་དང་ཁ་རས་གྱོན་དགོས་སྐོར་བརྗོད་འདུག

དེ་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། རྒྱལ་བལ་གཉིས་ཀྱི་ནང་ད་ལྟ་བར་དུ་ཁྱོན་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༡༩༤༠ བྱུང་ཡོད་པའི་ཁྲོད་དྲག་སྐྱེད་བྱུང་བ་གྲངས་ ༡༤༣༠ དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༣༧། ནད་མནར་འོག་ཡོད་མཁན་གྲངས་ ༢༣ ཙམ་ཡོད་འདུག དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཁྱོན་བོད་མི་གྲངས་ ༢༡༣ བྱུང་བའི་ཁྲོད་དྲག་སྐྱེད་བྱུང་བ་གྲངས་ ༡༦༥ དང་རྐྱེན་འདས་སུ་ཕྱིན་པ་ ༩། ནད་མནར་འོག་ཡོད་པ་གྲངས་ ༣༩ ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese