མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་བ་ཚོར་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་དེང་དུས་ཀྱི་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་ཐུབ་པའི་ནུས་པ་དང་འཛམ་གླིང་ཞི་བདེ་བསྐྲུན་པར་རམ་འདེགས་བྱ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས།

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩  སྟེང་ལྡི་ལིར་རྟེན་གཞི་བྱས་པའི་དབྱིན་ཇིའི་སློབ་གྲྭས་ (The British School in New Delhi)  གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་ནས་སློབ་གྲྭ་དེའི་སློབ་མ་རྣམས་ལ་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་ཀྱི་སྐོར་ལ་བཀའ་སློབ་དང་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་བཅས་བསྩལ་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་དེ་རིང་རྒྱ་གར་གྱི་སློབ་ཕྲུག་གཙོ་བོར་གྱུར་བའི་སློབ་མ་མང་པོ་ཞིག་ལ་ཐུག་རྒྱུ་བྱུང་བར་དགའ་པོ་བྱུང་། ངོས་རང་ཆུང་བྱིས་པའི་དུས་ནས་རྒྱ་གར་གྱི་རིག་གཞུང་ལ་སློབ་སྦྱོང་བྱས་པའི་ཉམས་མྱོང་ཡོད་པས། ངོས་རང་གི་ཀླད་པའི་ནང་གི་རྡུལ་ཕྲན་ཆ་ཚང་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ཀྱིས་ཁེངས་བསྡད་ཡོད་པ་དང་ངོས་རང་གི་ཚེ་གང་བོ་རྒྱ་གར་གྱི་འབྲས་དང་ལྡ་ལི་ཡིས་འཚོ་བསྡད་ཡོད་པར་བརྟེན། ངོས་རང་རྒྱ་གར་གྱི་བུ་ཕྲུག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལོ་མང་པོའི་རིང་ཚན་རིག་པ་དང་མཉམ་དུ་གྲོས་མོལ་ཞུས་པའི་ཐོག་ནས། ང་ཚོར་ཡོད་པའི་རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་དག་དད་པ་དང་ཡིད་ཆེས་གཙོ་བོ་མ་ཡིན་པར་རྒྱུ་མཚན་ལྡན་ཞིང་རིག་པའི་ལམ་ནས་གཏན་ལ་འབེབས་དགོས་པའི་རིག་གཞུང་བཟང་པོ་ཞིག་ཡིན་པར་ངོས་འཛིན་གསལ་པོ་བྱུང་སོང་།

ངོས་ལ་ལོ་ངོ་ ༤༠ ཙམ་གྱི་རིང་དེང་དུས་ཀྱི་ཚན་རིག་པ་མཉམ་དུ་གྲོས་མོལ་ཐེངས་མང་བྱུང་ཡོད་པ་རེད།  ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བའི་ཐོག་ནས་ཚན་རིག་པ་ཚོ་ཞེ་དྲགས་ཀྱི་གཏིང་ཟབ་པོ་རེད་ལ་མུ་མཐུད་ནས་ཞིབ་འཇུག་གནང་བཞིན་པ་རེད། ཡིན་ནའང་། ནང་བསམ་པའི་འགྲོ་སྟངས་སྐོར་ལ་དེང་དུས་ཀྱི་ཚན་རིག་པ་ཚོས་ཞེ་དྲགས་ཤེས་ཀྱི་མ་རེད། དེར་བརྟེན། རྒྱ་གར་གྱི་གནའ་རབས་རིག་གཞུང་གི་བསམ་བློའི་སྐོར་དང་སེམས་ཀྱི་ཚོར་བ་ཕྲ་རགས་སྐོར་ལ་འགྲེལ་བཤད་རྒྱས་པོ་ཡོད་པ་རེད། སངས་རྒྱས་ཀྱི་གཞུང་དུ་ཉོན་མོངས་དང་དགེ་བའི་བློ་དེ་ཚོ་རྒྱུ་དང་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་སྐྱེ་ཡི་ཡོད་པའི་སྐོར་ཞིབ་ཚགས་པོས་གསུངས་ཡོད། དེར་བརྟེན། ཚན་རིག་པ་དང་ལྷན་དུ་གྲོས་མོལ་གནང་དུས། ཚན་རིག་པ་ཚོར་ང་ཚོའི་བསམ་བློའི་སྐོར་དང་སེམས་ཕྲ་རགས་ཀྱི་འགྲོ་སྟངས་འགྲེལ་བཤད་བརྒྱབ་པ་དང་། ལྷག་པར་དུ་ཉོན་མོངས་ཅན་གྱི་མི་དགེ་བའི་བློ་ལ་གདོང་ལེན་བྱེད་སྟངས་སྐོར་ལ་འགྲེལ་བརྗོད་གནང་དུས། ཁོང་ཚོས་ཡི་རངས་གནང་གི་འདུག  འདི་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་རིག་གཞུང་ཆགས་ཀྱི་ཡོད། ལོ་ངོ་སྟོང་ཕྲག་གསུམ་གོང་ནས་རྒྱ་གར་ནང་ལ་འཚེ་མེད་ཞི་བ་དང་བྱམས་པའི་ཉམས་ལེན་གྱི་གོམས་གཤིས་རྒྱུན་ཆགས་སུ་ཡོད་པ་རེད། འཚེ་བ་ནི་ལུས་དང་ངག་གི་སྒོ་ནས་གཞན་ལ་འཚེ་བའི་བྱ་བ་ལ་ཟེར། དེ་འདྲའི་འཚེ་བའི་བྱ་བ་ཡོང་བ་ནི་ཀུན་སློང་ལ་རག་ལས་ཀྱི་ཡོད། དེར་བརྟེན་ཀུན་སློང་ལ་བྱམས་པ་ཡོད་ན་འཚེ་བ་མེད་པའི་སྤྱོད་པ་དང་ཁོང་ཁྲོའི་ཀུན་སྤྱོད་ལྟ་བུ་ཡོད་ན་ལུས་ངག་གི་སྒོ་ནས་འཚེ་བ་ཅན་གྱི་སྤྱོད་པ་ཞིག་ཐོན་གྱི་ཡོད། ཅེས་གསུངས།

ཡང་༧གོང་ས་མཆོག་གིས། ངོས་ནས་དུས་རྒྱུན་དུ་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་དེང་དུས་ཀྱི་སློབ་སྦྱོང་གཉིས་ཟུང་འབྲེལ་དུ་འཁྱེར་ཐུབ་པའི་ནུས་པ་དེ་རྒྱ་གར་རང་ལ་ཡོད་པ་དང་། དེང་རབས་ཀྱི་རྒྱ་གར་སྤྱི་ཚོགས་ནང་གནའ་རབས་རྒྱ་གར་གྱི་རིག་གཞུང་དེ་ལ་འཐུས་ཤོར་ཏོག་ཙམ་ཕྱིན་ཡོད་པ་རེད། དེ་ཡང་དེང་དུས་ཀྱི་སློབ་སྦྱོང་ལ་ཡར་ཐོན་ཕྱིན་པས་རེད། དཔེར་ན་དུས་རབས་སྔ་མའི་ནང་ལ་གྷན་དྷི་ཕེབས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་འཛམ་གླིང་ཡོངས་ལ་མིག་དཔེ་སྟོན་ཐུབ་པ་བྱུང་ཡོད། དེ་བརྟེན། ཁྱེད་རང་ཚོ་རྒྱ་གར་གྱི་མི་རབས་གསར་པ་ཡིན་པས་སེམས་ཀྱི་ཞི་བདེ་གང་འདྲ་བསྐྲུན་དགོས་ཀྱི་ཡོད་མེད་དང་བྱམས་བརྩེ་དང་འབྲེལ་ནས་ཉམས་ལེན་གང་འདྲ་བྱེད་དགོས་ཡོད་མེད། དེ་ཡང་གཙོ་བོ་རྒྱུ་མཚན་ལ་བརྟེན་པ་ལས་ཡིད་ཆེས་དང་དད་པ་ཙམ་ལ་བརྟེན་པ་མ་ཡིན་པ་དེ་འདྲའི་ཐབས་ལམ་ཞིག་ཁྱེད་ཚོས་འཛམ་གླིང་ཡོངས་ལ་མིག་དཔེ་སྟོན་ཐུབ་པའི་ནུས་པ་ཡོད། དུས་རབས་གསར་པའི་ནང་དུ་རྒྱ་གར་གྱིས་སོ་སོའི་གནའ་རབས་ཀྱི་རིག་གཞུང་ལ་འཐུས་ཤོར་ཕྱིན་པ་འདི་ཕྱོགས་གཅིག་ནས་ཞུས་ན་བློ་ཕམ་པའི་གནས་ཚུལ་ཞིག་ཆགས་ཀྱི་འདུག དེར་བརྟེན་ཁྱེད་རང་ཚོ་རྒྱ་གར་གྱི་མི་རབས་གསར་པ་ཆགས་ཡོད་དུས། རྒྱ་གར་གནའ་རབས་ཀྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་རིག་གཞུང་དེ་ལ་དམིགས་བསལ་དོ་སྣང་བྱེད་དགོས་ཀྱི་ཡོད། ཅེས་གསུངས།

རྒྱ་གར་གྱིས་འཛམ་གླིང་ཞི་བདེ་བསྐྲུན་པར་རམ་འདེགས་བྱེད་པའི་གོ་སྐོར་ཡོད་སྐོར་ལ་༧གོང་ས་མཆོག་གིས། དུས་རབས་ ༢༡ ནང་རྒྱ་གར་བ་ཚོས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་བཟོ་གནང་བའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ཞིག་ཏན་ཏན་ཡོང་གི་རེད། དེ་ཡང་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་སྐོར་ལ་ཞབས་འདེབས་ཞུ་ཐུབ་པ་ཡོང་གི་རེད། ནང་སེམས་ཀྱི་ཞི་བདེ་ཡོད་ན་འཛམ་གླིང་ཞི་བདེ་ཟེར་བ་དེ་ཡོང་གི་ཡོད། ཕྱིའི་གོ་མཚོན་ཉུང་དུ་གཏང་རྒྱུ་ནི་ཞེ་དྲགས་ཀྱི་གལ་ཆེན་པོ་རེད་ལ་གཙོ་བོ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་དང་། རྒྱ་གར་གྱིས་འཛམ་གླིང་གི་ཞི་བདེ་ལ་གཟེངས་སུ་ཐོན་པའི་རོགས་རམ་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། ང་ཚོ་བོད་པའི་འཐབ་རྩོད་སྐབས་ཐོག་མར་ཞི་མོལ་གྱི་ལམ་ནས་མ་གཏོགས་འཁྲུག་པ་བརྒྱག་ནས་སེལ་རྒྱུའི་ཐབས་ཤེས་བསྟན་མེད་པ་དང་། རྒྱ་གར་ནང་དུ་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད། འོན་ཀྱང་གྲོས་མོལ་ཞུས་ཏེ་ནང་པའི་ནང་དུ་ཆ་བཞག་ནའང་མི་མཐུན་པའི་ལྟ་གྲུབ་མང་པོ་ཡོད་པས་ཕན་ཚུན་ལྟ་གྲུབ་ཀྱི་ཐོག་ལ་བགྲོ་གླེང་ཤུགས་ཆེན་པོ་གནང་གི་ཡོད་པ་རེད། འདིས་ང་རང་ཚོ་མིའི་བསམ་བློ་འདི་གུ་ཡངས་དང་ཕན་ཚུན་རྒྱུ་མཚན་ར་སྤྲོད་གཏོང་གི་ཡོད་པ་ཞིག་སྟོན་གྱི་ཡོད། ཅེས་གསུངས།

དེ་ནས་དྲི་བ་དྲིས་ལན་སྐབས། ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་མདུན་ལམ་དང་སེམས་ཁམས་ཀྱི་གནས་སྟངས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པས། ང་ཚོའི་སྤྱི་ཚོགས་སྔར་རྒྱུན་བཞིན་ཡོང་ཐུབ་པའི་རེ་བ་གཟིགས་ཀྱི་ཡོད་སྐོར་དྲིས་པར་༧གོང་ས་མཆོག་གིས། ནད་ཡམས་འདི་ཆ་མཚོན་པ་ཡིན་ན། ང་རང་ཚོར་གནས་ཚུལ་ཐོག་མར་བྱུང་བ་ཞིག་མ་རེད། སྤྱིར་བཏང་ང་རང་ཚོ་འཛམ་གླིང་གི་ལོ་རྒྱུས་ནང་ན་ཚའི་རིགས་འདྲ་མིན་བྱུང་བསྡད་ཡོད་པ་རེད། ད་ལྟའི་དཀའ་ངལ་འདི་སྤྱིར་བཏང་མིན་པར་རྒྱལ་སྤྱིར་ཁྱབ་པའི་དཀའ་ངལ་ཆགས་ཀྱི་ཡོད་པ་རེད། ད་ལྟ་ནད་ཡམས་ཀྱི་དཀའ་ངལ་ཡོད་པའི་སྐབས་ཚན་རིག་པ་དང་སྨན་པ་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་སུ་ནུས་པ་བཏོན་ཏེ་གདོང་ལེན་གནང་གི་ཡོད་ལ་མུ་མཐུད་ནས་གནང་རོགས་གནང་། ད་དུང་ཚན་རིག་པ་དང་སྨན་པ་ལ་སོགས་པའི་ནད་པའི་སྨན་ཞབས་ཚོས་ནད་ཡམས་ལ་གདོང་ལེན་གནང་བའི་ཐོག་ནས་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་ཡོད། དེ་ཡང་རྒྱ་གར་གྱི་ཚན་རིག་པ་དང་སྨན་པ། ནད་པའི་ཞབས་ཞུ་བ་དང་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་སྨན་པ་སོགས་ཟུང་འབྲེལ་གྱིས་ཐོག་ནས་ནད་ཡམས་ལ་གདོང་ལེན་གནང་གི་ཡོད། དེར་བརྟེན། དཀའ་ངལ་འདི་འདྲ་འཕྲད་པའི་སྐབས་སུ་ང་ཚོས་ནང་སེམས་ཀྱི་སྙིང་སྟོབས་དེ་རྩ་བ་ཉིད་ནས་ཞུམ་རྒྱུ་མེད། སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་གདོང་ལེན་གནང་དགོས་པའི་བཀའ་ལན་གནང་།

གཞན་ཡང་སེམས་ཀྱི་འཕྲོད་བསྟེན་འཕེལ་རྒྱས་དང་གནས་ཚུལ་གང་འདྲ་བྱུང་ནའང་དེ་ལ་བསམ་བློ་བཟང་ཕྱོགས་ཁོ་ནའི་ཐོག་གནས་ཐབས་གང་འདྲ་བྱ་དགོས་སྐོར་དྲིས་པར་༧མགོན་པ་གང་ཉིད་མཆོག་གིས། ང་རང་ཚོའི་གཟུགས་པོའི་འཕྲོད་བསྟེན་འདི་སེམས་ཁམས་དང་འབྲེལ་བ་ཆེན་པོ་ཡོད། སེམས་ཞི་བདེ་བག་ཕེབས་ངང་ནས་གནས་ཡོད་ན། དེའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་འདི་རང་བཞིན་གྱིས་ཡག་པོ་བྱུང་གི་རེད། སེམས་ནང་དངངས་སྐྲག་ཤུགས་ཆེན་པོ་ཡོད་ན། དེས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་རེད་ལ་གཟུགས་པོའི་འབྱུང་བ་འཁྲུག་འགྲོ་ཡི་ཡོད། རྒྱ་གར་གྱི་གནའ་རབས་མཁས་དབང་ཞིག་གིས་གསུངས་པའི་ནང་དཀའ་ངལ་འཕྲད་ཡོང་དུས། དེར་གདོང་ལེན་བྱེད་པའི་ཐབས་ཤེས་ཡོད་མེད་དཔྱད་པ་བྱ་དགོས། གལ་སྲིད་ཐབས་ཤེས་ཡོད་ན། སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་དཀའ་ངལ་དེར་གདོང་ལེན་བྱེད་དགོས། གལ་སྲིད་དཀའ་ངལ་དེ་བཅོས་ཐབས་མེད་པ་ཡིན་ན། སེམས་ཁྲལ་དང་དངངས་སྐྲག་མི་བྱེད་པར་དངོས་ཡོད་གནས་ཚུལ་རེད་བསམ་ནས་དེ་ལ་དྭངས་ལེན་བྱ་དགོས། དེ་ཡང་འདིའི་སྐོར་ལ་སེམས་ཁྲལ་རྒྱ་ཆེན་པོ་མི་བྱེད་པར་སེམས་པ་ལྷོད་ལྷོད་དང་སེམས་ཞུམ་པ་མེད་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།

བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist