མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོ་མཉམ་གཅིག་ཏུ་གནས་དགོས་ཀྱི་ཡོད་པས་དགའ་སྐྱིད་ངང་གནས་ཐུབ་ན་ཡག་པོ་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱི་ཡོངས་ནས་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་གྱི་གནས་སྟངས་ཡར་རྒྱས་སུ་འགྲོ་བཞིན་ཡོད་ནའང་ད་དུང་མུ་མཐུད་ཆོས་ལུགས་ཀྱི་དབུ་ཁྲིད་དང་མཁས་དབང་། ཚན་རིག་པ་སོགས་འདུ་འཛོམས་བྱས་ཏེ་ནུས་ཤུགས་འཕར་མ་བརྒྱག་དགོས་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་གྱི་ཐོག གྲོང་ཁྱེར་སྟོབས་ལྡན་ཁག་གི་ཟུང་འབྲེལ་ཚོགས་པ་ (Strong Cities Network) ཞེས་པའི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་རྒྱལ་ཁབ་འདྲ་མིན་གྱི་གྲོང་སྡེའི་སྤྱི་ཁྱབ་འགའ་ཞིག་དང་ལྷན་དུ་བྱམས་བརྩེ་ཅན་གྱི་མགོ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་མོལ་དང་དྲི་བར་བཀའ་ལན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་རིགས་ཚང་མ་མཉམ་གཅིག་ཏུ་འཚོ་གནས་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་། ང་ཚོའི་བསམ་བློ་གཏོང་སྟངས་དེ་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་བྱེད་དགོས་སྐོར་གསུངས་འདུག

གསུང་མོལ་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེང་སྐབས་འཛམ་གླིང་འདིའི་ཐོག་དཀའ་ངལ་མང་པོ་ཞིག་ཡོད་པ་དང་། དེ་དག་ཕལ་ཆེ་བ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཤ་སྟག་ཡིན་པར་བརྟེན། དཀའ་ངལ་དེ་དག་སེལ་བར་མིའི་རིགས་ལ་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པ་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་ཏེ་གོ་ལ་ཚ་འགྱུར་གྱི་དཀའ་ངལ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་དཀའ་ངལ་སོགས་ཀྱི་ཐད་འགྲོ་བ་མིའི་རིགས་ཡོངས་ཁྱིམ་མི་གཅིག་ཡིན་པའི་འདུ་ཤེས་ཡོད་པའི་ཐོག་སེལ་ཐབས་བྱེད་དགོས་སྐོར་དང་། དུས་རབས་ཉི་ཤུ་པའི་སྐབས་ཀྱི་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་པའི་བྱེ་བྲག་ཏུ་བཀར་བའི་བསམ་བློ་རྙིང་བ་དོར་དེ་འགྲོ་བ་མི་གཅིག་ཡིན་པའི་འདུ་ཤེས་དགོས་སྐོར་དང་། དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ནང་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་ཁོང་ཁྲོ་དང་སྡང་སེམས་སོགས་འདུལ་བའི་སེམས་ཀྱི་ཤེས་བྱ་དགོས་པ་དང་། ནང་སེམས་དང་འབྲེལ་བའི་སློབ་གསོའི་ཐོག་གྲོང་ཁྱེར་སྟོབས་ལྡན་ཁག་གི་ཟུང་འབྲེལ་ཚོགས་པས་ཀྱང་ནུས་པ་འདོན་ཐུབ་སྐོར་སོགས་གསུངས་འདུག

དྲི་བ་དྲིས་ལན་སྐབས་འདས་པའི་ལོ་ཤས་རིང་འཛམ་གླིང་ཁྱོན་ཡོངས་སུ་ལྟ་གྲུབ་སོགས་ཀྱི་དབང་གིས་མིའི་དབར་འགལ་བ་ཆེན་པོ་ཡོང་བཞིན་ཡོད་པ་དང་། འགལ་བ་དེ་དག་སེལ་ཐབས་ཅི་ཡོད་བཀའ་འདྲི་ཞུ་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱི་ཚོར་སྣང་ལ་ཆོས་ལུགས་སོགས་ཕན་ཚུན་དབར་དབྱེ་འབྱེད་བྱེད་པའི་གནས་སྟངས་ནི་དུས་རབས་སྔོན་མ་དག་དང་བསྡུར་ན་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་རེད། སྔོན་ཆད་རྒྱལ་པོ་དང་རྒྱལ་མོ། ཆོས་ལུགས་ཀྱི་མགོ་འཁྲིད་དག་གིས་དབང་ཤུགས་སྤྱད་དེ་ཆོས་ལུགས་སྤེལ་བ་སོགས་བྱེད་ཀྱི་ཡོད་པ་རེད། ད་ལྟ་དེ་ལྟ་བུའི་གནས་སྟངས་དེ་ཡོངས་སུ་འགྱུར་བ་ཐེབས་ཚར་བ་རེད། ཆོས་ལུགས་ཕན་ཚུན་དབར་ལ་ཞི་མཐུན་ཡོད་པ་དང་། དེའི་དཔེ་མཚོན་ནི་རྒྱ་གར་ཆགས་ཡོད་པ་རེད། ངོས་ཀྱིས་རྒྱ་གར་ནང་ཤི་ཡ་དང་སུ་ནི་གཉིས་ཀྱི་དབར་གྱི་རྩོད་རྙོག་གི་གནད་དོན་སྐོར་ལ་གོ་ཐོས་བྱུང་མྱོང་མེད། སྤྱི་ཡོངས་ནས་གནས་སྟངས་ཡར་རྒྱས་སུ་འགྲོ་བཞིན་ཡོད་ནའང་། ད་དུང་མུ་མཐུད་ཆོས་ལུགས་ཀྱི་དབུ་ཁྲིད་དང་མཁས་དབང་། ཚན་རིག་པ་སོགས་འདུ་འཛོམས་བྱས་ཏེ་ནུས་ཤུགས་འཕར་མ་བརྒྱག་དགོས་པ་རེད། ཅེས་གསུངས་སོང་།

དེའི་རྗེས་དྲི་བ་དྲིས་ལན་སྐབས་ཁེ་ན་ཌའི་ཁལ་གྷ་རི་ (Calgary) གྲོང་སྡེའི་སྤྱི་ཁྱབ་ན་ཧིཌ་ནེན་ཤི་ (Naheed Nenshi) ལགས་ཀྱིས་འདི་ལོར་གྲོང་སྡེའི་དེའི་ནང་བོད་མི་བཙན་བྱོལ་དུ་བླངས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་སྐོར་ཞུས་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁེ་ན་ཌ་ནི་འཛམ་གླིང་ཐོག་བོད་རིགས་བཙན་བྱོལ་བ་མང་པོ་སྡེབ་གཅིག་ཏུ་ལེན་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པ་དང་། ངོས་རང་ཊོ་རོན་ཊོ་ (Toronto) གྲོང་ཁྱེར་ལ་ཐེངས་མང་ཕྱིན་པ་དང་། དེར་བོད་པ་མང་པོ་ཡོད་པ་རེད། ཁོང་ཚོ་སྤྱི་ཚོགས་དེའི་ནང་ཞི་འཆམ་ངང་གནས་འདུག གཞི་རྩའི་ཆ་ནས་ང་ཚོ་བོད་མི་བཙན་བྱོལ་བ་ཚོ་གང་དུ་གནས་ཀྱང་ས་གནས་ཡུལ་མི་ཡིས་བོད་མི་ཚོ་ནི་ཞི་བ་དང་ལས་ལ་བརྩོན་པོ་ཡོད་པའི་བསྔགས་བརྗོད་བྱེད་ཀྱི་འདུག ཅེས་པ་དང་། ཡང་བོད་མི་རེ་ཟུང་གིས་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་སྲིད་ནའང་། སྤྱི་ཡོངས་ནས་བོད་མི་ཚོ་ཧ་ཅང་ཞི་བདེ་ཡོད་པ་རེད། བོད་མི་གང་ཟག་རེ་ཟུང་གིས་མི་གསོད་ཀྱི་ནག་ཉེས་བྱས་པ་ཡིན་ན། བོད་མི་བཙན་བྱོལ་བ་ཚོ་ངན་པ་ཡིན་པའི་སྣང་ཚུལ་དེ་བཟོ་མིན་ཉན་པ་རེད། ཅེས་སོགས་དང་ཁེ་ན་ཌ་གཞུང་གིས་བཙན་བྱོལ་བོད་མིར་རོགས་རམ་གནང་བར་ཐུགས་རྗེ་ཆེ་གསུངས་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ད་ལྟ་ཨ་རིའི་སྲིད་འཛིན་གསར་པ་སླེབས་པ་ལ་བརྟེན་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་ཡར་རྒྱས་འགྲོ་བཞིན་པའི་སྣང་ཚུལ་ཞིག་ཡོང་གི་ཡོད་པ་ནི་འགྱུར་བ་ཧ་ཅང་ཡག་པོ་ཞིག་ཡིན་པ་དང་། དུས་རབས་སྔོན་མ་དག་དང་འདྲ་བར་དམག་ཤུགས་སྤྱོད་པའི་དུས་ནི་ཡོལ་ཟིན་སྟབས། འགྲོ་བ་མིའི་རིགས་ཚང་མ་མཉམ་གཅིག་ཏུ་འཚོ་གནས་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་། ང་ཚོའི་བསམ་བློ་གཏོང་སྟངས་དེ་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་བྱེད་དགོས་པ། དེ་བཞིན་དགྲ་བོ་ཟེར་བ་དེ་རྩ་བ་ཉིད་ནས་མེད་པ་བཟོ་ཐབས་མེད་པར། དེར་དགའ་རུང་མ་དགའ་རུང་མཉམ་གཅིག་ཏུ་གནས་དགོས་ཀྱི་ཡོད་སྟབས། ཕན་ཚུན་དབར་དགའ་སྐྱིད་ངང་གནས་ཐུབ་ན་ཡག་པོ་ཡོད་པ་ལས། ཕན་ཚུན་དབར་སྡང་སེམས་བཅིངས་ནས་བསྡད་ན་ཕན་ཐོགས་མེད་སྐོར་སོགས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

མཆན། 1

  1. Asanga says:
    ལོ་ 2 སྔོན།

    ད་དུང་མུ་མཐུད་ཆོས་ལུགས་ཀྱི་དབུ་ཁྲིད་དང་མཁས་དབང་། ཚན་རིག་པ་སོགས་འདུ་འཛོམས་བྱས་ཏེ་ནུས་ཤུགས་འཕར་མ་བརྒྱག་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist