མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀིརྟི་རིན་པོ་ཆེ་མཆོག་ནས་མཛད་པའི་སློབ་དེབ་ ༦༩ དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འགྲོ་སོང་ཆ་ཚང་བཏང་སྟེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་མཛད་པའི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ལོ་ཆུང་རྣམས་ལ་སྔོན་འགྲོ་ནས་འཛིན་གྲྭ་དགུ་པ་བར་གྱི་སློབ་དེབ་ ༦༧ དང་དེའི་མཉམ་དུ་སློབ་དེབ་གཉིས་བཅས་ཁྱོན་སློབ་དེབ་ ༦༩ དབུ་འབྱེད་གནང་སོང་།

དེ་རིང་ཕྱི་དྲོར་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་དང་འབྲེལ་ཏེ་བཀའ་ཤག་ལྷན་འཛོམས་ཀྱི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་རིས་མེད་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ལོ་ཆུང་རྣམས་ཀྱི་ཆེད་དུ་རྩོམ་སྒྲིག་མཛད་པའི་སློབ་དེབ་བློ་གསལ་མགུལ་རྒྱན་པར་ཐེངས་གཉིས་པ་དབུ་འབྱེད་གནང་སོང་བ་དང་། དབུ་འབྱེད་ཐོག་སློབ་དེབ་བློ་གསལ་མགུལ་རྒྱལ་མཛད་དགོས་པའི་དམིགས་ཡུལ་དང་བརྗོད་དོན་བཅས་ཀྱི་ཐོག་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེངྒེ་ལགས་ཀྱིས། བོད་ཕྱི་ནང་གི་དགོན་སྡེ་ཁག་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གཞོན་སྐྱེས་རབ་བྱུང་ཕོ་མོ་རྣམས་ལ་སློབ་སྦྱོང་འཐུས་སྒོ་ཚང་བ་ཞིག་དང་། ལྷག་པར་དུ་དེང་སང་གི་དུས་སྐབས་དང་འཚམ་པའི་ཤེས་ཡོན་གྱི་དགོས་མཁོ་ཆ་ཚང་ཞིག་ཡོང་ཐུབ་མིན་དེ། ཆོས་བརྒྱུད་དང་དགོན་སྡེ་བྱེ་བྲག་པ་གཅིག་ལ་རག་ལས་ཀྱི་མེད་པར། བོད་མི་རིགས་ཀྱི་བསྟན་སྲིད་དང་བཅས་པའི་རྩ་ལག་ཐུག་ས་ཆ་ཚང་བ་གནས་སྟངས་དེར་ཐུག་ཡོད་དུས། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ནང་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་རྣམས་ཚད་དང་ལྡན་ཞིང་བརྒྱུད་རིམ་ཡོད་པའི་ཤེས་ཡོན་གྱི་ཐོག་ནས་གསོ་སྐྱོང་བྱེད་དགོས་ཀྱི་རེད། ཡིན་ནའང་། བོད་ཀྱི་ལོ་རྒྱུས་སྤྱི་དང་ཤེས་ཡོན་གྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། ཆོས་བརྒྱུད་སོ་སོའི་མཐོ་རིམ་གྱི་སློབ་གསོ་འཐུས་སྒོ་ཚང་བ་ཞིག་ཡོད་ནའང་། དེ་ལ་སྔོན་འགྲོའི་རྨང་གཞིའི་ཤེས་ཡོན་སྤྲོད་ཐབས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་བ་ཞིག་དང་། སློབ་དེབ་གོ་རིམ་ལྡན་པ་མེད་པའི་སྟོང་ཆ་ཆེན་པོ་ཞིག་ལྷགས་བསྡད་ཡོད། དེར་བརྟེན་༧སྐྱབས་མགོན་ཀིརྟི་རིན་པོ་ཆེས་སྟོང་ཆ་དེ་བསྐོང་བའི་ཆེད་དང་གཞོན་སྐྱེས་རབ་བྱུང་ཕོ་མོ་རྣམས་ལ་ཤེས་ཡོན་ཆ་ཚང་བ་ཡོང་ཆེད་སློབ་དེབ་བློ་གསལ་མགུལ་རྒྱན་འདི་ཉིད་མཛད་ཡོད་པ་རེད། ཅེས་བརྗོད་སོང་།

དེའི་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སློབ་དེབ་བློ་གསལ་མགུལ་རྒྱན་མཛད་དགོས་པའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ཁྱད་ཆོས་ཆ་ཚང་ལྡན་པའི་ཐོག་ནས་དེང་རབས་ཀྱི་ཤེས་ཡོན་ཡང་དགོས་གལ་ཆེན་པོ་ཡོད་པ་དང་། བཙན་བྱོལ་དུ་ཡོང་བའི་རྩ་དོན་ནི་མི་ཐོག་ནས་མི་ཐོག་སོ་སོའི་སྐད་ཡིག་དང་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པས་སློབ་གྲྭ་ཁག་མང་པོ་ཞིག་བོད་པའི་སློབ་གྲྭ་རང་བཙུགས་ཏེ། བོད་པའི་སྐད་ཡིག་དང་རིག་གནས་བསླབ་ཀྱི་ཡོད་རེད་ལ་བསླབ་དགོས་ཀྱི་ཡོད་རེད། ད་དུང་ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༣ ཉིན་མཱ་སུ་རིའི་སློབ་གྲྭ་དང་པོ་སྒོ་འབྱེད་གནང་བའི་སྐབས་༧གོང་ས་མཆོག་གིས། བོད་པའི་གཞོན་སྐྱེས་ཕོ་མོ་ཡོངས་རྫོགས་ཀྱིས་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་འདབ་གཤོག་གཉིས་ལྡན་དགོས་པའི་བཀའ་སློབ་གནང་བ་སོགས་ལ་གཞི་བཞག་པའི་ཐོག་ནས། བཙན་བྱོལ་ནང་གི་དགོན་པ་དང་སློབ་གྲྭར་སློབ་དེབ་དང་བསླབ་གཞི་གཏན་འབེབས་མེད་པ་དང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགོན་པའི་གྲྭ་བཙུན་རྣམས་ཀྱི་ཆེད་དུ་སྔོན་འགྲོ་ནས་འཛིན་གྲྭ་དགུ་པ་བར་དུ་ཁྱོན་བསྡོམས་པའི་སློབ་དེབ་ ༦༧ དང་དེའི་མཉམ་དུ་སློབ་དེབ་གཉིས་བརྩམས་གནང་བ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་གྲོན་ཆ་ཚང་བཏང་བའི་ཐོག་སློབ་དེབ་རེ་རེ་པར་སྐྲུན་གྲངས་༡༠༠༠ བྱས་ཡོད་པ་དང་དགོན་པ་དང་དགོན་པའི་སློབ་གྲྭ། དེ་བཞིན་གཞི་རིམ་སློབ་གྲྭ། དེ་མིན་རིག་གནས་ཀྱི་སྡེ་ཚན་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་དང་སློབ་གྲྭ་དེ་ཚོར་རིན་མེད་འགྲེམས་སྤེལ་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ། སློབ་དེབ་བློ་གསལ་མགུལ་རྒྱན་གྱི་སློབ་གསོའི་རིན་ཐང་སྐོར་ལ་སྲིད་སྐྱོང་བཟང་སེང་གེ་མཆོག་གིས། ཉེ་བའི་ཆར་བོད་པའི་སློབ་གྲྭ་འགྲིམ་མཁན་གྱི་བོད་ཕྲུག་ཚོར་བསམ་བློ་གཏོང་སྟངས་ཀྱི་ཆ་ནས་དཀའ་ངལ་མང་པོ་འཕྲད་ཀྱི་འདུག གཞིས་ཆགས་ཁག་ལ་སྐོར་སྐྱོད་དུ་འགྲོ་སྐབས་ཕ་མ་ཚོས་སྡུག་བསྔལ་བཤད་དུ་ཡོང་གི་འདུག ཕྲུ་གུ་ཚོ་སེམས་ཁམས་ཀྱི་རྐྱེན་པས་ཕྱིར་མི་ཐོན་པར་ནང་ལ་འཛུལ་ནས་སྡོད་ཀྱི་ཡོད་སྐོར་དང་། ཕ་མའི་ངོས་ནས་རང་གི་བུ་ཕྲུག་དེ་ཉིན་གང་སྲུང་ནས་སྡོད་དགོས་ཀྱི་ཡོད་སྐོར་བཤད་བྱུང་། ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་ལ་སླེབས་ནས་དཔལ་འབྱོར་དང་མཐུན་རྐྱེན་ཐད་ནས་བཟང་དུ་འགྲོ་ཡོད་ལ། སློབ་གྲྭ་ཁག་ཏུའང་ཟབ་སྦྱོང་མང་པོ་རག་ཡོད་ཀྱང་། ཕྲུ་གུའི་སེམས་ཁམས་ཀྱི་གནས་སྟངས་དེ་སྐྱོ་རུ་འགྲོ་ཡི་ཡོད་པ་ལྟ་བུ་འདུག ཅེས་དང་། ད་ཐེངས་ཀིརྟི་རིན་པོ་ཆེ་མཆོག་ནས་མཛད་པའི་སློབ་དེབ་འདིའི་ནང་གཞི་རྩའི་སྲོལ་རྒྱུན་གྱི་སློབ་གསོའི་ཐོག་ཡ་རབས་བཟང་སྤྱོད་དང་ལས་རྒྱུ་འབྲས། སྐྱེ་བ་ཕྱི་མ་སོགས་ཚང་མ་ཡོད་སྟབས། ང་ཚོར་ལས་རྒྱུ་འབྲས་དང་བྱམས་བརྩེ་སོགས་ཕྱི་དངོས་པོ་ལས་འདས་པའི་བཟང་སྤྱོད་ཀྱི་སློབ་གསོ་འདུག ཅེས་གསུངས་སོང་།

སྔོན་འགྲོ་ནས་འཛིན་གྲྭ་ ༩ པའི་བར་ཁྱོན་དེབ་གྲངས་ ༦༨ ཡོད་པའི་སློབ་དེབ་བློ་གསལ་མགུལ་རྒྱན་དེ་ཉིད་ཕྱི་ལོ་ ༢༠༡༧ ལོར་པར་འགྲེམས་ཐོག་མ་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༧ ཚེས་ ༡༢ ཉིན་ཀིརྟིའི་བྱེས་པ་གྲྭ་ཚང་ཕྱག་བཏབས་ནས་མི་ལོ་ ༢༥ འཁོར་བའི་མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞལ་འབྱེད་གནང་ཡོད་པ་དང་། ད་ཐེངས་ཆོས་རིག་ལས་ཁུངས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་རྒྱུའི་ལས་གཞིའི་ངོ་བོའི་ཐོག་ནས་པར་སྐྲུན་གྱི་འགྲོ་གྲོན་བཏང་སྟེ། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། རང་སྐྱོང་སྡེ་ཚན། ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་དང་སློབ་གྲྭ་བཅས་ལ་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

སྐར་མ ༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese