མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྨན་པའི་ལམ་སྟོན་ལ་ཉན་དགོས་པ་ལས་འགོག་ཁབ་དཀྲོག་གཏམ་ལ་ཉན་མི་རུང་བའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཤར་ཁུལ་དང་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་དང་ས་གནས་ཁག་ཅིག་གི་སྨན་པ་དང་འཕྲོད་ལས་པ་སོགས་མི་གྲངས་ ༡༥༢ ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་ཚར་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༤ སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་རྒྱ་གར་རྒྱལ་ཡོངས་ནང་འཛམ་གླིང་ཐོག་རྒྱ་ཁྱབ་ཆེ་བའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རྒྱག་མགོ་བཙུགས་ཏེ། དྷ་ས་དང་མོན་གྷོ་འདོད་རྒུ་གླིང་། མེའོ་ཆོས་འཕེལ་གླིང་། ཨོ་ཌི་ཤ་སྨན་ལྷ་སྨན་ཁང་། འབིར་བཅས་ནས་སྨན་པ་དང་འཕྲོད་ལས་པ་སོགས་མི་གྲངས་ ༡༥༢ ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་ཟིན་ཡོད་འདུག

གསལ་བསྒྲགས་སྐབས་ཡང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་སྒྲོན་(Namdon) ལགས་ཀྱིས། སྤྱི་ཚོགས་དྲ་ལམ་དུ་ཏོག་དབྱིབས་སྨན་ཁབ་སྐོར་ལ་དཀྲོག་གཏམ་དང་གནས་ཚུལ་རྫུན་མ་ལ་དོགས་ཟོན་གནང་དགོས་པ་དང་། མི་མང་ཡོངས་ནས་ས་གནས་སོ་སོའི་འཕྲོད་བསྟེན་གྱི་སྨན་པ་དང་སྨན་ཞབས་པས་ལམ་སྟོན་གནང་བར་ཉན་དགོས་སྐོར་འབོད་སྐུལ་གནང་བ་དང་སྦྲགས། ཏོག་དབྱིབས་སྨན་ཁབ་བརྒྱབ་ཚར་རྗེས་ཉིན་གཅིག་གམ་ཉིན་གཉིས་རིང་མི་ཁ་ཤས་ལ་སྨན་ཁབ་རྒྱག་སར་ན་ཟུག་ཆུང་ཆུང་དང་སྐྲངས་པ། དེ་བཞིན་ཚ་བ་དང་ཧབ་སྦྲིད་རྒྱག་པ་ལ་སོགས་པའི་ཟུར་སྐྱོན་ཡོང་གི་ཡོད་པ་མ་ཟད། འགོག་ཁབ་ཀྱིས་བརྒྱ་ཆ་བརྒྱ་ཏོག་ནད་སྔོན་འགོག་བྱེད་ཐུབ་ཀྱི་མེད་པས་ཡིད་གཟབ་གནང་རྒྱུ་གལ་ཆེ་ཤོས་ཡིན་སྐོར་བརྗོད་འདུག་ལ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལགས་ཀྱིས། ཏོག་དབྱིབས་སྨན་ཁབ་ཡོད་ཀྱང་ང་ཚོས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་གནས་སྟངས་དེར་སྣང་མེད་གཏོང་རྒྱུ་མེད་པ་དང་། བོད་ཀྱི་ལོ་གསར་སྐབས་ལའང་གཉན་རིམས་སྔོན་འགོག་བྱ་བར་ནན་ཏན་བྱས་ཏེ་འདུ་འཛོམས་ཆེན་པོའི་རིགས་ལ་འཛེམས་དགོས་སྐོར་བརྗོད་སོང་།

ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་མཚམས་གཅོད་ལགས་ཀྱིས། བདེ་སྐྱིད་གླིང་དང་དྷ་རམ་ས་ལ། (Mainpat) སྦེལ་ཀོབ་དང་ (Pandoh) གཞིས་ཆགས་ནས་བདུན་ཕྲག་འདིའི་ནང་དུ་ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་ ༥ ཐོན་ཡོད་པ་དང་། ད་དུང་ (Pandoh) ནས་ཡིན་པའི་བུད་མེད་ལོ་ ༦༩ སོན་པ་ཞིག་འདས་གྲོངས་སུ་ཕྱིན་སྐོར་དང་། རྒྱ་གར་དང་བལ་ཡུལ་དུ་གནས་པའི་བོད་མིའི་གྲངས་ ༣༦༢ ཟུར་བཀག་ཏུ་ཡོད་སྐོར་སོགས་བརྗོད་འདུག

རྒྱ་གར་དང་བལ་ཡུལ་ནང་ད་བར་དུ་ནད་གཞི་ཕོག་པའི་བོད་མི་གྲངས་ ༡༤༩༥ བྱུང་བའི་ཁྲོད་ནས་མི་ ༡༤༤༠ དྲག་སྐྱེད་དང་། མི་ ༣༨ འདས་གྲོངས། ད་ལྟ་ནད་ཀྱིས་མནར་བཞིན་པ་ ༡༧ ཡོད་འདུག དེ་མིན་གྱི་ཕྱི་རྒྱལ་ཁག་ནང་ནད་གཞི་ཕོག་པའི་མི་གྲངས་ ༢༡༣ དང་། དྲག་སྐྱེད་བྱུང་བ་ ༡༦༥། འདས་གྲོངས་ཕྱིན་པ་ ༩། ད་ལྟ་ན་བཞིན་པ་ ༣༩ ཡོད་འདུག

བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist