མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་པ་གླིང་རྒན་གསོ་ཁང་ནས་ཏོག་དབྱིབས་ནད་པ་ ༡༣ ཐོན་རྐྱེན་གླིང་སྐོར་གནས་སྐབས་བཀག་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་རྒྱལ་རི་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་འཁོགས་མི་གྲངས་ ༥༠ དང་ལས་བྱེད་ཆ་ཚང་ལ་བརྟག་དཔྱད་བྱས་རྗེས་རྒན་འཁོགས་ ༡༡ དང་ནད་གཡོག་ ༡ བཅས་ད་བར་དུ་ཁྱོན་མི་གྲངས་ ༡༣ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་ཤེས་རྟོགས་བྱུང་འདུག

ཁེ་ཉིན་ཕྱི་ཚེས་ ༣༠ ཉིན་དྷ་རམ་ས་ལའི་ལྷ་རྒྱལ་རི་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་འཁོགས་ ༡༢ དང་ནད་གཡོག་གཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་བཞིན་ཉེ་སྔོན་རྒྱ་གར་སྨན་ཁང་ནས་བྱམས་པ་གླིང་གི་རྒན་འཁོགས་ཤིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྟབས། རྒན་གསོ་ཁང་གི་ཉེ་འཁོར་སྨི་ ༥༠ མཚམས་ཀྱི་ས་ཁུལ་ཡོངས་རྫོགས་ཉེན་སྲུང་ས་ཚིགས་སུ་བཟོས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༤ བར་གླིང་སྐོར་དུ་མི་འགྲོ་རྒྱུའི་འབོད་སྐུལ་གནང་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གི་བདེ་དོན་ཚན་པའི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་སུ་གཉན་རིམས་འགོས་རྐྱེན་དང་ཇི་ལྟར་ཤེས་རྟོགས་བྱུང་ཡོད་མེད་དྲིས་པར་ཁོང་མོས། དུས་རྒྱུན་བདུན་ཕྲག་རེར་སྨན་པ་ཞིག་རྒན་གསོ་ཁང་ལ་ཆེད་བཅར་གྱིས་རྒན་འཁོགས་རྣམས་ལ་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་ནའང་། འདི་ལོར་གཉན་རིམས་ཀྱི་རྐྱེན་པས་ཡུན་རིང་བརྟག་དཔྱད་བྱེད་ཐུབ་མེད་པ་དང་། ཉེ་ལམ་རྒན་འཁོགས་ཁྲོད་ཆམ་རིམས་ཕོག་མཁན་མང་དུ་ཕྱིན་པའི་གནས་ཚུལ་བྱུང་བར་བརྟེན། ཕྱི་ཟླ་ ༡ ཚེས་ ༢༨ ཉིན་རྒན་གསོ་ཁང་གི་འབྲེལ་ཡོད་ལས་བྱེད་དང་སྨན་ཞབས་པའི་འབོད་སྐུལ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་ཞིག་དེར་བཅར་ཏེ། རྒན་འཁོགས་རྣམས་ལ་ཏོག་དབྱིབས་གཉན་རིམས་ཡོད་མེད་ཀྱི་བརྟག་དཔྱད་དགོས་སྐོར་ལམ་སྟོན་གནང་བ་ལྟར། ཉིན་དེར་རྒན་གསོ་ཁང་གི་རྒན་འཁོགས་མི་གྲངས་ ༥༠ དང་ལས་བྱེད་ཆ་ཚང་ལ་བརྟག་དཔྱད་བྱས་རྗེས་རྒན་འཁོགས་ ༡༡ དང་། ནད་གཡོག་ ༡ བཅས་ཁྱོན་མི་གྲངས་ ༡༢ དང་། དེའི་ཐོག་ཉེ་ཆར་ནད་གཞི་ཞིག་གི་རྐྱེན་པས་རྒན་འཁོགས་ཤིག་རྒྱ་གར་སྨན་ཁང་དུ་བསྟེན་གཏུག་བྱེད་སྐབས། སྨན་ཁང་དེས་ཐོག་མར་གཉན་རིམས་བརྟག་དཔྱད་བྱས་འབྲས་སུ་གཉན་རིམས་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན། ད་ལྟའི་ཆར་བྱམས་པ་གླིང་རྒན་གསོ་ཁང་ནས་རྒན་འཁོགས་ ༡༢ དང་ནད་གཡོག་ ༡་བཅས་ཁྱོན་མི་གྲངས་ ༡༣ ལ་གཉན་རིམས་འགོས་ཡོད་འདུག ཅེས་བརྗོད་བྱུང་།

ཡང་ཁོང་མོས། ད་ལྟའི་ཆར་གཉན་རིམས་ཕོག་པའི་ནད་པའི་ཁྲོད་ནས་རྒན་འཁོགས་ ༡༠ དང་ནག་གཡོག་ ༡ དེ་རྒན་གསོ་ཁང་རང་དུ་ཟུར་བཀག་འོག་ཡོད་པ་དང་། གཞན་གཉིས་རྒྱ་གར་གཞུང་གི་ཊན་ཊ་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་སྐོར་དང་། དེ་བཞིན་ཁ་སང་ཕྱི་ཚེས་ ༣༡ ཉིན་དེ་སྔ་བརྟག་དཔྱད་བྱས་མེད་པའི་རྒན་འཁོགས་གཞན་རྣམས་དང་ནད་གཡོག་རྣམ་པའི་ནང་མི་རྣམས་ལ་བརྟག་དཔྱད་བྱས་ཏེ་བརྟག་འབྲས་དེ་རིང་འབྱོར་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། གལ་ཏེ་དེ་རིང་གི་བརྟག་འབྲས་ནང་ནད་པ་གཞན་ཐོན་ཚེ། རྒན་འཁོགས་རྣམས་སྣེ་ལེན་ཁང་དུ་ཡོད་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་ཟུར་བཀག་བྱ་གཏན་ཁེལ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་འདས་ལོའི་ཕྱི་ཟླ་ ༣ པ་ནས་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་འཁོགས་རྣམས་ཕྱིར་མི་ཐོན་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་། ལས་བྱེད་རྣམས་ཉིན་རེའི་དགོས་མཁོའི་དབང་གིས་ཕྱི་ལ་འགྲོ་དགོས་ཀྱི་ཡོད་ནའང་། ནད་གཡོག་གཅིག་ལས་ལས་བྱེད་གཞན་ལ་གཉན་རིམས་འགོས་མེད་པ་དང་། ད་ལན་གྱི་ཏོག་དབྱིབས་གཉན་རིམས་ཀྱི་བྱུང་རྩ་ཅི་ཡིན་ཤེས་རྟོགས་མེད་པ་དང་། ཉེ་ལམ་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་འཁོགས་འདས་གྲོངས་སུ་ཕྱིན་པ་རྣམས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཡིན་མིན་དྲིས་པར། ཁོང་རྣམས་སྔར་ནས་ནད་གཞི་ཡོད་པ་ཤ་སྟག་ཡིན་པ་དང་། ཉེ་སྔོན་གྲོངས་པའི་རྒན་འཁོངས་དེའང་ཏོག་དབྱིབས་བརྟག་དཔྱད་སྐབས་གཉན་རིམས་མེད་པ་གཏན་ཁེལ་བྱུང་ཡོད་སྐོར་གསལ་བཤད་གནང་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese