མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སན་སུའུ་སྐྱིད་ལགས་འཛིན་བཟུང་བྱས་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ཀྱི་གཙོས་དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་དང་གནད་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཏེ་རྒྱལ་ཡོངས་ཀྱི་འབྲེལ་ལམ་ཡོངས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  འདས་ལོའི་ཕྱི་ཟླ་ ༡༡ ནང་འབར་མའི་དམག་གཞུང་གི་ཕྱོགས་གཏོགས་ཚོགས་པ་དང་ལྕམ་ཨང་སན་སུའུ་སྐྱིད་(Aung San Suu Kyi)ལགས་ཀྱིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་བར་འོས་བསྡུ་དང་འབྲེལ་བའི་རྩོད་རྙོག་འབྱུང་གི་ཡོད་པ་ལྟར།  ཁ་སང་འབར་མའི་དྲག་དམག་སྲིད་གཞུང་གིས། གློ་བུར་དུ་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨན་སན་སོའུ་སྐྱིད་ལགས་དང་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་གཙོས་སྲིད་དོན་པ་རྒན་གྲས་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ལོ་གཅིག་རིང་རྒྱལ་ཡོངས་ཛ་དྲག་གནས་སྟངས་འོག་སྡོད་དགོས་པའི་བཀའ་བཏང་ཡོད་པ་རེད།

ཁ་སང་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་གནད་ཡོད་མགོ་འཁྲིད་ཚོ་འཛིན་བཟུང་བྱས་པ་དང་འབར་མའི་རྒྱལ་ས་ནའེ་པེ་ཊའོ་ (Nay Pyi Taw) དང་གྲོང་ཁྱེར་གཙོ་བོ་ (Yangon) གཉིས་ཀྱི་སྲང་ལམ་དུ་དམག་མི་འགྲེམས་འཇོག་བྱས་པ་དང་བསྟུན། འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཚབ་ཏུ་ད་ལྟའི་འབར་མའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མེན་ཨན་ལིན་(Min Aung Hlaing ) ཟེར་བ་བསྐོས་ཏེ། སྲིད་དོན་གྱི་དབང་ཆ་ཡོངས་རྫོགས་ལ་ཁོས་སྟངས་འཛིན་བྱ་རྒྱུ་ཡིན་པ་དང་། ལོ་ ༡ རིང་འབར་མའི་མི་མང་ཡོངས་རྒྱལ་ཡོངས་ཛ་དྲག་གནས་སྟངས་འོག་སྡོད་དགོས་སྐོར་བསྒྲགས་ཡོད་པ་རེད།

ཨ་རི་དང་ཡུ་རོབ་མཐུན་ཚོགས། དབྱིན་ཡུལ། དེ་བཞིན་ཨོ་གླིང་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༢༠ ཡས་མས་ཀྱིས་འབར་མའི་དམག་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། དེ་ཡང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་བྷེ་ལིན་ཁན་  (Antony Blinken ) ལགས་ཀྱིས། ཨ་རི་འབར་མའི་མི་མང་གི་མངོན་འདོད་དུ་གྱུར་བའི་དམངས་གཙོ་དང་རང་དབང་། ཞི་བདེ་སོགས་ཀྱི་རྒྱབ་ཏུ་ལངས་ཀྱི་ཡོད། འབར་མའི་དམག་གཞུང་གིས་འཛིན་བཟུང་བྱས་པའི་དམངས་གཞུང་གི་མགོ་འཁྲིད་རྣམས་འཕྲལ་མར་ཀློད་གྲོལ་གཏོང་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་ཨོ་གླིང་ཕྱི་སྲིད་བློན་ཆེན་མཱ་རེ་སི་པའེ་ནེ་ (Marise Payne) ལགས་ཀྱིས། འབར་མའི་དམག་གཞུང་གིས་ཁྲིམས་ཀྱི་དབང་སྒྱུར་ལ་བརྩི་བཀུར་དང་། ཁྲིམས་འགལ་ཐོག་འཛིན་བཟུང་བྱས་པའི་དམངས་ཀྱི་མགོ་འཁྲིད་ཡོངས་འཕྲལ་དུ་ཀློད་གྲོལ་བཏང་སྟེ། ཁྲིམས་མཐུན་ངང་རྩོད་རྙོག་ཞི་འགྲིག་བྱ་དགོས་པའི་སྐུལ་མ་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ཇོན་སའེ་ཧྥི་ཊོན་  (John Sifton) ལགས་ཀྱིས། དམག་གཞུང་གིས་དམངས་ཀྱི་མགོ་འཁྲིད་ཚོར་ཐོག་མ་ཉིད་ནས་གོ་བརྡ་ཙམ་ཡང་སྤྲད་མེད་སྟབས། ད་རེས་གནད་དོན་འདིའི་ཐོག་ནས་འབར་མའི་ནང་སྔོན་མ་ནས་ཆབ་སྲིད་ཀྱི་རྩོད་རྙོག་ཅིག་ཡོད་པ་གསལ་བོ་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འབར་མའི་རྒྱལ་ས་གཙོས་གྲོང་ཁྱེར་ཆེ་ཁག་ཚང་མའི་ནང་། ཁ་པར་དང་གློག་ཀླད་སོགས་ཀྱི་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ། འབར་མ་ནང་ཁུལ་གྱི་གནས་ཚུལ་ཕྱིར་གྱར་རྒྱུ་ཁག་པོ་བཟོས་ཡོད་པ་དང་། གྲོང་ཁྱེར་ཆེ་ཤོས་ཡཱང་གྷོན་(Yangon) ནང་གི་མི་མང་པོས་རྒྱལ་ཡོངས་ཛ་དྲག་གི་བཀའ་ཁྱབ་འོག ཕྱིར་བསྐྱོད་ཆོག་གི་མེད་པའི་དཀའ་ངལ་ལ་བརྟེན་ནས་དངུལ་འདང་ངེས་ལེན་ཆེད་དངུལ་ཁང་དུ་འཚང་ཁ་རྒྱག་གི་ཡོད་པ་དང་། ད་ལྟ་ནས་རང་འགུལ་དངུལ་ལེན་འཕྲུལ་ཆས་ཁག་ཅིག་སྟོང་པ་ཆགས་པ་དང་འབར་མའི་དངུལ་ཁང་ཁག་མུ་མཐུད་སྒོ་ཕྱེ་རྒྱུ་ཡིན་མིན་སོགས་ངེས་གཏན་མེད་པ་རེད།

ཐེངས་འདིར་དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་འཁྲིད་ཚོ་འཛིན་བཟུང་བྱེད་དོན་ནི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་འབྲེལ་བ་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད། ལྕམ་ཨང་སན་སུའུ་སྐྱིད་ཀྱིས་སྣེ་འཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པར་གྲོས་ཚོགས་སྤྱི་ཡོངས་ཀྱི་སྲིད་སྟེགས་བརྒྱ་ཆའི་གྲངས་ ༨༣  ཐོབ་སྟེ། དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ནའང་། དམག་གཞུང་གིས་འོས་བསྡུའི་གྲུབ་འབྲས་དྲང་པོ་མ་བྱུང་བའི་རྒྱུ་མཚན་དྲངས་ཏེ། འབར་མའི་འོས་བསྡུའི་འགན་འཛིན་ (Hla Thein) ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་དང་། འབར་མའི་འོས་བསྡུ་ལྷན་ཁང་ནས་འོས་བསྡུའི་མཇུག་འབྲས་དང་འབྲེལ་བའི་སྐྱོན་འཛུགས་དེ་ནི་བདེན་པ་མིན་པ་དང་ངོས་ལེན་མ་ཞུས་པར་བརྟེན། ཉེ་ལམ་ནས་དམག་གཞུང་གིས་འོས་བསྡུ་དང་འབྲེལ་བའི་གནད་དོན་ཐད་དྲག་ཤུགས་བཀོལ་རྒྱུ་ཡིན་པའི་འཇིགས་སྐུལ་གཏོང་གི་ཡོད་པ་རེད།

ད་རེས་ནི་འབར་མའི་ནང་ཕྱི་ལོ་ ༢༠༡༡ ལོར་དྲག་དམག་སྲིད་གཞུང་གི་དབང་སྒྱུར་མཚམས་འཇོག་བྱས་ཏེ། དམངས་གཙོའི་ལམ་ནས་འོས་བསྡུ་བྱས་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༢༠ བསྟུད་མར་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་སྣེ་འཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་འབར་མའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་སྟེགས་ ༤༩༨ ལས་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་སྟེགས་ ༣༨༧ ཐོབ་པ་རེད།

ཕྱི་ལོ་ ༢༠༡༨ དང་ ༢༠༡༩ རིམ་པར་འབར་མའི་ནང་རོ་ཧིན་གྷ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་དང་འབྲེལ། ནུབ་ཕྱོགས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་མང་པོས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ལོ་ ༢༠༠༩ ལོར་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་ཕུལ་བའི་དཔྱོད་ཤེས་ཀྱི་བཙོན་པ་ཞེས་པའི་གཟེངས་རྟགས་ཕྱིར་བསྡུ་བྱས་ཡོད་པ་དང་། འཛམ་གླིང་གི་ཚད་མཐོ་ཤོས་ཀྱི་གཟེངས་རྟགས་སུ་ངོས་འཛིན་བྱེད་བཞིན་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་སོགས་ཀྱང་ཕྱིར་བསྡུ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese