མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་གྲོས་ཆོད་དོན་ཚན་གསུམ་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཤྲི་ལངྒའི་རྒྱལ་སའི་ནང་ཨེ་ཤ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པའི་ཐོག་རྒྱ་ནག་གཞུང་གིས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་འོས་མི་འདེམས་སྒྲུག་དང་ངོས་འཛིན་བྱས་ཚེ་བོད་མི་ཚོས་གཏན་ནས་ངོས་ལེན་བྱ་རྒྱུ་མེད་པ་དང་དུས་རབས་བརྒྱད་ཙམ་འགོར་ཟིན་པའི་བོད་མིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འགྲོ་ལུགས་ཐོག་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་འཚོལ་བ་དང་ངོས་འཛིན་ཞུ་དགོས་པ་སོགས་ཀྱི་གྲོས་ཆོད་བཞག་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་བས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡  ཚེས་ ༡༤ ཉིན་ཤྲི་ལངྒའི་ནང་འཚོགས་པའི་ཨེ་ཤ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་འདུག་ཡོད་ལ། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དང་། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤར་རྩེའི་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་རྣམ་གཉིས་དྲ་ལམ་ནས་མཉམ་ཞུགས་གནང་སྟེ། ཆོས་རིག་བཀའ་བློན་མཆོག་ནས་༧སྐུའི་ཡང་སྲིད་སྐོར་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ ༢༥ ཡི་འཐུས་མི་ཡོད་པའི་ཚོགས་ཆེན་དེའི་ཐོག གྲོས་ཆོད་དོན་ཚན་ཆེན་པོ་ ༡༨ བཞག་ཡོད་པ་དང་། དེའི་ཁྲོད་ཀྱི་གཅིག་ནི་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཡིན་པ་དེར་ནང་གསེས་དོན་ཚན་གསུམ་ཡོད་པའི་ནང་དང་པོའི་ནི། དགའ་ལྡན་ཕོ་བྲང་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་བཞིན་མུ་མཐུད་གནས་རྒྱུ་དང་། གཉིས་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཇི་ལྟར་ཕེབས་ཕྱོགས་ཀྱི་སྐུ་དབང་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཁོ་ནར་ཡོད་པ་དང་། བོད་མི་ཚོས་རྒྱ་ནག་གཞུང་གིས་ཡང་སྲིད་འོས་མི་འདེམས་སྒྲུག་དང་ངོས་འཛིན་བྱས་པའི་ཡང་སྲིད་ལ་ངོས་ལེན་ནམ་ཡང་མི་བྱ་རྒྱུ། དེ་བཞིན་དོན་ཚན་གསུམ་པ་དུས་རབས་བརྒྱད་ཙམ་འགོར་ཡོད་པའི་བོད་མིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འགྲོ་ལུགས་ཐོག་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་འཚོལ་བ་དང་ངོས་འཛིན་བྱེད་དགོས་པ་བཅས་བཀོད་འདུག

ཨེ་ཤ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དྲ་ལམ་བརྒྱུད་མཉམ་ཞུགས་གནང་སྟེ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་ནས་འདས་ལོའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ཚོགས་ཞུགས་སྐུ་ཚབ་ཡོངས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཁག་སྙན་སྒྲོན་ཞུས་ཡོད་པ་མ་ཟད། ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་གཙོས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པ་ནི་བློ་འཚབ་སྐྱེ་གཞི་ཞིག་དང་། དེ་བཞིན་ཨེ་ཤ་ཡའི་ས་ཁུལ་གཞན་ཁག་གི་ཆོས་དད་རང་དབང་གི་ཆེད་དུ་རྒྱབ་སྐྱོར་དང་གྲོས་ཆོད་ཁག་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ ༡ ཚེས་ ༡༤ ཉིན། ཤྲི་ལངྒའི་རྒྱལ་སའི་ནང་ཨེ་ཤ་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་དྲ་ལམ་བརྒྱུད་འཚོགས་ཡོད་པ་དང་།  ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཤྲི་ལངྒའི་སྲིད་འཛིན་རཱ་ཇཱཔག་སཱ་ (Gotabaya Rajapaksa)མཆོག་ཕེབས་ཡོད་འདུག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན། ཤྲི་ལངྒའི་སྲིད་བློན་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ནས་འཚམས་འདྲི་གནང་ཡོད་འདུག ཚོགས་ཐོག་ཏུ་འཛམགླིང་ཞི་བདེ་སྐྲུན་ཐབས་དང་ཁོར་ཡུག་དང་འབྲེལ་བའི་གནད་དོན་དོན་ཁག་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་དབར་འདྲ་མཉམ་དང་ཆིག་སྒྲིལ་ཡོང་ཐབས་སོགས་ཀྱི་ཐོག་གོ་སྡུར་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese