མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷང་ལོར་ནས་བོད་མི་གཉིས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དྲ་ཐོག་བུན་གཡར་གྱི་ལས་གཞིའི་འོག་བོད་མི་གཉིས་ཚུད་པའི་མི་བཞི་ཡིས་གཞན་ལ་ཁྲིམས་འགལ་གནོད་སྐྱོན་བཏང་བའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཉིན་ཤས་སྔོན་དེ་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་ཧེ་ཌིར་བྷ་ཌི་གྲོང་ཁྱེར་ཉེན་རྟོག་པས། བོད་མི་གཉིས་ཚུད་པའི་མི་ ༤ འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོས་ལས་མི་ ༢༠༠ ཙམ་གླས་ཏེ་འབྲེལ་མཐུད་ཁང་(Call center)ཞེས་པ་ཞིག་བཙུགས་ཏེ་ཁ་པར་གྱི་མཉེན་ཆས་ ༡༩ ཙམ་བརྒྱུད། དྲ་ལམ་ནས་མི་གཞན་ལ་བརྙས་བཅོས་དང་གཉའ་ཕབ་པ་སོགས་ཀྱི་ཁྲིམས་འགལ་བྱས་པའི་ནག་ཉེས་བསགས་ཡོད་སྐོར་བརྗོད་འདུག

ཧེ་ཌིར་བྷ་ཌི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཉེན་རྟོག་དཔོན་ཨ་ཝི་ནཱ་ཤི་མའོ་ཧན་ཊའེ་ (Avinash Mohanty) ལགས་ཀྱིས། ང་ཚོས་བྷང་ལོར་དུ་གནས་སྡོད་པ་ནའེ་རན་ཇན་ (Niranjan Umapathi) དང་ཨའོ་ཤ (Usha)། དེ་བཞིན་བོད་མི་སྐྱབས་བཅོལ་བ་ཡེ་ཤེས་རྒྱ་མཚོ་དང་སྙིང་ལྕགས་དོན་འགྲུབ་ཞེས་པ་བཅས་འཛིན་བཟུང་བྱས་ཡོད། ཅེས་དང་། ཁོ་ཚོས་དྲ་ལམ་ནས་མི་གཞན་ལ་བུ་ལོན་གཡར་རྗེས། གཏན་འབེབ་བྱས་པའི་དུས་བཀག་ཉིན་གྲངས་ ༧ ནང་ཚུད་དུ་བུ་ལོན་སྤྲོད་མ་ཐུབ་ཚེ། བུན་གཡར་སྐབས་ཀྱི་ཐོག་མའི་ཆ་རྐྱེན་འོག་མཁོ་སྤྲོད་བྱས་པའི་མི་དེའི་གཉེན་ཉེ་འཁོར་གྱི་ཁ་པར་དང་ཡིག་ཟམ་སྟེང་། ཁ་པར་བཏང་བ་དང་ཡང་ན་འཕྲིན་ཐུང་བསྐུར་ཏེ་ངོ་ཚ་བོ་དང་། མི་ཚེར་གནོད་སྐྱོན་བཟོ་ཐབས་བྱས་ཡོད་སྐོར་བརྗོད་འདུག

ཉེན་རྟོག་ཁང་ནས་བསྒྲགས་པའི་གནས་ཚུལ་ནང་། ཁོ་ཚོ་བཞི་ཡིས་ཁྲིན་ཝའོ་ (Cheen Wu) དང་ཨན་ཌའི་ལའོ་ཝིན་ཇེ་ (Andy Lu Wenjie) ཟེར་བའི་རྒྱ་རིགས་ཚོང་པ་གཉིས་ཀྱི་ལག་འོག་ཏུ་ལས་ཀ་བྱས་ཡོད་པ་དང་། རྒྱ་རིགས་དེ་གཉིས་ཀྱིས་རྒྱ་གར་ནང་མཉམ་འདུས་ཁེ་ལས་ཁང་བཙུགས་རྗེས་ཕྱིར་རྒྱ་ནག་ལ་ལོག་ཡོད་པ་དང་། འཛིན་བཟུང་བྱས་པའི་ལས་མི་བཞི་དེར་ཟླ་རེར་ཁྱོན་ཧིན་སྒོར་འབུམ་ ༡ རེ་ཡི་གླ་ཆ་སྤྲོད་ཀྱི་ཡོད་འདུག

གཞན་ཡང་། ཟླ་སྔོན་མར་ལྷོ་ཕྱོགས་མངའ་སྡེ་ཊའེ་ལན་གྷ་ནའི་(Telangana) ནང་བུན་གཡར་གྱི་ལས་གཞི་སྤེལ་མཁན་རྒྱ་རིགས་ ༦ གཙོས་པའི་ལག་འོག་ལས་བྱེད་རྒྱ་གར་བ་སོགས་ཁྱོན་མི་གྲངས་  ༡༡ ཙམ་ཀྱིས་དྲ་ཐོག་ཁྲིམས་འགལ་གྱི་ལས་རིགས་སྤེལ་བའི་ཉེས་མིང་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཟླ་ ༡ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནང་བུན་གཡར་གྱི་ལས་གཞི་དང་འབྲེལ་ཏེ། རང་ལོ་ ༢༤ ཡིན་པའི་གཞོན་སྐྱེས་ཤིག་གིས། དུས་ཐོག་བུ་ལོན་སྤྲོད་མ་ཐུབ་པར་བརྟེན། བུ་ལོན་གཡར་མཁན་གྱི་གནོན་ཤུགས་འོག་རང་ཤི་བརྒྱབ་ཡོད་པ་དང་། ཉེ་བའི་དུས་ཡུན་ཐུང་ཐུང་ཞིག་གི་རིང་ནང་ཁྱོན་མི་ ༦ གིས་བུན་གཡར་གྱི་དཀའ་ངལ་འོག་རང་ཤི་བརྒྱབས་ཡོད་འདུག

སྤྱིར་བཏང་འཛམ་གླིང་ནང་དྲ་ཐོག་བུན་གཡར་ལས་གཞི་སྤེལ་མཁན་མང་པོ་ཡོད་པ་དང་། དྲ་ཐོག་ནས་བུ་ལོན་གཡར་ཚེ་སྐྱེད་ཀ་ཉུང་ཉུང་ཡིན་པ་མ་ཟད། དངུལ་གཡར་སྐབས་ཀྱི་བརྒྱུད་རིམ་སོགས་སྟབས་བདེ་བོ་ཡིན་པ་རེད། འོན་ཀྱང་། དྲ་རྒྱའི་རིག་གནས་དར་ཁྱབ་ཤུགས་ཆེན་འབྱུང་གི་ཡོད་པ་དང་བསྟུན། དྲ་ཐོག་བུན་གཡར་དང་འབྲེལ་མགོ་སྐོར་གཏོང་མཁན་ཡང་མང་པོ་འབྱུང་གི་ཡོད་པ་མ་ཟད། བུན་གཡར་དང་འབྲེལ་ནས་རང་སྲོག་འདོར་བ་སོགས་དོན་རྐྱེན་མང་དག་ཅིག་འབྱུང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese