མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་རྒྱབ་སྐྱོར་བྱ་རྒྱུ་མེད་པའི་ཞུ་སྐུལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་འཚོག་རྒྱུ་བྱས་པའི་མཇུག་འབྲས་ཀྱི་འགན་དེ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་ནས་འཁུར་དགོས་པ་མ་ཟད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་འགྲན་ཚོགས་དེར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་བྱེད་ཀྱི་འདུག

དེ་རིང་ཕྱི་ཚེས་ ༣ ཉིན་བཞུགས་སྒར་དྷ་སའི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔའི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་སྦྲགས། མེག་གྷན་བཞི་མདོ་རུ་ངོ་རྒོལ་འགྲེམས་སྟོན་ཞིག་ཀྱང་སོང་། དེ་རིང་ནས་བཟུང་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༦༠ ལྷག་གིས་རྒྱལ་ཁབ་ཁག་གི་སྲིད་གཞུང་རྣམས་ལ་ཞུ་ཡིག་ཐད་ཀར་ཕུལ་ཏེ། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་མི་བྱེད་པ་དང་མཉམ་ཞུགས་མི་བྱེད་པའི་ཞུ་སྐུལ་བྱེད་ཀྱི་ཡོད་སྐོར་བསྒྲགས་སོང་།

ཚོགས་པ་བཞིའི་གསར་འགོད་བསྒྲགས་གཏམ་དེའི་ནང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འཛིན་རྣམ་པས་བསྐྱར་དུ་རྒྱ་ནག་ནང་རྒྱལ་སྤྱིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་ཐག་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་གྱི་ཡོད་སྐོར་དང་། རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་སྣེ་ལེན་བྱེད་དུ་འཇུག་པ་དེ་ནི་རྒྱ་ནག་དམར་གཞུང་གི་བཙན་འོག་དུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྩ་གཏོར་དང་། མི་མང་སྡེབ་གསོད་ཀྱི་བྱ་སྤྱོད་ལ་བསམ་ཤེས་མ་བྱས་པ་ཞིག་དང༌། བཙན་གནོན་ཅན་གྱི་རྒྱལ་ཁབ་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཁྲིམས་མཐུན་ཞིག་ཡིན་པར་ངོས་འཛིན་བྱས་པ་དང་མཚུངས་སྐོར། དེ་བཞིན་རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུའི་ཐག་གཅོད་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་དང་། དེའི་མཇུག་འབྲས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་ནས་འགན་འཁུར་དགོས་པ་སོགས་བཀོད་འདུག

ཡང་བསྒྲགས་གཏམ་ནང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིང་ཕིན་གྱིས་བོད་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་ནང་བཙན་འཛུལ་དང་རྒྱ་སྐྱེད་བྱ་ཆེད། བོད་ཀྱི་གཙོས་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དོན་གཉེར་བ་རྣམས་ལ་སྔར་ལས་དྲག་གནོན་ཇེ་ཆེར་གཏོང་གི་ཡོད་པ་མ་ཟད། ཡུ་གུར་དང༌། ཤར་ཏུར་ཀི་སི་ཐན་གྱི་མི་སེར་ས་ཡ་ ༡།༨ ནས་ས་ཡ་ ༣ ཙམ་ལ་སློབ་གསོའི་མིང་ཐོག་ནས་ཉེས་མེད་བཀག་ཉར་བྱས་ཏེ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ། ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བའི་འོག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང༌། ཤེས་ཡོན་ཅན་རྣམས་ལ་དྲག་གནོན་དང་འཛིན་བཟུང་བྱེད་པ། ལྷོ་སོག་པོའི་མི་རིགས་ཀྱི་སྐད་དང་རིག་གཞུང་རྩ་མེད་བཟོ་བཞིན་པ། ཐའེ་ཝན་ལ་ས་མཚམས་ཀྱི་དཀའ་རྙོག་སློང་བ་དང་དྲག་དམག་སྤྱོད་རྒྱུའི་འཇིགས་སྐུལ་བྱེད་པ། རྒྱ་ནག་དམར་གཞུང་གི་དབང་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་དང༌། དམངས་གཙོ་དོན་གཉེར་བ། རྩ་རླུང་སྒོམ་སྒྲུབ་པ་དང་བུད་མེད་ཐོབ་ཐང་རྩོད་ལེན་པ་རྣམས་དམར་པོའི་སྲིད་གཞུང་ལ་ཉེན་ཁ་ཞིག་ཏུ་མཐོང་སྟེ། འཇིགས་སྐུལ་དང་བཙོན་འཇུག གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པར་གསལ་སྟོན་བྱས་ཀྱང༌། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ལ་སྤྲད་པ་ཕྱིར་འཐེན་མ་བྱས་ཚེ། རྒྱ་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཀྱི་འགན་འཁྲི་ཨོ་རྩལ་འགྲན་ཚོགས་ཀྱི་ད་ལྟའི་ལས་འཛིན་རྣམ་པར་ཡོད་པས་ཉེས་འཛུགས་བྱ་རྒྱུ་ཡིན་སྐོར་བཀོད་འདུག

རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་ཨོ་རྩལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དང་སྟབས་བསྟུན། རྒྱལ་སྤྱིའི་ཚོགས་པ་ ༡༦༠ ལྷག་གིས་མཉམ་འབྲེལ་བྱས་ཏེ་ཞུ་ཡིག་ཞིག་ཕུལ་ཡོད་པ་དང་། འགན་འཛིན་ལྷན་ཚོགས་དང་མཉམ་དུ་ཐད་ཀར་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད། ཚོགས་འདུ་དེ་བརྒྱུད་ད་ལྟའི་བོད་ནང་དང་ཡུ་གུར། དེ་བཞིན་ཧོང་ཀོང་སོགས་སྤྱི་ཡོངས་ཀྱི་དཀའ་ངལ་དང་། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་པེ་ཅིན་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་ཁབ་གཞན་ཞིག་ཏུ་འཚོག་དགོས་པ་ཞུས་ཡོད་ནའང་། ཨོ་རྩལ་འགྲན་ཚོགས་ཀྱིས་ཞུ་ཡིག་དེ་སྣང་མེད་དུ་བཞག་པ་མ་ཟད། རྒྱ་ནག་གཞུང་དང་ལག་འབྲེལ་བྱས་ཏེ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྟབས། དེ་རིང་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་ཁག་ལ་ཞུ་ཡིག་ཐད་ཀར་ཕུལ་ཏེ། ཐེངས་འདིའི་ཨོ་རྩལ་འགན་འཛིན་ལྷན་ཚོགས་ལ་རྒྱབ་སྐྱོར་མི་བྱེད་པ་དང་མཉམ་ཞུགས་མི་བྱེད་པའི་ཞུ་སྐུལ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

དེའི་རྗེས་གསར་འགོད་པས་ཕྱི་ལོ་ ༢༠༢༠ ནང་ཨོ་རྩལ་འགན་འཛིན་ལྷན་ཚོགས་ལ་ཞུ་གཏུག་གི་ལས་འགུལ་སྤེལ་བར་གྲུབ་འབྲས་གང་ཐོན་ཡོད་མེད་དྲིས་པར་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༩ པའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་བོད་དང་ཐའེ་ཝན། ཧོང་ཀོང་དང་ཡུ་གུར་སོགས་ཚོགས་པ་ ༡༦༠ ལྷག་གིས་མཉམ་འབྲེལ་བྱས་ཏེ་ཨོ་རྩལ་འགན་འཛིན་ལྷན་ཚོགས་ལ་ཞུ་ཡིག་ཕུལ་ཡོད་པར་བརྟེན། ཞུ་ཡིག་དེར་ནུས་པ་མ་འདྲ་བ་ཞིག་བྱུང་ཡོད་པ་དང་། ཕྱི་ཟླ་ ༡༠ པའི་ནང་ཨོ་རྩལ་འགན་འཛིན་ལྷན་ཚོགས་དང་མཉམ་དུ་ཐད་ཀར་ཚོགས་འདུ་ཞིག་འཚོགས་ཐུབ་པ་བྱུང་ཡོད་སྐོར་དང་། འགན་འཛིན་ལྷན་ཚོགས་ཀྱིས་ཞུ་ཡིག་ལ་སྣང་འཇོག་བྱས་མེད་ནའང་། ཕྱོགས་གཞན་ཞིག་ནས་འགན་འཛིན་ལྷན་ཚོགས་ལ་གནོན་ཤུགས་ཆེན་པོ་ཞིག་སླེབས་ཡོད་སྐོར། དེ་བཞིན་ཟླ་ཤས་གོང་དུ་འགན་འཛིན་ཐོ་མ་སི་བྷག་ (Thomas Bach) སྒེར་གྱིས་ཨོ་རྩལ་ལ་ངོ་རྒོལ་བྱས་ན་ཡག་པོ་མིན་ཚུལ་གྱི་རྩོམ་ཡིག་ཞིག་ཀྱང་སྤེལ་དགོས་བྱུང་ཡོད་པ་མ་ཟད། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཨོ་རྩལ་འགན་འཛིན་ལྷན་ཚོགས་ལ་ངོ་རྒོལ་བྱེད་དགོས་པའི་གྲོས་འཆར་ཞིག་བསླེབ་ཀྱི་ཡོད་སྐོར་དང་། འཛམ་གླིང་གི་སྲིད་གཞུང་ཁག་གིས་ཕྱི་ལོ་ ༡༩༣༦ ལོར་འཇར་མན་གྱི་ཨོ་རྩལ་རྩེད་འགྲན་གྱི་ཐོག་ནཱ་ཛི་ཡིས་ཇེའུ་མི་རིགས་རྩ་མེད་གཏོང་བཞིན་པའི་རྣམ་པ་བསྟན་པ་ལྟ་བུ་ཞིག་ཐེངས་འདིར་སྟོན་ཐུབ་དགོས་སྐོར་བརྗོད་བྱུང་།

ཁ་སང་ཕྱི་ཚེས་ ༢ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རིག་སི་ཀོ་ཊི་ (Rick Scott) ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་འགྲོ་བ་མིའི་ཐོབ་ཐང་ལ་ངོ་འཛིན་དང་གུས་བརྩི་བྱེད་མཁན་གྱི་རྒྱལ་ཁབ་ཞིག་གིས་གོ་སྒྲིག་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ་སོགས་ལ་བརྟེན། རྒྱལ་སྤྱིའི་ཨོ་རྩལ་འགན་འཛིན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་གྱི་གོ་སྒྲིག་བྱེད་མཁན་བསྐྱར་དུ་འདེམས་སྒྲུག་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese