མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱལ་ཚོགས་ཀྱི་རྒོལ་གཏམ་བཀག་འགོག་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་འབར་མའི་དམག་གཞུང་ལ་རྒོལ་གཏམ་སྒྲོག་རྩིས་བྱས་པར་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་དབང་ཆ་སྤྱད་དེ་རྒོལ་གཏམ་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་འབར་མའི་དྲག་དམག་སྲིད་གཞུང་གིས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་འཁྲིད་ཁག་ཅིག་འཛིན་བཟུང་བྱས་པར་བརྟེན། འཛམ་གླིང་རྒྱལ་ཁབ་མང་པོས་འབར་མའི་དྲག་དམག་སྲིད་གཞུང་ལ་སྐྱོན་བརྗོད་ཀྱིས། འཛིན་བཟུང་བྱས་པའི་མགོ་འཁྲིད་ཚོ་འཕྲལ་དུ་ཀློད་གྲོལ་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་ལྟར། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་ནས་འབར་མའི་དྲག་དམག་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་རྩིས་བྱས་པར། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་དབང་ཆ་སྤྱད་དེ་དགག་བྱ་བཏོན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་འབར་མའི་དྲག་དམག་སྲིད་གཞུང་ལ་རྒོལ་གཏམ་སྤེལ་ཐུབ་མེད་པ་རེད།

དེ་འབྲེལ་ཐད་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་སྟེང་། ཨང་སན་སུའུ་སྐྱིད་སོགས་འཛིན་བཟུང་བྱས་པའི་གནད་དོན་དེ་ནི་འབར་མའི་གཞུང་འཛིན་བློན་ཆེན་ནང་ཁུལ་གྱི་གོ་གནས་བཅོས་སྒྱུར་བྱས་པ་ཙམ་ཡིན་སྐོར་བརྗོད་ཡོད་པ་དང་། ད་ལྟ་འབར་མའི་དྲག་དམག་སྲིད་གཞུང་གིས། དམངས་གཙོ་ཡར་ཐོན་ཚོགས་པ་དང་འབྲེལ་ནས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་གཞུང་གི་ཆབ་སྲིད་མི་སྣ་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་རེད།

ཡང་ཁེ་ཉིན་ཚེས་ ༡ ལ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལགས་ཀྱིས། འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་ཀྱི་མགོ་འཁྲིད་དང་གཞུང་འཛིན་པ་ཚོ་འཛིན་བཟུང་བྱས་པ་དེས་ཐད་ཀར། འབར་མའི་དམངས་གཙོའི་འཕེལ་རིམ་དང་ཁྲིམས་ཀྱི་དབང་སྒྱུར་ལ་རྒོལ་རྡུང་བཏང་ཡོད།། ཅེས་སྐྱོན་བརྗོད་བྱས་པ་མ་ཟད། ཨ་རིས་འབར་མའི་དྲག་དམག་གཞུང་དང་དེ་འབྲེལ་གྱི་མགོ་འཁྲིད་ཚོར་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་འང་བཏང་ཡོད་པ་རེད་ལ། ཨ་རིའི་གཞུང་འབྲེལ་གྱི་བསྒྲགས་གཏམ་ནང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་མཉམ་འབྲེལ་གྱིས། འབར་མའི་དམག་གཞུང་ལ་གནོན་ཤུགས་སྤྲད་དེ། བཙན་འཕྲོག་བྱས་པའི་དབང་ཆ་མཚམས་འཇོག་དང་། འཛིན་བཟུང་འོག་ཡོད་པའི་མགོ་འཁྲིད་དང་ལས་འགུལ་བ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་ཐབས་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་ཡུ་རོབ་མཐུན་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་ ༢༠ ལྷག་གིས་འབར་མའི་དམག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཨང་སན་སུའུ་སྐྱིད་གཙོས་འཛིན་བཟུང་བྱས་དམངས་ཀྱི་མགོ་འཁྲིད་ཚོ་ཀློད་གྲོལ་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

བྷི་བྷི་སིའི་གནས་ཚུལ་ལྟར་ན། ཨང་སན་སུའུ་སྐྱིད་དང་ཆབ་སྲིད་ཀྱི་མགོ་འཁྲིད་གཙོ་གྲས་ཁག་འཛིན་བཟུང་བྱས་པ་དང་། ཨང་སན་སུའུ་སྐྱིད་ཀྱིས་སྣེ་ཁྲིད་པའི་འབར་མའི་དམངས་གཙོ་ཚོགས་པས། མང་ཚོགས་ནས་དྲག་དམག་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ད་ལྟ་འབར་མའི་གྲོང་ཁྱེར་ཁག་གི་སྲང་ལམ་ཡོངས་ཁུ་སིམ་མེར་སྟོང་ལྷིང་ངང་གནས་ཡོད་པ་རེད།

ལོ་བཅུའི་རྗེས་ནས་སླར་ཡང་འབར་མའི་དྲག་དམག་གིས་རྒྱལ་ཁབ་ཀྱི་དམངས་གཙོར་རྡོག་རོལ་གཏོང་གི་ཡོད་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་མགོ་འཁྲིད་ཁག་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་ལྟར། ད་རེབ་འབར་མའི་དྲག་དམག་གིས་ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་འོས་བསྡུར་མིག་དཔེ་བལྟས་ཏེ་འོས་བསྡུའི་གྲུབ་འབྲས་དྲང་པོ་མིན་པའི་རྒྱུ་མཚན་འོག་དམངས་ཀྱི་གཞུང་མགོ་རྟིང་སློག་པ་དང་། ཡང་དཔྱད་བརྗོད་པ་ཁག་ཅིག་གིས་ཕྱི་ལོ་ ༢༠༡༡ ནས་དྲག་དམག་སྲིད་གཞུང་གིས་དབང་སྒྱུར་མཚམས་འཇོག་གིས་ཨང་སན་སུའུ་སྐྱིད་ལ་སྲིད་ཀྱི་གོ་གནས་སྤྲད་དེ། རོ་ཧིན་གྷའི་རྩོད་རྙོག་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་དཀའ་ངལ་རིགས་སེལ་ཐབས་བྱས་པ་དང་། ད་ནི་ཨང་སན་སུའུ་སྐྱིད་སོགས་དམངས་གཙོ་ཚོགས་པའི་མགོ་འཁྲིད་ཁག་དགོས་མེད་དུ་མཐོང་སྟེ་འཛིན་བཟུང་བྱས་ཡོད་སྐོར་སོགས་རྗོད་ཀྱི་འདུག

འབར་མ་གཞུང་གིས་རོ་ཧིན་གྷ་ཁ་ཆེ་གྲང་ཉུང་མི་རིགས་རྩ་སྟོང་བཟོ་ཡི་ཡོད་པའི་གནས་སྟངས་འོག ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཀྱི་སློབ་སྟོན་པ་ཨང་སན་སུའུ་སྐྱིད་ཀྱིས་རྒྱལ་སྤྱིའི་དྲང་བདེན་ཁྲིམས་ཁང་དུ་འབར་མའི་ནང་རོ་ཧིན་གྷ་རྩ་སྟོང་བཟོ་ཐབས་བྱེད་ཀྱི་མེད་ལུགས་བརྗོད་དེ། མོས་སྣེ་ཁྲིད་པའི་འབར་མ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཅད་ཁྲར་ངོས་ལེན་བྱས་མེད་པར་བརྟེན། ཨང་སན་སུའུ་སྐྱིད་ཀྱིས་རྒྱལ་སྤྱིའི་སྟེང་གི་རང་ཉིད་ཀྱི་མཚན་སྙན་བརླག་པ་ཙམ་མ་ཟད། མོ་དང་མོའི་གཞུང་ལ་རྒྱལ་སྤྱིའི་སྟེང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༦ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese