མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་བཙན་བྱོལ་བོད་མིར་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་དུ་རྒྱ་ནག་གཞུང་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལས་འགུལ་སྤེལ་ཏེ་རྒྱ་བལ་གཉིས་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་ཐོག་འཆར་གཞི་ལྡན་པའི་ཐོག་ནས་གནོན་ཤུགས་སྤྲད་ཡོད་པ་དང་ཕྱི་ལོ་ ༢༠༡༩ ལོར་བོད་ནས་བལ་ཡུལ་དུ་འབྱོར་བའི་བོད་མི་ ༦ བལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲད་ཡོད་སྐོར་སྙན་ཐོ་བཏོན་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༤ ནས་ ༢༠༢༡ བར་རྒྱལ་སྤྱིའི་རང་དབང་ཁང་པས་མཐོང་ལམ་དུ་མེད་ཀྱང་སྙོབ་ཀྱི་མེད་པ་མིན་ (Out of Sight, Not Out of Reach) ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། སྲིད་གཞུང་ཁག་གིས་འཛམ་གླིང་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ (Transnational Repression) གྱི་ཐབས་ཇུས་འདྲ་མིན་སྤྱད་དེ། རང་དབང་དང་འདྲ་མཉམ། དམངས་གཙོ། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་དུ། སྲིད་དབང་སྒེར་གཅོད་ཀྱི་གཞུང་དང་གཞུང་གི་ཁ་གཏད་དུ་ལངས་མཁན་རྣམས། འཛིན་བཟུང་བཙན་འཁྲིད་ཀྱིས་ཁྲིམས་ཐག་གཅོད་པ་དང་། ལྐོག་གསོད་གཏོང་བ། བརྙས་བཅོས་བྱེད་པ། དེ་བཞིན། འཇིགས་སྐུལ་སོགས་གཏོང་གི་ཡོད་པའི་ཁྲོད། རྒྱ་ནག་འཛམ་གླིང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་སྡུག་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག

དེ་འབྲེལ་སྙན་ཐོའི་ནང་། རྒྱ་ནག་གིས་འཛམ་གླིང་ནང་ཆེས་མགོ་རྙོག་ཅན་གྱི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལས་འགུལ་སྤེལ་གྱི་ཡོད་པ་དང་། དམར་ཤོག་ཚོགས་པས་དྲག་གནོན་ལས་འགུལ་དེ་བརྒྱུད་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པའི་རྒྱ་རིགས་སྤྱི་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་བྱེད་པར་སྟངས་འཛིན་དང་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད། ཅེས་འཁོད་ཡོད་པ་དང་། རྒྱ་ནག་གི་དྲག་གནོན་ལས་འགུལ་སྤེལ་ཡུལ་ཁྲོད་གྲངས་ཉུང་མི་རིགས་དང་ཆོས་ལུགས་བྱེ་བྲག་པའི་སྡེ་ཁག འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་གསར་འགོད་པ། རྒྱ་ནག་གི་ཆབ་སྲིད་དང་འགལ་ཟླ་ཅན་གྱི་རིགས། དེ་བཞིན། ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཡོད་པའི་དམར་ཤོག་མགོ་འཁྲིད་ཟུར་པ་སོགས་ཡོད་པ་རེད།

ཡང་སྙན་ཐོའི་ནང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༤ ནས་ ༢༠༢༡ བར་ཕྱི་ཕྱོགས་རང་དབང་ལུང་པའི་ནང་གནས་པའི་མི་གྲངས་ ༢༡༤ ལ་ཐད་ཀར་དྲག་རྒོལ་བྱས་ཡོད་སྟབས། འཛམ་གླིང་ནང་རྒྱལ་མཚམས་ལས་བརྒལ་ཏེ་ཆེས་དྲག་གནོན་བྱེད་མཁན་ནི་རྒྱ་ནག་ཆགས་ཡོད་པ་དང་། རྒྱ་ནག་གིས་ཐབས་ཇུས་འདྲ་མིན་གྱི་ཐོག་ནས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་ཡུ་གུར། ཧོང་ཀོང་། དེ་བཞིན་དམར་ཤོག་ཚོགས་པའི་ཁ་གཏད་དུ་གྱུར་བའི་རྒྱ་རིགས་སོགས་ཀྱི་འགྲོ་འདུག་གི་རང་དབང་ལ་ཚོད་འཛིན་དང་། དྲ་ལམ་ནས་འཇིགས་སྐུལ་དང་བཙན་སྐུལ། གསང་ཞིབ་སོགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དང་འབྲེལ་འདྲིས་ཀྱིས་སྐྱབས་བཅོལ་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་ཡོང་ཐབས་སོགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་བཞིན། རྒྱ་ནག་གིས་དམིགས་བསལ་བཙན་བྱོལ་བོད་མིའི་ཐོག་དྲག་གནོན་གྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་ལ་སྙན་ཐོའི་ནང་། བལ་ཡུལ་ནས་རྒྱ་གར་དང་ཡུ་རོབ། ཨ་རི་སོགས་སུ་གནས་པའི་བཙན་བྱོལ་བོད་མི་ཚང་མར་རྒྱ་ནག་གིས་འཆར་གཞི་ལྡན་པའི་ངང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་འབྲེལ། རྒྱ་ནག་གི་གནོན་ཤུགས་འོག བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་སྟོང་ཕྲག་ཁ་ཤས་ནས་ལོ་རེར་མི་གྲངས་ཁ་ཤས་ལས་ཡོང་ཐུབ་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༡༩ ལོར་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ ༢༣ ལས་མེད་ཅིང་། ཡང་ལོ་དེར་བོད་མི་ ༦ བལ་ཡུལ་དུ་འབྱོར་ཡོད་ནའང་བལ་ཡུལ་གཞུང་གིས་ཕར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་དང་རྒྱ་ནག་བར་ས་མཚམས་དོ་དམ་གྱི་གྲོས་མཐུན་བཞག་ཡོད་སྟབས། བལ་ཡུལ་གཞུང་ནས་བོད་མི་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་འཁེལ་གྱི་ཡོད་སྐོར་དང་། འདས་ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་པད་མ་དར་རྒྱས་ཟེར་བས་ཨ་རིར་གནས་པའི་བོད་མིའི་ཐོག་གསང་མྱུལ་བྱས་ཡོད་པ་དང་། དེ་བཞིན། སི་ཝའེ་ཌན་དང་སུ་སིད། ཁེ་ན་ཌ་བཅས་ཀྱི་ནང་བོད་མིའི་ཐོག་རྒྱ་ནག་གིས་གསང་བའི་མྱུར་ཞིབ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གི་དྲག་གནོན་དང་གསང་བའི་མྱུལ་ཞིབ་ལས་འགུལ་དེས། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ ༣༦ ཙམ་ནང་གནས་པའི་རྒྱ་རིགས་དང་གྲངས་ཉུང་མི་རིགས་ས་ཡ་མང་པོར་གནོན་ཤུགས་ཐེབས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་ཕྱིན་པ་དང་བསྟུན། རྒྱ་ནག་གི་དྲག་གནོན་ལས་འགུལ་གྱིས། རྒྱ་རིགས་དམངས་གཙོའི་འཐབ་རྩོད་པ་ཙམ་མ་ཟད། མི་རིགས་གཞན་གྱི་མི་སེར་རྣམས་ལའང་གནོན་ཤུགས་སྤྲད་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲིམས་ཀྱི་དབང་སྒྱུར་དང་རྒྱལ་སྤྱིའི་ཁྲིམས་སྲོལ་དང་འགྲོ་ལུགས་སོགས་རྒྱ་ནག་རང་གི་མངོན་འདོད་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese