མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ད་དུང་བུད་མེད་མགོ་འཁྲིད་ཚོར་ཡིད་ཆེས་བྱེད་ཀྱི་མེད་པ་གང་རེད། 

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཁིར་སི་ཊིན་རོ། Christine Ro

བོད་སྒྱུར་བ། པ་སངས་ཚེ་རིང་། དུས་བབ།

དེང་སྐབས་འཛམ་གླིང་གི་ཆེས་མཐོའི་མགོ་འཁྲིད་གྲས་སུ་བུད་མེད་མང་པོ་སླེབས་ཀྱི་ཡོད་ནའང་། མི་མང་པོས་ད་དུང་བུད་མེད་ཀྱི་མགོ་འཁྲིད་ཀྱི་ནུས་པར་ཡིད་ཆེས་བྱེད་ཀྱི་མེད། ཕྱོགས་ལྷུང་གི་ལྟ་ཚུལ་དེ་དག་བག་ཆགས་ཀྱི་གཏིང་ལ་ཟུག་ཡོད་ཅིང་། འགྱུར་དཀའ་བ་ཞིག་ཀྱང་ཡིན་སྲིད།

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ པའི་ནང་། མ་ཡ་སན་དྷུ་ (Maia Sandu) ཡུ་རོབ་ཤར་མའི་རྒྱལ་ཁབ་མོལ་ཌོ་ཝ་ (Moldova) ཡི་བུད་མེད་སྲིད་འཛིན་ཐོག་མར་གྱུར་བ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་རེད། ཁོང་མོར་བུད་མེད་ཅིག་ཡིན་པའི་ངོས་ཐད་ནས་སྐྱོན་བརྗོད་དང་ཟུར་ཟ་དྲག་པོ་ཕོག་མྱོང་། འོན་ཀྱང་མཐར་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེ། ཁོང་མོ་ཙམ་དུ་མ་ཟད། འཛམ་གླིང་སྟེང་ན་མགོ་འཁྲིད་ཀྱི་གྲས་སུ་འཚང་བཞིན་པའི་བུད་མེད་ཡོངས་ཀྱི་རྒྱལ་ཁ་ཞིག་རེད། དུས་སྐབས་དེ་རང་ལ་ཨ་རིའི་མི་མང་གིས་ཀ་མ་ལ་ཧ་རི་སི་ (Kamala Harris) སྲིད་འཛིན་གཞོན་པར་བདམས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཁོང་མོ་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་བུད་མེད་མགོ་འཁྲིད་དབང་ཤུགས་ཆེ་ཤོས་དེར་གྱུར་བ་རེད།

དེ་ལྟར་ནའང་། བུད་མེད་ཚོ་དབང་ཤུགས་ཆེ་བའི་གོ་སར་ཐོན་བཞིན་ཡོད་མེད་ལ་མ་ལྟོས་པར། བུད་མེད་ཀྱི་མགོ་འཁྲིད་ཀྱི་ནུས་པར་ཡིད་ཆེད་མེད་པའི་བསམ་བློའི་འཁྱེར་གསོ་སྐྱོན་ཅན་དེ་མུ་མཐུད་ཡོད་མུས་རེད། ཉེ་ཆར་ཐོན་པའི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། གནས་སྟངས་དེ་འཇར་མ་ནི་དང་རྒྱ་གར་གྱིས་མཚོན་པའི་བུད་མེད་ཀྱིས་སྣེ་ཁྲིད་བྱས་མྱོང་བའི་རྒྱལ་ཁབ་ནང་དུའང་ཐོན་གྱིན་ཡོད་འདུག ས་ཁུལ་འདི་དག་ནང་མང་ཚོགས་ཤས་ཆེ་བས་རྒྱུ་མཚན་ཡང་དག་ཅིག་མེད་བཞིན་དུ་བུད་མེད་ཅིག་མགོ་འཁྲིད་དུ་སླེབས་རྒྱུར་འདོད་པ་བྱེད་ཀྱི་མེད། བུད་མེད་མགོ་འཁྲིད་ཚོས་ཐེག་པ་རིམ་འཛེགས་ཀྱི་གོ་ས་མཐོན་པོ་བླངས་པའམ། ཡང་ན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད་ནའང། ཁོང་ཚོས་དུས་རྒྱུན་དུ་བུད་མེད་ཡིན་པའི་ངོས་ཐད་ནས་སྐྱོན་བརྗོད་དང་ཟུར་ཟ་དྲག་པོའི་རིགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། དེ་ཡི་དཔེ་མཚོན་གཅིག་ནི། ཏོག་དབྱིབས་གཉན་རིམས་ཀྱི་དུས་སྐབས་སུ་འཛམ་གླིང་ཡོངས་ནས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་ཐོབ་སའི་ནེའུ་ཛི་ལན་ཌིའི་སྲིད་བློན་ཇ་སིན་ཌ་ཨར་ཌེན་ (Jacinda Arden) རེད།

ད་ལྟ་བུད་མེད་རྣམས་ལ་འོས་ཤོག་ཐོབ་ཀྱི་ཡོད་ནའང་། མང་ཚོགས་ཀྱི་ཡིད་ཆེས་མི་ཐོབ་པའི་རྒྱུ་མཚན་གང་རེད། དེར་རྒྱུ་མཚན་འདི་ཡིན་ཟེར་བ་ཞིག་མེད་ནའང་། ང་ཚོས་སྤྱི་ཚོགས་ཁྲོད་ཀྱི་སྣང་ཚུལ་དང་གནས་སྟངས་དག་ལ་གཞིགས་ཏེ་རྒྱུ་མཚན་དེ་འཚོལ་རྒྱུ་བྱ། “བུད་མེད་མགོ་འཁྲིད་གཅིག་གིས་སྤྱི་ཚོགས་འགྱུར་བ་གཏོང་གི་རེད་ཅེས་པ་དེ་ལྷ་སྒྲུང་ཞིག་རེད།”དབྱིན་ཡུལ་གྱི་ཀན་ཊར་ཞིབ་འཇུག་ལྟེ་གནས་ཁང་ (Kantar Group) གིས་ལོ་ལྟར་རེ་ཀེ་ཝིག་ (Reykjavik Index) ཞེས་པའི་སྙན་ཐོ་ཞིག་འདོན་གྱི་ཡོད། དེའི་ནང་ཁེ་ན་ཌ་དང་། ཧྥ་རན་སི། འཇར་མ་ནི། ཨི་ཊ་ལི། ཉི་ཧོང་། དབྱིན་ཡུལ། ཨ་རི། དེ་བཞིན་རྒྱ་གར་དང་། ཀེན་ཡ། ནི་ཇེ་རི་ཡ་བཅས་ནང་བུད་མེད་མགོ་འཁྲིད་ཚོར་སྤྱི་ཚོགས་ཀྱི་ལྟ་ཚུལ་ཅི་འདྲ་ཡོད་མེད་ཐད་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ལྟེ་གནས་ཁང་དེས་ཉེ་ཆར་མི་གྲངས་ཁྲི་ ༢ ལྷག་ས་ནས་བསྡུས་པའི་བསམ་ཤོག་གི་གྲུབ་དོན་དེ་ཧང་སངས་ཤིང་ཡིད་མུག་པ་ཞིག་རེད།

ཉི་ཧོང་བ་བརྒྱ་ཆ་ ༣༨ ཀྱིས་མ་གཏོགས་བུད་མེད་ཅིག་རྒྱལ་ཁབ་ཀྱི་མགོ་འཁྲིད་དམ། ཡང་ན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་མགོ་འཛིན་དུ་བསྐོ་རྒྱུར་འདོད་པ་བྱེད་ཀྱི་མེད་པ་རེད། ནི་ཇེ་རི་ཡ་དང་ཀེན་ཡ་གཉིས་ཀའི་ནང་མང་ཚོགས་ཁྲོད་བུད་མེད་ཅིག་གཞུང་གི་མགོ་འཁྲིད་དུ་གདམ་རྒྱུར་བརྒྱ་ཆ་ ༦༢ དང་། ཆབ་སྲིད་མི་སྣའི་ཆེད་བརྒྱ་ཆ་ ༥༦ གིས་མ་གཏོགས་མོས་མཐུན་བྱེད་ཀྱི་མེད་པ་རེད། དེ་དག་དང་བསྡུར་ན་སྟོབས་ཆེན་རྒྱལ་ཁབ་བདུན་ (G7) ནང་བུད་མེད་ལ་ལྟ་ཕྱོགས་བཟང་བ་བྱུང་ཡོད་དེ། འདས་པའི་ལོ་ ༣ བསྟུད་མར་མང་ཚོགས་ཀྱི་བརྒྱ་ཆ་ ༧༨ ཀྱིས་བུད་མེད་རྣམས་གཞུང་འཛིན་དང་ཆབ་སྲིད་ཀྱི་གོ་སར་ཐོན་རྒྱུར་མོས་མཐུན་བྱས་ཡོད། འོན་ཀྱང་བརྒྱ་ཆ་ ༧༨ དེ་བརྒྱ་ཆ་ ༡༠༠ ལ་འཕར་བར་ལམ་ཐག་རིང་། གལ་ཏེ་མང་ཚོགས་ཁྲོད་བུད་མེད་དང་སྐྱེས་པའི་བར་མགོ་འཁྲིད་ཀྱི་ནུས་པའི་ཐད་ཁྱད་པར་མཐོང་གི་མེད་ཚེ། རྒྱབ་སྐྱོར་གྱི་ཚད་དེ་བརྒྱ་ཆ་ ༡༠༠ ལ་བསླེབ་དགོས་ཀྱི་ཡོད་པ་མངོན་གསལ་རེད།

དེ་བཞིན་འཇར་མ་ནི་རྒྱལ་ཁབ་ཀྱི་མགོ་འཁྲིད་དེ་དུས་ཡུན་རིང་པོ་ཞིག་ནས་བུད་མེད་ཅིག་གིས་ཨེན་ཇེ་ལ་མར་ཀལ་ (Angela Merkel) འཛིན་མུས་ཡིན་ཀྱང་། ཡུལ་དེའི་མང་ཚོགས་ཀྱི་བརྒྱ་ཆ་ ༤༡ གིས་མ་གཏོགས་བུད་མེད་ཅིག་གཞུང་གི་མགོ་འཁྲིད་དུ་སླེབས་རྒྱུར་འདོད་པ་བྱེད་ཀྱི་མེད། ཀན་ཏར་ཞིབ་འཇུག་ཁང་གི་སྤྱི་དམངས་ཚན་པའི་འགན་འཛིན་མི་ཤལ་ཧ་རི་སོན་ (Michelle Harrison) གྱིས། བུད་མེད་མགོ་འཁྲིད་གཅིག་གིས་སྤྱི་ཚོགས་འགྱུར་བ་གཏོང་གི་རེད་ཅེས་པ་དེ་ལྷ་སྒྲུང་ཞིག་རེད། ཅེས་བཤད། མགོ་འཁྲིད་(ཕོ་མོ་དབྱེར་མེད་)གཅིག་གིས་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོའི་བྱེད་སྒོ་ (gender role) དང་འབྲེལ་བའི་དཀའ་རྙོག་རིགས་ལན་གཅིག་གིས་སེལ་ཐུབ་ཅེས་པ་དེ་ནི་དོན་དངོས་དང་འགལ་བའི་གཏམ་ཞིག་རེད།

དེ་བས་ཀྱང་ཧ་ལས་པར་འགྱུར་བའི་གནས་ཚུལ་ནི། ཕལ་མོ་ཆེས་མི་རབས་རྒན་པ་དང་བསྡུར་ན་གཞོན་སྐྱེས་རྣམས་གསར་གཏོད་དང་གུ་ཡངས་སོགས་ཀྱི་ཕྱོགས་ལ་སྔོན་ཐོན་ཡིན་པར་འདོད་ཀྱང་། དོན་དངོས་ཐོག་སྐྱེས་པའི་ཁྲོད་ནས་གཞོན་སྐྱེས་ཚོས་བུད་མེད་ཅིག་མགོ་འཁྲིད་ཀྱི་གོ་ས་ལ་འཇོག་རྒྱུར་མོས་མཐུན་ཉུང་བ་བྱེད་ཀྱི་ཡོད་པ་དེ་རེད། འོན་ཀྱང་། ང་ཚོས་མགོ་འཁྲིད་ཟེར་དུས་རང་ཤུགས་ཀྱིས་ཕོ་གཤིས་ཡིན་དགོས་པའི་ལྟ་ཚུལ་ནོར་བ་ཞིག་སེམས་ནང་འཆར་གྱི་ཡོད། དེ་རྒྱུན་ལྡན་ཞིག་རེད། འོན་ཀྱང་དེའི་རྐྱེན་པས་བསམ་བཞིན་མ་ཡིན་པའི་ཕོ་མོར་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་ཡོང་གི་ཡོད། ཕྱོགས་ལྷུང་གི་ལྟ་ཚུལ་དེ་གཞོན་སྐྱེས་ཚུད་པའི་རང་ཉིད་སྔོན་ཐོན་ཞིག་ཡིན་སྙམ་མཁན་ཚོར་ཡང་ཡོང་སྲིད་པ་ཞིག་རེད།

ཉི་ཧོང་གི་ཝ་སེ་ཌ་གཙུག་ལག་སློབ་ཆེན་ (Waseda University) གྱི་ཆབ་སྲིད་ཚན་རིག་པ་ཡོ་ཤི་ཀུ་ནི་ཨོ་ནོ་ (Yoshikuni Ono) ཡི་བརྩམས་ཆོས་ལས། ང་ཚོས་མི་རབས་རྒན་གཞོན་བར་བསམ་བློའི་འཁྱེར་སོའི་སྟེང་ཁྱད་པར་དེ་ཇི་ལྟར་ཡོང་གི་ཡོད་མེད་ཐོག་བློ་སྐྱེད་ལེན་ཐུབ། དཔེར་ན་ཨ་རི་བ་ཚོར་ཨ་རིའི་གྲོས་ཚོགས་ནང་བུད་མེད་འཐུས་མི་ག་ཚོད་ཡོད་མེད་དྲི་སྐབས་ཕལ་ཆེ་བས་དོན་དངོས་ཀྱི་གྲངས་ཀ་ལས་བརྒལ་གྱི་ཡོད། དེ་ཡང་ཞིབ་འཇུག་གྲུབ་དོན་ཞིག་ནང་ཆ་སྙོམས་ཐོག་ཨ་རི་བ་ཚོས་གྲོས་ཚོགས་ཀྱི་བུད་མེད་འཐུས་མིའི་གྲངས་ཀ་དེ་དངོས་ཡོད་ལས་བརྒྱ་ཆ་ ༡༤ ཡིས་མང་བ་བཤད་ཀྱི་ཡོད་པ་རེད། དེ་བས་ཀྱང་གཞོན་སྐྱེས་ཚོའི་ཁྲོད་ནོར་མཁན་མང་བ་ཡོད་ལ། རྒན་གཞོན་གཉིས་དབར་གྱི་དངོས་ཡོད་གནས་ཚུལ་གྱི་བར་ཐག་དེ་ཇེ་རིང་དུ་འགྲོ་གིན་ཡོད་པ་རེད།

དེ་ལྟར་ཡོང་དོན་སྐོར་ཆབ་སྲིད་ཚན་རིག་པ་ཨོ་ནོ་ཡིས། དམིགས་བསལ་གཞོན་སྐྱེས་འོས་ཤོག་འཕེན་མཁན་ཚོས་རང་གི་སློབ་གྲྭ་དང་། སློབ་ཆེན་ཁག་ནང་བུད་མེད་མང་པོ་མཐོང་གི་ཡོད་པའི་རྒྱུ་མཚན་གྱིས། ཁོ་ཚོས་ཆབ་སྲིད་ཀྱི་ནང་དུའང་བུད་མེད་རྣམས་འདྲ་མཉམ་གྱིས་མཚོན་ཡོད་ཤག་བྱེད་ཀྱི་ཡོད་པ་རེད། དེང་སྐབས་སློབ་ཆེན་ཁག་ཏུ་སློབ་མ་བུ་ལས་བུ་མོ་མང་བ་ཡོད། ཅེས་བརྗོད་འདུག་ལ། སྤྱི་ཡོངས་ནས་གལ་ཏེ་ཁྱེད་ཀྱིས་ཕོ་མོ་དོ་མཉམ་ཡོད་པ་ངོས་འཛིན་བྱས་ཚེ། ཁྱེད་ཀྱིས་བུད་མེད་ཅིག་འོས་འདེམས་བྱ་རྒྱུ་གལ་ཆེར་བརྩི་རྒྱུ་དཀའ་མོ་རེད། དེར་བརྟེན་ལྟ་ཚུལ་ནོར་འཁྲུལ་ཅན་འདིས་རང་བཞིན་གྱིས་བུད་མེད་མགོ་འཁྲིད་ཐད་ལ་ཕྱོགས་ལྷུང་གི་ལྟ་ཚུལ་ཡོང་གི་ཡོད་པ་རེད།

སྤྱི་ཡོངས་ནས་དངོས་ཡོད་གནས་སྟངས་དེ་གོང་གི་ཞིབ་འཇུག་ནང་འཆད་བཞིན་པའི་གནས་སྟངས་ལས་སྡུག་པ་ཡོད། ཀན་ཏར་ཞིབ་འཇུག་ཁང་གིས་ལན་འདེབས་པ་རྣམས་ལ། ཁྱེད་ཀྱིས་གཤམ་འཁོད་ཚན་པའམ་བཟོ་གྲྭའི་མགོ་འཁྲིད་དུ་བུད་མེད་དང་སྐྱེས་པ་གཉིས་ལས་སུ་རན་འཚམ་དུ་མཐོང་ངམ། ཞེས་དྲིས་ཡོད། འོན་ཀྱང་ཆབ་སྲིད་ཚན་རིག་པ་རྣམས་ཀྱིས་གལ་ཏེ་ཞིབ་འཇུག་པ་ཚོས་ལན་འདེབས་པ་ཚོར་བུད་མེད་ལ་ཕྱོགས་ལྷུང་བྱུང་བའི་གནད་དོན་ཐོག་ཐད་ཀར་དྲིས་ན། ཞིབ་འཇུག་ནང་ཞུགས་མཁན་ལན་འདེབས་པ་མང་པོས་རང་གི་ཕྱོགས་ལྷུང་གི་ལྟ་ཚུལ་དེ་གབ་ངེས་ཡིན་སྐོར་བརྗོད་ཡོད། དེ་ལྟར་བྱེད་དགོས་དོན་གཙོ་བོ་ནི་མི་སུ་རུང་ཞིག་གིས་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཐབས་མེད་པའི་ལྟ་བ་ལངས་ཕྱོགས་ཤིག་རང་ཉིད་ཀྱི་ལྟ་བར་མངོན་གསལ་གྱིས་ངོས་ལེན་བྱ་རྒྱུར་འཛེམ་ཟོན་བྱེད་ཀྱི་ཡོད་པས་རེད་ལ། དེས་རང་བཞིན་གྱིས་ཞིབ་འཇུག་གི་གྲུབ་དོན་ནང་ནོར་འཁྲུལ་བཟོ་ཡི་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་ཧི་ལ་རི་ཀི་ལིན་ཊོན་ (Hillary Clinton) ཨ་རིའི་སྲིད་འཛིན་གྱི་འགྲན་རྩོད་ནང་ཐོག་མར་ཞུགས་པའི་ཁྲོད། ཆབ་སྲིད་ཚན་རིག་པ་ཚོར་བུད་མེད་སྲིད་འཛིན་འོས་མི་ཐོག་མངོན་གསལ་ཡོད་མེད་ཀྱི་ཐོག་ནས་སྡང་ཟུག་འཆང་བའི་གནད་དོན་མི་ཉུང་བ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་ཅིག་ནང་། ལན་འདེབས་པའི་ཁྲོད་ནས་བཞི་ཆའི་གཅིག་གིས་དྲི་བ་དེ་བསྐུར་བའི་ཚེ། བུད་མེད་སྲིད་འཛིན་ཞེས་པ་བསམ་བློའི་ནང་འཁོར་བ་དང་ཞེད་སྡང་དང་སྐྱོ་བ་སྐྱེ་ཡི་ཡོད་སྐོར་ལན་འདེབས་བྱས་འདུག གྲངས་ཀ་དེ་སྔར་གྱི་ཞིབ་འཇུག་སྙན་ཐོ་དང་བསྡུར་ན་གང་འཚམ་མཐོན་པོ་རེད། དེར་མཚུངས། ཕྱི་ལོ་ ༢༠༡༩ ལོར་བསྡུས་པའི་ཞིབ་འཇུག་ཅིག་གི་སྟེང་དྲི་བ་རྣམས་ཅུང་གབ་སྦས་ཀྱི་རྣམ་པའི་ཐོག་ནས་བསྐུལ་བ་ན། བུད་མེད་མགོ་འཁྲིད་ཚོའི་ནུས་པར་དོགས་སློང་བྱེད་མཁན་ཁྲོད་སྐྱེས་པ་ལས་བུད་མེད་ལྡབ་གཉིས་ཙམ་གྱིས་མང་བ་ཡོད་པ་མ་ཟད། ཐ་ན་སྤྱི་མཐུན་དང་དམངས་གཙོ་ཚོགས་པའི་མང་ཚོགས་བར་དུའང་ཁྱད་པར་མེད་པ་ལྟ་བུ་མངོན་ཡོད་འདུག

བག་ཆགས་ཀྱི་གཏིང་ལ་ཟུག་པའི་ཕྱོགས་རིས།

སྐྱེས་ཕོ་མོའི་ཁྲོད་དུ་བུད་མེད་རྣམས་མགོ་འཁྲིད་བྱ་རྒྱུར་ཚོར་བ་སྐྱེན་པོ་ཡོད་པར་བཤད་མཁན་གཅིག་མཚུངས་སུ་ཡོད། དོན་དངོས་ཐོག་བསམ་བློའི་འཁྱེར་སོ་འདི་ལྟ་བུས་ཁྱད་པར་བཟོ་ཡི་ཡོད། ཨ་རིའི་ཝིལ་སོན་ཞིབ་འཇུག་ཁང་གིས་དཀྱིལ་ཤར་ཨེ་ཤ་ཡ་ (Middle East) དང་། བྱང་ཨ་ཧྥེ་རི་ཁའི་ཁུལ་གྱི་བུད་མེད་མགོ་འཁྲིད་ཀྱི་གནས་བབ་ལ་ཞིབ་འཇུག་བྱེད་སྐབས། བུད་མེད་རྣམས་ཀྱི་ལག་ལ་དབང་ཚད་ཇི་ཙམ་ཡོད་མེད་དེ་གཙོ་བོ་མང་ཚོགས་ཁྲོད་བུད་མེད་རྣམས་ཀྱི་མགོ་འཁྲིད་ཀྱི་ནུས་པའི་ཐད་ལྟ་ཚུལ་ཇི་འདྲ་ཡོད་མེད་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་པ་བཀོད་ཡོད།

མི་རེ་འགས་རང་ཉིད་ཕོ་མོ་འབྱེ་འབྱེད་བྱེད་མཁན་ཞིག་ཏུ་མཐོང་གི་མེད་ནའང་། མི་གཞན་རྣམས་ཀྱིས་ཕོ་མོ་དབྱེ་འབྱེད་བྱེད་པའི་རྒྱུ་མཚན་གྱིས། བུད་མེད་མགོ་འཁྲིད་རྣམས་དབང་ཤུགས་ཆུང་བར་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇེ་ལེ་སི་ (Los Angeles) ནང་གནས་སྡོད་དྲ་རྒྱ་མཁོ་གཏོང་བའི་སྤྱི་གཉེར་ཁང་བར་གཤིབ་བསྡུར་བྱ་སའི་དྲ་ཚིགས་གཉེར་མཁན་རང་ལོ་ ༣༣ ལ་སོན་པའི་སི་ཡན་ངུ་ཡན་ (Sean Nguyen) གྱིས། སྐྱེས་པ་མགོ་འཁྲིད་རྣམས་ལ་བུད་མེད་དང་བསྡུར་ན་དབང་ཚད་ཆེ་བ་འདུག ངས་དེ་ནོར་བ་ཞིག་ལ་རྩི་ཡི་ཡོད་ལ་འགྱུར་བཅོས་འགྲོ་ན་བསམ་ཡོད། འོན་ཀྱང་ང་ཚོ་སྤྱི་ཚོགས་ཀྱི་སྒྲོམ་གཞི་འདིའི་འོག་ནས་ལས་ཀ་བྱ་དགོས་པས། དྲང་པོ་བཤད་ན། ངས་ཀྱང་རང་གི་སྤྱི་གཉེར་ཁང་འདི་བུད་མེད་གཅིག་ལས་སྐྱེས་པ་གཅིག་གིས་སྣེ་འཁྲིད་ན་བསམ་ཡོད། ཅེས་བཤད་ཡོད་པ་མ་ཟད། ཁོ་པས་བུད་མེད་ལ་དབྱེ་འབྱེད་ཀྱི་ལྟ་ཚུལ་འདི་ཆབ་སྲིད་དང་ཚོང་དོན་གྱི་ཕྱོགས་སུའང་གཅིག་མཚུངས་སུ་ཡོད་པར་འདོད།

ལྟ་ཚུལ་འདི་དག་ཧ་ལས་དགོས་པ་དེ་འདྲ་མ་རེད། ཨ་རིའི་ཨི་ལི་ནོ་སི་མངའ་སྡེའི་ནུབ་བྱང་གཙུག་ལག་སློབ་ཆེན་ (Northwestern University) གྱི་སེམས་ཁམས་རིག་པ་བ་ཨེ་ལི་སི་ཨིག་ལི་ (Alice Eagly) ཡིས། མང་ཚོགས་ཁྲོད་བུད་མེད་ཟེར་དུས་རང་ཚུགས་མེད་པའམ། ཡང་ན་ཐག་ཆོད་པོ་དང་དབང་ཤུགས་ཅན་མིན་པའི་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཞིག་ཡོད་ལ། དེ་བཞིན་བུད་མེད་རྣམས་ཀྱི་སྐད་ཤུགས་དེ་ཙམ་ཆེན་པོ་མེད་པ་དང་བལྟས་ཚོད་ཀྱིས་ཆུང་ཆུང་ཡོད་པའི་སྣང་ཚུལ་ཞིག་ཡོངས་ཁྱབ་ཏུ་ཡོད་པ་རེད། ཅེས་བརྗོད་འདུག་ལ། དོན་དངོས་ཐོག་གོང་དུ་བཤད་པའི་ཁྱད་ཆོས་དེ་དག་གནའ་སྔ་མོ་ནས་སྐྱེས་པ་དང་མགོ་འཁྲིད་ཚོའི་ཁྱད་ཆོས་ཤིག་ཏུ་འདོད་ཀྱི་ཡོད་པས། རང་ཤུགས་ཀྱིས་མགོ་འཁྲིད་ཟེར་དུས་ཕོ་གཤིས་ཅན་ཞིག་ཡིན་དགོས་པའི་སྣང་ཚུལ་ཞིག་བྱུང་བ་རེད།

བུད་མེད་མགོ་འཁྲིད་རྣམས་ཕོ་མོ་དབྱེ་འབྱེད་སོགས་ཀྱི་གནད་དོན་ཐོག་གམ། ཡང་ན་དེ་ལྟ་བའི་དཀའ་རྙོག་སེལ་ཐབས་ཀྱི་ལས་ནང་ཞུགས་རིང་། ཁོང་ཚོ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་སྲིད་པ་རེད། ཆབ་སྲིད་ཚན་རིག་པ་ཨོ་ནོ་ (Ono) ཡིས་འགྲེལ་བརྗོད་བྱས་པ་ལྟར་ན། སྐྱེས་པ་རྣམས་དང་བསྡུར་ན་བུད་མེད་རྣམས་ལ་འོས་བསྡུའི་ཐབས་ཇུས་གདིང་རྒྱུ་དང་། མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་དཀའ་ཁག་ཆེ་བ་ཡོད་པ་རེད། གང་ཡིན་ཟེར་ན། སྤྱི་ཚོགས་ནང་གི་བུད་མེད་དང་འབྲེལ་བའི་ལྟ་ཚུལ་ནོར་འཁྲུལ་ཅན་ལ་དགག་པ་བརྒྱབ་ཚེ། དེས་རང་གི་འོས་བསྡུའི་གྲུབ་འབྲས་ལ་དོ་ཕོག་གཏོང་སྲིད་པ་དང་། ཡང་གལ་ཏེ་སྤྱི་ཚོགས་ཀྱི་ལྟ་ཚུལ་གཞིར་བཟུང་ཤར་སྐྱོད་བྱས་ཚེ། དེས་རང་ཉིད་ལ་ཉེས་ཆད་མ་གཏོགས་གཏོང་གི་མེད་པ་རེད། དེར་བརྟེན། བུད་མེད་རྣམས་ཀྱིས་འོས་བསྡུའི་སྐབས་རང་ལ་སྟབས་བདེ་བའི་ཐབས་ཇུས་ཤིག་འཚོལ་རྒྱུ་ཧ་ཅང་དཀའ།

དུས་རྒྱུན་ཕྱོགས་རིས་ཀྱི་ལྟ་ཚུལ་ལ་བསྟུན་མཁས་བྱེད་པའམ། ཡང་ན་དགག་བྱ་འདོན་མཁན་གྱི་མི་སྡེ་གཞན་རྣམས་ཀྱང་སྐབས་རེར་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་ནང་ལྷུང་གི་ཡོད། མི་རིགས་འདྲེས་མའི་སྤྱི་ཚོགས་ནང་ལ་མཚོན་ན། མི་རིགས་དཀར་པོ་མིན་པའི་བུད་མེད་རྣམས་ལ་དམིགས་བསལ་དོ་ཕོག་ཐེབས་ཀྱི་ཡོད། དཔེར་ན་མི་རིགས་ནག་པོའི་བུད་མེད་རྣམས་གཞན་གྱི་བདེ་སྡུག་ལ་ཚོར་ཤུགས་དེ་ཙམ་མེད་པ་དང་། ཡང་ཨེ་ཤ་ཡའི་བུད་མེད་རྣམས་ཁ་ལ་ཉན་དྲགས་པའམ། སྐུལ་བྱུས་བདེ་པོ་ཡོད་པའི་ལྟ་ཚུལ་ནོར་བ་ཞིག་ཡོངས་ཁྱབ་ཏུ་ཡོད། དེ་བཞིན་ཚོགས་པ་ཁག་དང་དང་མགོ་འཁྲིད་ཀྱི་ཁོར་ཡུག་ནང་བུད་མེད་དང་གྲངས་ཉུང་མི་རིགས་རྣམས་ལ་མཚོན་དོན་རང་བཞིན་གྱི་གནས་བབ་དམིགས་བསལ་བ་མང་པོ་མཐོང་རྒྱུ་ཡོད་ནའང། དེས་ཁོང་ཚོ་ལྷག་ཏུ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་སྲིད་པ་སྟེ། ཁོང་ཚོ་ལེགས་གྲུབ་ཆེན་པོ་བྱུང་ཚེ། ཚང་མའི་དོ་སྣང་བྱ་སར་གྱུར་ཏེ་དཀའ་ངལ་ལྷག་མ་ཞིག་ཡོང་སྲིད་པ་དང་། དེ་མིན་རང་གི་ནུས་པ་ལ་ཚད་བཀག་བཟོས་ཏེ་དབང་ཤུགས་ཆེ་བའི་ཤོག་ཁག་གི་མིག་ལ་འགྲོ་བདེ་བ་བཟོ་དགོས་པ་དེ་རེད།

ཏོག་དབྱིབས་གཉན་རིམས་ཀྱི་ཤུགས་རྐྱེན།

སྟབས་མ་ལེགས་པ་ཞིག་ལ། ནད་ཡམས་འདིས་བུད་མེད་ཐོག་ཕྱོགས་ལྷུང་གི་ལྟ་ཚུལ་འཛིན་སྟངས་ཐད་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད། དེ་ལས་ལྡོག་སྟེ། ནད་ཡམས་དང་འབྲེལ་བའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ཁྲོད་དུ། སྐྱེས་པ་རྣམས་དང་བསྡུར་ན་བུད་མེད་དག་ལ་ལས་ཀ་ཤོར་བ་དང་ལས་ཡུན་ཉུང་འཕྲི་བཏང་བ་སོགས་དཀའ་སྡུག་མང་བ་མྱངས་ཡོད། དེ་ཙམ་དུ་མ་ཟད་ནད་ཡམས་དང་འབྲེལ་བའི་ཚན་རིག་གི་ཞིབ་འཇུག་སྡེ་ཁག་དང་། སྲིད་ཇུས་འཆར་འགོད་ཚོགས་ཆུང་ཁག་གི་ནང་དུའང་བུད་མེད་འཐུས་ཚབ་དེ་ཙམ་སླེབས་ཐུབ་མེད།

ནད་ཡམས་ཀྱི་དུས་སྐབས་འདིར་ནེའུ་ཛི་ལན་ཌིའི་སྲིད་བློན་ཇ་སིན་ཌ་ཨར་ཌེན་ (Jacinda Arden) དང་ཐའེ་ཝན་གྱི་སྲིད་འཛིན་ཚའེ་དབྱིང་ཝན་ (Tsai Ing-wen) ལྟ་བུའི་བུད་མེད་མགོ་འཁྲིད་རྣམས་ལ་འཛམ་གླིང་ཡོངས་ནས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། དེ་བཞིན་ཨ་རིའི་ནང་མཚོན་ནའང་གཉན་རིམས་ཀྱི་ཐོག་མའི་དུས་སྐབས་སུ། གཞུང་འཛིན་པ་ (Governor) བུད་མེད་ཡིན་པའི་མངའ་སྡེ་ཁག་གི་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་འདས་སོང་བའི་མིའི་གྲངས་འབོར་དེ། གཞུང་འཛིན་པ་སྐྱེས་པ་ཡིན་པའི་མངའ་སྡེ་ལས་ཉུང་བ་ཡོད།

འོན་ཀྱང་ཆ་སྙོམས་ཀྱིས་བལྟས་ན་ད་ལྟའི་ཆར་ཨ་རིའི་མངའ་སྡེ་ ༥༠ ཁྲོད་བུད་མེད་གཞུང་འཛིན་པ་ ༩ མ་གཏོགས་མེད་སྟབས། གོང་གི་གྲངས་འབོར་དེར་དེ་ཙམ་གཞི་བཅོལ་ཐབས་མེད། སྤྱི་ཡོངས་ནས་བུད་མེད་མགོ་འཁྲིད་ཚོས་བྱས་རྗེས་རླབས་པོ་ཆེ་བཞག་ཐུབ་ཡོད་ནའང། དེས་མང་ཚོགས་ཁྲོད་བུད་མེད་ཀྱི་མགོ་འཁྲིད་ནུས་པར་ཡིད་ཆེས་སླེབས་རྒྱུར་ཕན་ཐོགས་དེ་ཙམ་བྱུང་མེད། དཔེར་ན། དངུལ་ཁང་དང་དཔལ་འབྱོར་གྱི་ཚན་པའི་ནང་བུད་མེད་མགོ་འཁྲིད་ཚོས་སྲ་བརྟན་དང་ཡོང་འབབ་མང་བ་བཟོས་ཐུབ་ཀྱི་ཡོད་ནའང་། སྤྱི་ཡོངས་ནས་ཚན་པ་དེ་དག་ནང་ཕོ་མོའི་གྲངས་འབོར་གྱི་ཆ་ནས་ཧེ་བག་ཆེན་པོ་ཤོར་ཡོད།

ཀན་ཏར་ཞིབ་འཇུག་ཁང་གི་སྤྱི་དམངས་ཚན་པའི་འགན་འཛིན་ཧ་རི་སོན་གྱིས། ཞིབ་འཇུག་ཁང་དེས་འདས་པའི་ལོ་ ༣ ནང་བཏོན་པའི་མང་ཚོགས་ཀྱིས་བུད་མེད་མགོ་འཁྲིད་ཚོར་ལྟ་ཚུལ་ཇི་ཡོད་ཀྱི་གྲུབ་དོན་ཁག་ལ་གཞིར་བཟུང་སྟེ་བརྗོད་དོན། འདས་པའི་ལོ་གསུམ་ནང་ཞིབ་འཇུག་གི་གྲུབ་དོན་ལ་ཁྱད་པར་དེ་ཙམ་ཐོན་མེད། འཛམ་གླིང་འདིར་ཏོག་དབྱིབས་གཉན་རིམས་དང་། བུད་མེད་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ (Me Too Movement) སོགས་བྱུང་ཡོད་ནའང་། མང་ཚོགས་ཀྱི་ལྟ་ཚུལ་ལ་འགྱུར་བ་ཆེན་པོ་གང་ཡང་མཐོང་རྒྱུ་མེད། ཅེས་བརྗོད།

འདས་པའི་དུས་ཡུན་རིང་ང་ཚོའི་ལྟ་ཚུལ་རེ་འགར་འགྱུར་བ་གང་འཚམ་ཐེབས་ཡོད། སེམས་ཁམས་རིག་པ་བ་ཨེ་ལི་སི་ཨིག་ལི་ (Alice Eagly) དང་ཁོང་མོའི་ལས་རོགས་རྣམས་ཀྱིས་ཕྱི་ལོ་ ༡༩༤༦ ནས་ ༢༠༡༨ བར་གྱི་ལོ་ངོ་བཅུ་ཕྲག་ ༧ རིང་གི་ཡོངས་ཁྱབ་ཀྱི་ཕོ་མོའི་ལྟ་ཚུལ་སྐོར་ཞིབ་འཇུག་བྱས་པའི་ཁྲོད། ཨ་རིའི་མང་ཚོགས་ཀྱིས་བུད་མེད་རྣམས་སྔར་བས་འཇོན་ཐང་ཆེ་བར་རྩི་བཞིན་འདུག་ཀྱང་། བུད་མེད་རྣམས་ལ་རང་གི་ཕུགས་བསམ་མངོན་འགྱུར་གྱི་ནུས་པ་ཡོད་པ་དེར་སྔར་བཞིན་དོགས་སློང་བྱེད་ཀྱི་ཡོད་འདུག དུས་ཀྱི་འགྱུར་འགྲོས་དང་ལྷན་དུ་བུད་མེད་ལས་ཀར་ཞུགས་མཁན་མང་དུ་སོང་བ་དང་བསྟུན། རྒྱལ་ཁབ་ཀྱི་ཤེས་རིག་ལྷན་ཁང་ལྟ་བུ་གནའ་ནས་སྐྱེས་པས་བཟུང་བའི་མཐོ་རིམ་གྱི་གོ་སའི་ཁྲོད་བུད་མེད་སླེབས་ཡོད་ནའང་། ཆེས་མཐོའི་གོ་སར་ཐོན་རྒྱུར་ད་དུང་བསམ་བློའི་འཁྱེར་སོ་སོགས་ཀྱི་ཐད་འགྱུར་བ་དགོས་ཀྱི་ཡོད།

ང་ཚོས་མངོན་སུམ་དུ་མཐོང་དགོས།

སེམས་ཁམས་རིག་པ་བ་ཨེ་ལི་སི་ཨིག་ལི་ཡིས། ང་ཚོས་ཕོ་མོ་འདྲ་མཉམ་ཡོང་ཆེད། ཕོ་མོའི་སྣང་བརྙན་འགྱུར་བ་གཏོང་རྒྱུའི་ཚབ་ཏུ། མགོ་འཁྲིད་ཀྱི་སྣང་བརྙན་ལ་འགྱུར་བ་གཏོང་དགོས། ཞེས་བརྗོད་ཅིང་། ཁོང་མོས་སྲིད་བློན་ཨར་ཌེན་གྱིས་ནེའུ་ཛི་ལན་ཌིའི་ཏོག་དབྱིབས་གཉན་རིམས་སྐབས་བཏོན་པའི་སྣེ་ཁྲིད་ཀྱི་ནུས་པ་དང་། འཇར་མ་ནི་ཡི་སྤྱི་ཁྱབ་མར་ཁེལ་གྱི་ཞི་འཇམ་གྱི་སྣེ་ཁྲིད་ཀྱི་ངང་ཚུལ་གཉིས་དཔེར་བཞག་སྟེ། དེ་དག་དུས་རྒྱུན་ང་ཚོའི་བསམ་བློའི་ནང་འཆར་བའི་མགོ་འཁྲིད་ཀྱི་ཁྱད་ཆོས་ཤིག་མིན་པར་བརྗོད། ང་ཚོས་མགོ་འཁྲིད་ཟེར་དུས་ནམ་ཡང་དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་ལ་བརྩོན་ཞིང་མཉམ་ལས་ཀྱི་ཕྱོགས་སུ་བསྐྱོད་འདོད་མེད་པའི་ཕོ་རྒོད་ཤ་སྟག་ཏུ་སྙམ་གྱིན་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་ཡོངས་ཁྱབ་ཀྱི་ལྟ་ཚུལ་ཙམ་ལས་དངོས་བདེན་ཡིན་པས་མི་ཁྱབ།

ལྡི་ལིར་གནས་སྡོད་དང་བུད་མེད་སྣེ་ཁྲིད་ (WomenLead) ཅེས་པའི་དྲ་རྒྱ་གསར་འཛུགས་བྱེད་མཁན་རང་དབང་ཅན་གྱི་ཞིབ་འཇུག་པ་ཨག་ཤི་ཅའོ་ལ་ (Akshi Chawla) ཡིས། གསར་འགྱུར་བརྒྱུད་ལམ་དང་དེང་སྐབས་དར་སྲོལ་ཆེ་བའི་རིག་གནས་ཀྱི་ལས་ནང་ཞུགས་མཁན་ཚོར་འགན་འཁྲི་དམིགས་བསལ་ཞིག་ཡོད་པར་འདོད་ལ། གལ་ཏེ་ང་ཚོས་བུད་མེད་མགོ་འཁྲིད་རྣམས་དང་འབྲེལ་བའི་གསར་འགྱུར་དང་གླེང་མོལ་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲད་ན་འདོད་ཚེ། ང་ཚོས་ངེས་པར་དུ་གནད་དོན་དེ་དག་གཙིགས་ཆེར་བཟུང་སྟེ་རྒྱུན་ཆད་མེད་པར་འཆད་སྤེལ་དགོས་སྐོར་བཤད་འདུག ཏོག་དབྱིབས་གཉན་རིམས་འདི་འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་སོང་བའི་རྐྱེན་གྱིས། ཕོ་མོའི་མགོ་འཁྲིད་ཐད་དོ་སྣང་ཆེ་བ་སླེབས་ཡོད། ཀ་མ་ལ་ཧ་རི་སི་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བའི་གནས་ཚུལ་དེ་རྒྱ་གར་ནང་སྐད་གྲགས་ཆེན་པོ་ཆགས་ཡོད། དེ་ནི་ཁོང་མོའི་ཨ་མ་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་པས་རེད། ཨག་ཤི་ཅའོ་ལ་ཡིས་དུས་རྒྱུན་དུ་འདི་ལྟ་བུའི་གནས་ཚུལ་མུ་མཐུད་ཡོང་རྒྱུར་ཐབས་རྩོལ་བྱེད་ཀྱིན་ཡོད་ལ། དེ་ནི་ཕྱོགས་གཞན་ནས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་འགྲིག་ཡོད་སྙམ་པའི་ཚིམ་སྣང་དང་། གནད་དོན་རླབས་ཆེན་གཅིག་གིས་ཡོད་ཚད་ལ་འགྱུར་བ་གཏོང་གི་རེད་སྙམ་པའི་བསམ་བློའི་འཁྱེར་སོ་དེ་དོར་ཆེད་ཡིན་འདུག ཁོང་མོས། བུད་མེད་ཅིག་གིས་ཡུན་རིང་སྣེ་ཁྲིད་བྱས་པ་དེས་འགྱུར་བ་དེ་ཙམ་འགྲོ་རྒྱུ་མ་རེད། དེ་ལས་ལྡོག་སྟེ་དེས་བུད་མེད་མགོ་འཁྲིད་དུ་བདམས་པ་དེ་དམིགས་བསལ་ཞིག་ཡིན་པའི་སྣང་ཚུལ་ནོར་འཁྲུལ་ཅན་དེ་སྦྱིན་སྲིད་སྐོར་བཤད།

སྲིད་ཇུས་ཀྱི་ཕྱོགས་ནས་བཤད་ན། བུད་མེད་རྣམས་ལ་ཟུར་དུ་ས་མིག་དམིགས་བསལ་འཇོག་པ་དང་། བྱིས་པ་གསོ་སྐྱོང་གི་ཐད་རོགས་འདེགས་བྱེད་ཐབས་སོགས་ཀྱིས་བུད་མེད་རྣམས་མགོ་འཁྲིད་ཀྱི་ཁོར་ཡུག་ནང་ཞུགས་རྒྱུར་སྐུལ་འདེད་བྱ་ངེས་རེད། ཚོགས་སྡེ་སྒེར་རྣམས་ཀྱིས་གུ་ཡངས་པའི་ལས་ཀའི་ཁོར་ཡུག་བསྐྲུན་པ་སོགས་བརྒྱུད་ནས་བུད་མེད་མགོ་འཁྲིད་སྐྱེད་སྲིང་བྱ་ཐུབ། མིའི་བསམ་བློར་འགྱུར་བ་གཏོང་རྒྱུ་དཀའ་མོ་ཡོད་ཀྱང་། དེ་ནི་གཡོལ་ཐབས་མེད་པ་ཞིག་རེད། མི་སྒེར་ཞིག་ལ་ཆ་མཚོན་ན། མི་ཚེའི་ཉམས་མྱོང་སྐོར་ཞིག་གིས་རང་ལ་ཕོ་མོའི་ཕྱོགས་ལྷུང་གི་ལྟ་ཚུལ་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་བྱ་ངེས། དཔེར་ན་ཉི་ཧོང་ནང་སྐྱེས་པ་རྒན་པའི་ཁྲོད་བུད་མེད་ལས་རོགས་དང་བུད་མེད་དགའ་རོགས་རྣམས་ལ་ཕོ་མོ་དབྱེ་འབྱེད་ཀྱི་གནས་ཚུལ་འཕྲད་པ་མང་པོ་མཐོང་སྲིད་ལ། དེའི་རྐྱེན་པས་ཁོང་ཚོའི་ཁྲོད་དུ་བུད་མེད་མགོ་འཁྲིད་དགོས་པའི་འདུན་པ་ཤུགས་ཆེ་བ་ཡོད་པ་རེད། དེ་བཞིན་ཨ་རིའི་ནང་མཚོན་ནའང་། རང་གི་བུ་ཕྲུག་དང་པོ་བུ་མོ་ཡིན་པའི་སྐྱེས་པ་ཚོའི་ཁྲོད་བུད་མེད་ཆབ་སྲིད་པར་རྒྱབ་སྐྱོར་བྱེད་མཁན་མང་། ཆབ་སྲིད་ཚན་རིག་པ་ཨོ་ནོ་ཡིས་ཀྱང་། ང་ལ་བུ་མོ་ཞིག་བཙས་པ་ནས་བཟུང་། ང་ལ་ཕོ་མོ་དབྱེ་འབྱེད་སོགས་ཀྱི་གནད་དོན་ཐད་དོ་སྣང་ཤུགས་ཆེ་བ་སླེབས་བྱུང་། ད་ལྟ་ངའི་བུ་མོ་ལོ་ ༦ ལ་སོན་ཡོད། ང་ལ་ཁོ་མོའི་མ་འོངས་པར་སེམས་འཚབ་འདུག ཅེས་བཤད།

བུད་མེད་གཞོན་སྐྱེས་རྣམས་ལ་མཚོན་ན། འབྱུང་འགྱུར་སུས་སྲིད་དབང་འཛིན་མིན་གྱི་གནད་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱ་རྒྱུའི་དུས་སྐབས་ཛ་དྲག་ཅན་ཞིག་རེད། སེམས་ཁམས་རིག་པ་བ་ཨིག་ལིས་་བརྗོད་ན། ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་མིག་དཔེ་ཅི་འདྲ་སྟོན་གྱི་ཡོད་མེད་དེ་གལ་ཆེན་པོ་རེད། ཕྲུ་གུར་མཚོན་ན་ད་ལྟ་རང་གི་མིག་སྔར་གསལ་བའི་མིག་དཔེ་དེ་དག་རང་གི་མི་ཚེ་ཧྲིལ་པོའི་མིག་དཔེ་རྩ་ཆེན་ཤིག་ཏུ་འགྱུར་མ་སྲིད་པ་མིན། ཞེས་བཤད། གལ་ཏེ་ཕ་མས་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་རང་ཁྱིམ་དུ། ཨ་མས་ཁྱིམ་ལས་སྒྲུབ་པ་དང་ཨ་ཕས་ཕྱིའི་བྱ་བ་སྒྲུབ་པ་དང་། བུ་མོ་རྣམས་བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་ལམ་བུར་དེད་ཅིང་། ཕྲུ་གུ་བུ་རྣམས་ཐག་གཅོད་རང་བཞིན་གྱི་བྱ་འགུལ་ནང་ཞུགས་སུ་བཅུག་ཚེ། ང་ཚོས་མང་ཚོགས་ཁྲོད་ད་དུང་བུད་མེད་ཀྱི་མགོ་འཁྲིད་ཀྱི་ནུས་པར་ཡིད་ཆེས་བྱེད་མཁན་མི་འདུག་ཅེས་ཧང་སངས་དགོས་དོན་མེད།

ཨིག་ལི་ཡིས་ཁྱིམ་གྱི་བྱ་འགུལ་ནས་བརྙན་འཕྲིིན་གྱི་འཆར་ངོས་སུ་ཤར་བའི་བུད་མེད་མགོ་འཁྲིད་ཀྱི་མངོན་ཚུལ་དང་སྣང་བརྙན་གྱིས་ད་གཟོད་སྤྱི་ཚོགས་ཀྱི་སྣང་ཚུལ་སྐྲུན་གྱི་ཡོད་པས། ང་ཚོས་བསམ་གཞིགས་ཙམ་ལས་བརྒལ་ཏེ། མངོན་སུམ་དུ་མཐོང་དགོས་ཀྱི་ཡོད། ཅེས་བཤད།

རྩོམ་གྱི་མ་ཡིག  https://www.bbc.com/worklife/article/20210108-why-do-we-still-distrust-women-leader

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 4 སྔོན།

    བུད་མེད་འགོ་འཁྲིད་ལ་མོས་མཐུན་མེད་པའི་རྒྱུ་ཚན་གཙོ་བོ་ཕོ་མོ་འདྲ་མཉམ་ཟེར་བའི་དེང་རབས་གསར་བརྗེའི་ཐ་སྙད་ལ་འགན་ཁུར་མ་ཐུབ་ནས་ཕོ་གཙོ་མོ་དམན་གྱི་རྙིང་ཞེན་རིང་ལུགས་ཀྱི་ས་ས་མཚམས་ནས་བགྲོད་མ་ཐུབ་ནས་རྗེས་ལུས་ནས་ཡང་ལུས་སུ་ཁ་ཕྱོགས་པ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese