མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པའི་ལྷད་མེད་ཀྱི་མི་གཤིས་གསོ་སྐྱོང་བྱེད་ཐབས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

བྱིས་པའི་ཀླད་པའི་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་མཁན་གྱི་དེང་རབས་ཀྱི་ཚན་རིག་པ་ཚོས་ཞིབ་འཇུག་གི་འབྲས་བུ་ལྟར་ན། ཕྲུ་གུ་སྐྱེས་པ་ནས་ལོ་གསུམ་གྱི་བར་ལ་ཕྲུ་གུ་གཉོར་སྐྱོང་བྱེད་སའི་ཁོར་ཡུག་དང་གཉོར་སྐྱོང་བྱེད་མཁན་གྱི་མིའི་ལུས་ངག་གི་གོམས་གཤིས་ལ་བརྟེན་ཏེ་ཕྲུ་གུའི་ཀླད་པའི་བརྒྱ་ཆ་༨༠་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མི་ལོ་གསུམ་གྱི་རིང་གི་ཕྲུ་གུའི་ཀླད་པའི་འཕེལ་རྒྱས་དེ་མི་ཚེ་གང་གི་མི་གཤིས་ཀྱི་རྨང་གཞི་རུ་འགྱུར་གྱི་ཡོད་པར་བཤད། བུ་ཕྲུག་ལ་མི་གཤིས་ཀྱི་རྨང་གཞི་ཡག་པོ་ཞིག་བསྐྲུན་འདོད་པའི་ཕ་མ་ཚོས་བུ་ཕྲུག་དང་མཉམ་དུ་འགྲོག་འདྲིས་ཀྱི་ལམ་ནས་བུ་ཕྲུག་གི་ཀླད་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཡག་པོ་ཐེབས་ཀྱི་ཡོད་པར་བཤད། ཕ་མ་དང་བུ་ཕྲུག་མཉམ་དུ་འགྲོགས་པའི་ཉམས་མྱོང་བར་ནས་བུ་ཕྲུག་གི་ཀླད་པའི་རྩ་ཕྲན་རྣམས་གཅིག་ནས་གཅིག་ལ་སྦྲེལ་ཏེ་ལོ་གསུམ་ལ་ཐོན་དུས་སྡོམ་ཐག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཕ་མས་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པའི་སློབ་གསོའི་བྱེད་ཐབས་བཟང་ངན་གྱིས་བུ་ཕྲུག་གི་གོམས་གཤིས་ལ་བཟང་ངན་གྱི་ཁྱད་པར་ཤོར་གྱི་ཡོད་པར་བཤད། དེ་ལྟར་ན་བུ་ཕྲུག་གི་མི་གཤིས་ཀྱི་རྨང་གཞི་བསྐྲུན་མཁན་དང་ཤུགས་རྐྱེན་ཆེན་པོ་འཇོག་མཁན་དེ་ནི་ཕ་མ་དང་ནང་མི། བྱིས་གཉོར་བ་དང་དགེ་རྒན། ཡུལ་མི་དང་ཁྱིམ་མཚེས་སོགས་ཡིན་པ་ཤེས་དགོས་སོ།།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། ཞེས་གསུངས་པ་དང་། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བྱང་ཆུང་ལམ་རིམ་ཆེན་མོའི་ནང་དུ་རང་མ་དུལ་ན་གཞན་འདུལ་བའི་གནས་མེད་དོ་ཞེས་གསུངས་ཡོད། དེས་ན་བུ་ཕྲུག་གི་རྒྱུད་ལ་གོམས་གཤིས་ཡག་པོ་ཞིག་འབྱར་དགོས་ན། ཕ་མ་རང་ཉིད་ཀྱི་གོམས་གཤིས་ངན་པ་རྣམས་ལ་བསྒྱུར་བཅོས་བཏང་སྟེ་གཤིས་རྒྱུད་དུལ་བའི་སྒོ་ནས་བུ་ཕྲུག་ལ་གོམས་གཤིས་ཡག་པོ་འཇགས་ཐབས་བྱེད་དགོས། ཕ་མས་རང་གི་ཀུན་སྤྱོད་ལ་བསྒྱུར་བཅོས་བཏང་སྟེ་བུ་ཕྲུག་གསོ་སྐྱོང་བྱས་པ་ཡིན་ན་ཧ་ཅང་སྟབས་བདེ་ཞིང་ལས་སླ་བ་ཡིན། དེ་ལས་ལྡོག་སྟེ་ཕ་མས་ངག་ནས་བུ་ཕྲུག་ལ་ཡ་རབས་སྤྱོད་བཟང་བྱེད་དགོས་ཞེས་མང་པོ་བཤད་དེ་ལག་བསྟར་མ་བྱས་པ་ཡིན་ན་བུ་ཕྲུག་ལ་སློབ་གསོ་ཡག་པོ་མི་ཐེབས། དེས་ན་ཕ་མ་གཉིས་ཁ་བཤད་དོན་ལ་གནས་པ་དང་ལག་ལེན་སྟེང་ནས་རང་དཔེ་བུ་སྟོན་བྱེད་དགོས་པ་གལ་ཆེན་པོ་ཡིན། ཕྱི་རྒྱལ་གྱི་སེམས་ཁམས་རིག་པ་བ་ཚོས་ཕ་མས་གང་བྱས་བྱིས་པའི་བག་ཆགས་ཡིན་ཟེར་བ་ལྟར། ཕ་མ་ཚད་ལྡན་ཞིག་བྱེད་འདོད་ན་བུ་ཕྲུག་གི་མིག་དཔེ་ཚད་ལྡན་ཞིག་ཏུ་འགྱུར་དགོས། གལ་སྲིད་རང་གིས་དུད་ཆང་ལོངས་སུ་སྤྱོད་དེ་བུ་ཕྲུག་ལ་དེ་བྱེད་མི་ཉན་ཟེར་བ་དང་། རང་གིས་མནའ་སྐྱེལ་རྫུན་བཤད་དེ་བུ་ཕྲུག་ལ་དེ་བྱེད་མི་ཉན་ཟེར་བ། རང་གིས་རྒྱུན་དུ་བཟའ་འཁོན་བྱས་ཏེ་བུ་ཕྲུག་ལ་དེ་བྱེད་མི་ཉན་ལ་སོགས་པའི་ལུས་ངག་གི་སྤྱོད་པ་རྒྱབ་འགལ་དུ་ཕྱིན་པའི་སློབ་གསོ་ནི་མུན་ནག་ནང་དུ་མདའ་འཕངས་པ་དང་མཚུངས་ཤིང་བུ་ཕྲུག་ལ་མི་ཕན། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཡིན། ཕ་མའི་ཀུན་སྤྱོད་ནི་བུ་ཕྲུག་གི་སློབ་དེབ་ཡིན་ཟེར་བ་ལྟར། ཕ་མས་རང་གི་ཀུན་སྤྱོད་ལ་དུས་རྒྱུན་དུ་བདག་གཅེས་ལེགས་པོ་བྱས་ཏེ་བུ་ཕྲུག་གི་སློབ་དེབ་ཡག་པོ་ཞིག་ཏུ་བསྒྱུར་དགོས། ཕ་མ་ནི་བུ་ཕྲུག་གི་མེ་ལོང་ཡིན། བུ་ཕྲུག་ནི་ཕ་མའི་གཟུགས་བརྙན་ཡིན་ཟེར་བ་དང་། བུ་ཕྲུག་ནི་ཕ་མའི་སྐད་ཆ་ལ་ཉན་མཁན་ཞིག་མིན་ནའང་། ཕ་མ་ལ་ལད་ཟློས་བྱེད་པར་ནོར་འཁྱུག་འགྲོ་མཁན་ཞིག་མིན་ཞེས་བཤད་སྲོལ་ཡོད་པ་ལྟར། བུ་ཕྲུག་གི་གཤིས་ཀ་ལ་འགྱུར་ལྡོག་མི་ལེགས་པ་ཞིག་འགྲོ་བཞིན་ཡོད་ན། དང་པོ་ཕ་མ་རང་ཉིད་ཀྱི་ཀུན་སྤྱོད་ལ་བརྟག་ཞིབ་བྱེད་དགོས། ཕ་མ་རང་ཉིད་ལ་གཤིས་ཀ་ཡག་པོ་ཡོད་ན་བུ་ཕྲུག་ལ་བག་ཆགས་ཡག་པོ་ཐེབས་ཐུབ། རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་ཀྱང་རང་གི་མཐོང་ན་འདོད་པའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་རང་སྟེང་ནས་འགོ་འཛུགས་བྱེད་དགོས་ཞེས་གསུངས་ཡོད།

ཞིང་བ་ཚོས་ལོ་ཏོག་འདེབས་དུས་ས་བོན་ཡག་པོ་ཡོད་པ་གཅིག་པོའི་མི་ཆོག་པར་ས་བོན་འདེབས་སའི་ཞིང་ས་བཟང་བོ་ཞིག་དགོས་པ་ལྟར། བྱིས་པ་བཟང་བོ་ཞིག་གཙོ་སྐྱོང་བྱེད་པའི་སྐབས་སུ་ཡང་ཕ་མ་གཤིས་བཟང་ཀུན་སྤྱོད་ཡག་པོ་ཡོད་མཁན་ཞིག་ཡོད་པ་གཅིག་པོའི་མི་འགྲིག་པར། བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོས་ཞིང་ནང་དུ་ས་བོན་བཏབ་སྟེ་ལྗང་མྱུག་འབུས་ཡོང་བའི་སྐབས་སུ། ཡུར་མ་ཡུར་ཏེ་རྩྭ་ལྡུམ་འཐུ་དགོས་པ་བཞིན། བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་བྱིས་པ་གོམས་གཤིས་མི་གཙང་བ་དང་སྤྱོད་པ་ངན་པ་ཅན་རྣམས་ལ་འགྲོག་ཏུ་འཇུག་མི་ཉན། གལ་སྲིད་བུ་ཕྲུག་གིས་ཀུན་སྤྱོད་མི་ལེགས་པའི་བྱིས་པ་དང་གྲོགས་བསྒྲིགས་ཏེ་ཁོ་ཚོར་འགྲོགས་ཡུན་རིང་དྲགས་ན། བུ་ཕྲུག་གི་གོམས་གཤིས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་བུ་ཕྲུག་གི་མ་འོངས་པའི་འཚོ་བ་སྐྱེལ་སྟངས་ལ་གནོད་པ་ཆེན་པོ་སྐྱེལ་སྲིད་པས་གཟབ་དགོས། ཕྱི་གླིང་བ་ཚོས་སྤྱོད་པ་མི་ལེགས་པའི་མི་ལ་འགྲོགས་ན་མི་ཚེ་ལེགས་པོ་ཞིག་སྐྱེལ་མི་ཐུབ་ཅེས་དང་། སྤྱོད་པ་ངན་པའི་མི་ལ་ཐུག་ན་གཡོལ་ནས་འགྲོ་དགོས་པ་མ་ཟད་འབྲོ་དགོས་ཞེས་བཤད་སྲོལ་ཡོད། དེ་བཞིན་དུ་གུང་ཐང་བསྟན་པའི་སྒྲོན་མེས་སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།། གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།། རྩེད་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི།། ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་ཞེས་གསུངས་ཡོད། དེ་ལྟར་ན་ཕ་མས་བུ་ཕྲུག་འགྲོ་སའི་སློབ་གྲྭའི་ཁོར་ཡུག་དང་དགེ་རྒན་ཀྱི་ཀུན་སྤྱོད་བཟང་ངན་སོགས་ལ་ཞིབ་འཇུག་གནང་སྟེ་བུ་ཕྲུག་གི་གཤིས་སྤྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་མི་ཉན། གལ་སྲིད་རང་དབང་མེད་པའི་ཕྱིའི་ཁོར་ཡུག་དང་ལམ་ལུགས་སོགས་ཀྱིས་བུ་ཕྲུག་གི་གོམས་གཤིས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ན། བུ་ཕྲུག་གི་འཚར་ལོངས་ཀྱི་ཆེད་དུ་ཁོར་ཡུག་ཡག་པོ་ཞིག་ཏུ་གནས་སྤར་དགོས། ཡང་ཕྱི་གླིང་བ་ཚོས་ལེགས་ཚོགས་ཐམས་ཅད་མི་གཤིས་ལེགས་པའི་རྗེས་སུ་འབྲིང་ཞེས་བཤད་སྲོལ་ཡོད་པ་ལྟར་བུ་ཕྲུག་གི་མ་འོངས་པའི་བྱ་བཞག་ཐམས་ཅད་ལེགས་འགྲུབ་ཡོང་བ་དང་མི་ཚེ་དོན་སྙིང་དང་ལྡན་པ་ཞིག་སྐྱེལ་ཐུབ་པའི་ཆེད་དུ་ལྷད་མེད་པའི་བུ་ཕྲུག་གི་རང་གཤིས་སྐྱོང་བཟང་བོ་ལ་ཤན་ཤུགས་ངན་པ་ཐེབས་སུ་མི་འཇུག་པར་སྲུང་སྐྱོབ་བྱེད་དགོས་པར་སེམས་སོ།།

སློབ་གསོ་དར་ཁྱབ་ཏུ་སོང་བའི་རྒྱལ་ཁབ་ཀྱི་མི་ཚོས་སློབ་གསོ་ནི་བུ་ཕྲུག་གི་མ་འོངས་པའི་འཚོ་བའི་ཁྲོད་དུ་ཆེས་མཁོ་གལ་ཆེ་བའི་ཁྱད་ནོར་དེ་ཡིན་པར་ཤེས་རྟོགས་བྱུང་སྟེ་བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་གི་བཟང་ངན་ལ་ཧ་ཅང་ནན་ཏན་བྱེད་པའི་ལུགས་སྲོལ་ཡོད། དཔེར་ཁ་ན་ཊའི་གྲོང་ཁྱེར་ཀྲོ་རན་ཊོར་ལྟ་བུར་མཚོན་ནའང་། མི་མང་སྡོད་གནས་བྱེད་སའི་ས་ཁུལ་མི་འདྲ་བའི་བར་དུ་སློབ་གསོར་མཐོང་ཆེན་བྱེད་སྟངས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད། སློབ་གསོ་མཐོང་ཆེན་བྱེད་མཁན་དང་མི་བྱེད་མཁན་རྣམས་ཀྱི་ཁྱིམ་ཚང་ཚོའི་འཚོ་བའི་གནས་སྟངས་ལ་བཟང་ངན་གྱི་ཁྱད་པར་ཆེན་པོ་ཡོད། སློབ་གསོ་མཐོང་ཆེན་བྱེད་མཁན་ཀྱི་ཁྱིམ་ཚང་ཚོ་གནས་སྡོད་བྱེད་པའི་ས་ཁུལ་གྱི་སློབ་གྲྭའི་མཐུན་རྐྱེན་བཟང་ཞིང་དགེ་རྒན་གྱི་སྤུས་ཀ་ཡག དེར་བརྟེན་བུ་ཕྲུག་གི་མདུན་ལམ་ལ་གཙིགས་ཆེན་བྱེད་མཁན་གྱི་ཕ་མ་ཚོས་སློབ་གསོར་མཐོང་ཆེན་བྱེད་མཁན་ཚོ་སྡོད་སའི་ས་ཁུལ་དུ་ཁང་བ་ཆུང་ཆུང་རེ་ཉོས་ཏེ་གནས་སྡོད་བྱེད་ཐབས་བྱེད་ཀྱི་ཡོད། སློབ་གསོ་མཐོང་ཆེན་བྱེད་སའི་ས་གནས་སུ་ཁང་བའི་རིན་གོང་ཧ་ཅང་ཆེན་པོ་ཡིན། ཡིན་ནའང་ཕ་མ་ཚོས་སློབ་གསོ་གཙོ་བོར་འཛིན་པ་དང་སློབ་གསོར་དགའ་བའི་མི་ཚོའི་ཤུགས་རྐྱེན་བུ་ཕྲུག་གི་རྒྱུད་ལ་ཐེབས་སུ་འཇུག་ཐབས་བྱེད་ཀྱི་ཡོད། དེ་ལྟར་ན་ང་ཚོ་བོད་པའི་ཕ་མ་རྣམས་ཀྱིས་ཀྱང་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་དེ་ཨང་དང་པོར་བཞག་སྟེ་ཐབས་ཤེས་གང་ཡོད་ཀྱི་ལམ་ནས་བུ་ཕྲུག་ལ་སློབ་གསོ་ཡག་པོ་ཞིག་ཐེབས་སུ་འཇུག་དགོས།

མདོར་དེད་ན་རང་ཉིད་ཀྱི་ཀུན་སྤྱོད་དང་བུ་ཕྲུག་གིས་འགྲོགས་འདྲིས་བྱེད་སའི་བྱིས་པའི་ཀུན་སྤྱོད། བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་གི་མིའི་ཀུན་སྤྱོད་སོགས་ཀྱིས་བུ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་བག་ཆགས་འཇོག་གི་ཡོད་པར་བརྟེན། དེ་དག་ལ་བརྟག་ཞིབ་བྱས་ཏེ་བུ་ཕྲུག་གི་རྒྱུད་ལ་ཤན་ཤུགས་ངན་པ་ཐེབས་སུ་འཇུག་མི་ཉན། ཚོམས་ལས་སེམས་དུལ་བ་ནི་ལེགས་པ་དེ།། སེམས་དུལ་བ་ཡིས་བདེ་བ་འདྲེན།། ཞེས་སེམས་དུལ་བ་ལ་བརྟེན་ནས་བདེ་བ་འདྲེན་གྱི་ཡོད་པ་གསུངས་པ་བཞིན། ཕ་མས་རང་སེམས་དུལ་བའི་སྒོ་ནས་བུ་ཕྲུག་ལ་བག་ཆགས་ཡག་པོ་བཞག་སྟེ་གསོ་སྐྱོང་བྱེད་དགོས། དེ་བཞིན་དུ་ཕྱི་གླིང་གི་བྱིས་པའི་སེམས་ཁམས་རིག་པ་བ་ཚོས་ཕ་མས་རང་ཉིད་ལ་ཚོད་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་བུ་ཕྲུག་ལ་ཚོད་འཛིན་བྱེད་མཚམས་འཇོག་ཉིན་དེར་བྱིས་སྐྱོང་སློབ་གསོ་ལེགས་ལམ་དུ་འགྲོ་བའི་འགོ་བཙུགས་པ་ཡིན་ཞེས་གསུངས་ཡོད། དེས་ན་ཕ་མས་བུ་ཕྲུག་གི་ལྷན་སྐྱེས་ཀྱི་སེམས་ཁམས་གཙང་མ་དེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བདག་གཅེས་དང་སྲུང་སྐྱོབ་ཡག་པོ་བྱས་ཏེ་བུ་ཕྲུག་ལ་མི་གཤིས་ཀྱི་རྨང་གཞི་ཡག་པོ་འཇོག་རྒྱུ་གལ་ཆེའོ།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༧ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese