མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སར་འབྲེལ་བའི་མངའ་སྡེའི་བློན་ཆེན་རྣམ་པར་ཞུ་ཡིག་འབུལ་དགོས་པའི་རེ་སྐུལ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་བརྩོན་འགྲུས་ལགས་ནས་བོད་དང་ས་འབྲེལ་ཡིན་པའི་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམས་ཀྱིས་རང་གི་མངའ་སྡེ་དེ་བོད་དང་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་འབྲེལ་བ་མེད་པའི་གསལ་བསྒྲགས་གནང་རྒྱུར་བོད་མི་ཚོས་འབོད་སྐུལ་ཞུ་དགོས་པའི་སྐུལ་མ་གནང་འདུག

དེ་རིང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་བོད་རང་བཙན་ཆེད་ཁེར་རྐྱང་གི་གོམ་བགྲོད་ལས་འགུལ་དེ། བཞུགས་སྒར་དྷ་ས་དང་རྒྱང་ཐག་སྤྱི་ལེ་ ༩༠ མ་ཟིན་ཙམ་གྱི་མཚམས་སུ་ཡོད་པའི་ཨུ་ནཱ་རྫོང་གི་(Una)ཨམ་བྷི་(Amb) ཞེས་པའི་གྲོང་རྡལ་དུ་འབྱོར་ཡོད་ཅིང། གོམ་བགྲོད་ཀྱི་རེ་འདུན་བཞིན་བོད་མི་གང་མང་མང་གིས་བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམས་ལ་ཞུ་ཡིག་སོགས་བཏང་སྟེ། སྤྱི་ཁྱབ་བློན་ཆེན་རྣམས་ཀྱིས་རང་གི་མངའ་སྡེ་དེ་ཉིད་བོད་དང་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུའི་རེ་སྐུལ་ཞུ་དགོས་སྐོར་བརྗོད་བྱུང་ལ། གོམ་བགྲོད་ལས་འགུལ་དང་སྦྲགས་དྲ་ལམ་https://www.ipetitions.com/petition/support-tenzin-tsundue-stand-up-for-tibet?fbclid=IwAR1qeYMM8SdquUvfpqNS3uESKvL8RQSDG6a4JMwQk6q-l039eDNEhSoGm68ནས་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཅིག་ཀྱང་གནང་གི་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཞལ་པར་བརྒྱུད་འདི་གའི་གསར་འགོད་པར། སྤྱིར་ད་ལྟའི་ཆར་གོམ་བགྲོད་ལས་འགུལ་རིང་དཀའ་ངལ་དམིགས་བསལ་གང་ཡང་བྱུང་མ་སོང་། བློ་འཚབ་ཡོང་གཞི་དེ་ངས་བོད་པའི་སྤྱི་ཚོགས་ནང་ལས་འགུལ་འདིར་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་སོ་སོའི་ངོས་ནས་ལས་འགུལ་སྤེལ་རྒྱུའི་དོན་ཚན་སྣ་ཁ་གཉིས་སྤེལ་ཡོད་ཀྱང་། དེར་ལན་འདེབས་ཤུགས་ཆེན་པོ་དེ་ཙམ་བྱུང་མ་སོང་། རེ་སྐུལ་གཅིག་དེ་བོད་མི་རེ་རེས་རྒྱ་གར་གྱི་མི་བཅུ་རེར་བོད་དོན་ཐོག་གོ་རྟོགས་སྤེལ་རྒྱུ་དང་། གཉིས་པ་དེ་བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་ཡོད་པའི་བོད་མི་རྣམས་ཀྱིས། རང་གི་མངའ་སྡེའི་བློན་ཆེན་ལ་མངའ་སྡེ་དེ་བོད་དང་ས་འབྲེལ་ཆགས་ཡོད་པ་ལས་རྒྱ་ནག་དང་འབྲེལ་བ་མེད་ཅེས་པའི་གསལ་བསྒྲགས་གནང་རྒྱུར་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་གྱིས་གསལ་བསྒྲགས་གནང་ཟིན་པ་ལྟར། ལ་དྭགས་དང་། ཧི་མ་ཅལ། ཨུ་ཏར་ཁན། འབྲས་ལྗོངས་བཅས་ཀྱིས་ཀྱང་དེ་ལྟར་གནང་ཐུབ་རྒྱུའི་ཐད་ཤུགས་རྒྱག་དགོས། མངའ་སྡེ་དེ་དག་གིས་གསལ་བསྒྲགས་མ་བྱས་ཚེ་ལྡི་ལི་དབུས་གཞུང་གིས་གནང་རྒྱུ་ཁག་པོ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ཐེངས་ཀྱི་ལས་འགུལ་འདི་མཚོན་དོན་གྱི་ལས་འགུལ་མིན་པར། དོན་དག་འགྲུབ་ཐུབ་རྒྱུའི་ལས་འགུལ་ཞིག་ཡིན་སྟབས། བོད་མི་བྱིངས་ཀྱིས་ཤུགས་མ་བརྒྱབ་ཚེ་ལས་འགུལ་འདི་ཡང་མིང་ཙམ་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་ཡོད། དེ་བཞིན་ལས་འགུལ་འདི་བོད་པའི་རྩ་དོན་རང་གི་ཆེད་དུ་ཡིན་པ་ལས། ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་མིན་ལ་མ་ལྟོས་པར་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ཁུངས་སྐྱེལ་བྱེད་ཀྱི་ཡོད། ལྷག་པར་དུ་དབུ་མའི་ལམ་ལྟ་བུ་ཡིན་ན། ལོ་རྒྱུས་ཐོག་ང་ཚོ་རང་བཙན་ཡིན་པའི་ཁུངས་སྐྱེལ་བྱེད་མ་ཐུབ་ན། ང་ཚོར་མདུན་ལམ་ཙམ་ཡང་ཡོད་པ་མ་རེད། ད་ལྟའི་གནས་སྐབས་སུ་རྒྱ་གར་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་སྟབས། དེར་འགྱུར་བ་གཏོང་རྒྱུའི་ལས་འགན་ང་ཚོ་ཚང་མ་ལ་ཡོད་པ་རེད། ཅེས་བརྗོད་བྱུང་།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་བོད་རང་བཙན་ཆེད་དྷ་ས་ནས་ལྡི་ལི་བར་གྱི་གོམ་བགྲོད་ལས་འགུལ་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༡༢ ཏེ་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་མགོ་བརྩམས་པ་ཞིག་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་གསུམ་བཅུའི་དུས་དྲན་ཉིན་མཇུག་སྒྲིལ་འཆར་ཡོད་འདུག ཁེར་རྐྱང་གི་གོམ་བགྲོད་ལས་འགུལ་རིང་བསྟན་འཛིན་བརྩོན་འགྲུས་ལགས་ལ་གསར་འགོད་ལྷན་ཚོགས་བསྡུ་སྐོང་སོགས་ཀྱི་ཐད་ཕྱག་རོགས་གནང་མཁན་བོད་མི་གསུམ་ཡོད་པ་དང་། དེ་བཞིན་འདས་པའི་ཉིན་གྲངས་ ༥ རིང་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་རྡོ་རྗེ་ཚེ་བརྟན་ལགས། ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སོགས་བོད་མི་སྒེར་བ་ཁག་ཅིག་ནས་རྒྱབ་སྐྱོར་ཆེད་ཆུ་ཚོད་འགའ་ཤས་དང་ཉིན་གྲངས་གཅིག་དེ་འདྲར་ཁོང་དང་ལྷན་དུ་གོམ་བགྲོད་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    ཕོ་རྒོད་བསྟན་འཛིན་བརྩོན་འགྲུས་།
    ས་གནམ་བར་ལ་གྲགས་བྱུང་།
    རླབས་ཆེན་ལས་འགུལ་སྤེལ་བར་།
    གདུང་སེམས་མཉམ་སྐྱེད་ཡོད་དོ་།
    ཕྱི་ནང་བར་ཆད་མི་ཡོང་བ་ཤོག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese