མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་གླིང་ཆེད་དུ་གནམ་ཐང་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཐོག་ནས་ལེ་བར་ ༤ ཙམ་གྱི་མཚམས་སུ་གནམ་ཐང་གསར་པ་ཞིག་རྒྱག་པའི་ལས་མགོ་བཙུགས་ཏེ་ཟླ་ ༥ ཙམ་འགྲོ་བཞིན་འདུག

མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་མཚོ་སྐྱ་རིང་ཁུལ་དུ་ལོ་མང་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་གླིང་ཆེ་ཤོས་ཤིག་རྒྱག་པའི་ལས་གཞི་བརྩམས་ཟིན་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་སྤྱི་གླིང་དུས་ཆེན་ཟེར་བ་དང་བསྟུན་རྨ་སྟོད་རྫོང་ཐོག་ནས་ལྷོ་ནུབ་ཁུལ་གྱི་སྤྱི་ལེ་ ༨ ཙམ་གྱི་མཚམས་སུ་ཡོད་པའི་རྟ་རྒྱུག་ཐང་དུ་གནམ་ཐང་ཞིག་རྒྱག་བཞིན་ཡོད་འདུག་ལ།  འདས་ལོའི་ཕྱི་ཟླ་ ༨ ནང་དུ་མཚོ་སྐྱ་རིང་གི་མཚོ་མགོའི་བར་ཏུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་གྲུབ་ཡོད་པ་མ་ཟད། ས་གནས་མི་མང་བསྡུས་ཏེ་ཐེངས་ཁ་ཤས་ལ་སྤྱི་གླིང་ས་ཁུལ་གཙང་བཟོ་བྱེད་དུ་བཅུག་ཡོད་འདུག

མཚོ་སྐྱ་རིང་ཡུལ་ཚོ་ནི་ཕྱི་ལོ་ ༡༩༦༠ ཙམ་ནས་ས་དེར་གནས་བཅས་ཡོད་ཀྱང་། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གཞུང་གིས་ས་དེའི་འབྲོག་ཁྱིམ་ ༦༨༠ ཙམ་ཡོད་པ་ཚང་མ་སྲིད་གཞུང་གི་གྲོང་སྡེ་གསར་པའི་ནང་གནས་སྤོ་རུ་བཅུག་ཡོད་པ་དང་། ད་ལྟ་གནམ་ཐང་རྒྱག་ས་དེའང་མཚོ་སྐྱ་རིང་ཡུལ་ཚོ་རུ་ཁག་དྲུག་གིས་རྟ་རྒྱུག་སོགས་བྱེད་སའི་རྩེད་ཐང་ཡིན་འདུག

ས་གནས་དེར་ཡོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ནས་ས་ཆ་དེ་རུ་གློག་ཁང་གསར་རྒྱག་གི་ལས་གཞི་ཞིག་གི་ཆེད་དུ་རྨ་ཆུ་བཀག་པར་བརྟེན། རིམ་བཞིན་འགག་མཚམས་ནས་ཆུ་རྒྱས་ཏེ་མཚོ་སྐྱ་རིང་ཡུལ་ཚོའི་རྒྱབ་རིའི་གཡས་གཡོན་སོགས་ཆུའི་ནང་ནུབ་ཉེན་ཡོད་སྐོར་དང་། འགག་སྒོ་མ་བཟོས་གོང་དུ་ས་གནས་དེའི་རྨ་ཆུ་བརྒལ་དགོས་ན་རྟ་ཞོན་ནས་འགྲོ་དགོས་ཀྱང་། དེང་སང་རྐང་ཐང་བརྒལ་ནས་སོང་ནའང་ཐར་གྱི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist