མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༢ ལོའི་པེ་ཅིན་ཨོ་རྩལ་ནས་སུས་ཕྱིར་འཐེན་བྱས་ན་དཔལ་འབྱོར་ཉེས་ཆད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་མགྲིན་ཚབ་པར་གྱུར་བའི་གོ་ལའི་དུས་བབ་ཀྱིས་རྒྱལ་ཁབ་སུ་ཞིག་གིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་བྱས་ན་དེ་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུར་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༨༠ ལྷག་གིས་ངོ་རྒོལ་བྱེད་བཞིན་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཤི་ཅིན་(Hu Xijin)ཟེར་བ་དེས། སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝེ་ཊུར་སྟེང་དུ། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་དགོས་ཟེར་བ་དེ་ཡོངས་ཁྱབ་ཀྱི་བསམ་ཚུལ་ཞིག་མིན། དེ་ལ་རྒྱ་ཆེ་བའི་རྒྱབ་སྐྱོར་ཡང་འཐོབ་ཀྱི་མེད་ལ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་དང་རྩེད་མོ་བས་དེ་ལ་ངོ་རྒོལ་བྱེད་ཀྱི་མ་རེད། གལ་སྲིད་རྒྱལ་ཁབ་ཅིག་གིས་རྩེད་འགྲན་ནས་ཕྱིར་འཐེན་བྱས་ཚེ་རྒྱ་ནག་གིས་དེ་ལ་ཉེས་ཆད་ལྕི་མོ་གཅོད་པ་རེད་ཅེས་ཉེན་བརྡ་བཏང་ཡོད་སྟབས། རྒྱ་ནག་གཞུང་གི་སྨྲ་ལྕེར་གྱུར་བའི་གོ་ལའི་དུས་བབ་ཀྱིས་དམངས་གཙོའི་ཐོབ་ཐང་དང་རང་དབང་ལ་འཇིགས་སྐུལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་ཚེ་རིང་ལགས་སུ། རྒྱ་ནག་གཞུང་གི་ཡོངས་ཁྱབ་ཉེན་བརྡ་དེའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ལས་ཕྱིར་འཐེན་བྱེད་མཁན་རྒྱལ་ཁབ་ཚོར་དཔལ་འབྱོར་ཐོག་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཟེར་བ་དེས། འཛམ་གླིང་རྒྱལ་ཁབ་ཁག་གི་དམངས་གཙོ་དང་ཐོབ་ཐང་། རང་དབང་སོགས་ལ་ངོ་རྒོལ་དང་སྡིགས་ར་སྐུལ་གྱི་ཡོད་པ་བསྟན་ཡོད་ལ། ཕྱོགས་གཅིག་ནས་ང་ཚོ་ཚུད་པའི་རྒྱལ་སྤྱིའི་སྟེང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོས་རྒྱ་ནག་ནང་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་པར་ནུས་པ་ཐོན་གྱི་ཡོད་པའང་མཐོང་གི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། འཛམ་གླིང་རྒྱལ་ཁབ་གཞན་ཞིག་ཨོ་རྩལ་འགྲན་ཚོགས་ནང་འཛུལ་ཞུགས་མ་བྱས་ཚེ། རྒྱ་ནག་གིས་དཔལ་འབྱོར་ཐོག་ནས་གྱོང་སྤྲོད་རྒྱུ་ཡིན་ཟེར་བ་ནི། རྒྱ་ནག་འོག་མྱོང་བཞིན་པའི་མི་མང་ཡོངས་དང་རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་སྡིགས་ར་སྐུལ་བ་ཙམ་མ་ཡིན་པར། འཛམ་གླིང་རྒྱལ་ཁབ་ཁག་གི་དམངས་གཙོའི་རང་དབང་གཞིར་བཟུང་། རྩེད་འགྲན་ནང་འཛུལ་ཞུགས་བྱེད་འདོད་ཡོད་མེད་ལ་མ་ལྟོས་པར་སྡིགས་ར་སྐུལ་གྱི་ཡོད་པ་མ་ཟད། དེས་དམངས་གཙོ་དང་རང་དབང་། ཨོ་རྩལ་འགྲན་ཚོགས་ཀྱི་ཆེ་མཐོང་ལའང་བརྩི་འཇོག་བྱེད་ཀྱི་མེད་སྐོར་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་མའེ་ཁུ་ཝོལ་རྫི་ (Mike Waltz) ལགས་ཀྱིས། ཨ་རིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་ཡོངས་ལ་འབོད་སྐུལ་གནང་སྟེ། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་སྒེར་གཅོད་འོག་དྲག་གནོན་གྱི་སྲིད་ཇུས་འདྲ་མིན་སྤེལ་ཏེ། ཧོང་ཀོང་དང་ཡུ་གུར་མི་མང་གཙོས་པའི་ཚོགས་པ་དང་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་བརྟེན།  ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྩེད་འགྲན་ཆེན་མོ་རྒྱ་ནག་ནང་འཚོག་རྒྱུ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་དང་། གལ་སྲིད་ཕྱིར་འཐེན་མ་བྱས་ཚེ་ཨ་རི་དང་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་ནང་འཛུལ་ཞུགས་མི་གནང་བའི་འབོད་སྐུལ་གནང་ཡོད་པ་རེད།

དེ་བཞིན། ཕྱི་ཚེས་ ༦ ཉིན་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཌའེ་ཝི་ (Ed Davey) ལགས་དང་བྷིར་ཡན་ཊི་ (Chris Bryant) ལགས་གཉིས་ནས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དྲག་གནོན་ཐེབས་ཀྱི་ཡོད་པའི་ངོས་འཛིན་འོག དབྱིན་ཇིའི་རྩེད་འགྲན་པ་ཚོས་རྒྱ་ནག་ནང་དགུན་ཁའི་ཨོ་རྩལ་རྩེད་འགྲན་འཚོག་རྒྱུར་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

ཕྱི་ལོ་༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་ནང་འཚོག་གཏན་འཁེལ་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་བཞུགས་སྒར་དྷ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ལྔའི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་པེ་ཅིན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིས། ཉིན་དེ་ནས་བཟུང་རྒྱལ་སྤྱིའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༦༠ ལྷག་གིས་རྒྱལ་ཁབ་ཁག་གི་སྲིད་གཞུང་རྣམས་ལ་ཞུ་ཡིག་ཕུལ་ཏེ། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་མི་བྱེད་པ་དང་མཉམ་ཞུགས་མི་བྱེད་པའི་འབོད་སྐུལ་བྱས་ཡོད་པ་དང་། ད་ལྟ་རྒྱལ་སྤྱིའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ ༡༨༠ ལྷག་དང་གྲོས་ཚོགས་འཐུས་མི་དང་། མི་མང་སོགས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྩེད་འགྲན་མུ་མཐུད་རྒྱ་ནག་ནང་འཚོག་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་གྲོན་གཏང་བའི་ཐོག་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་བསྐྲུན་ཏེ། པེ་ཅིན་འཛམ་གླིང་གི་དབྱར་དགུན་གཉིས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་ཡུལ་ཐོག་མ་ཆགས་ཐབས་སུ་འབད་ཀྱི་ཡོད་པ་རེད། འོན་ཀྱང་། གནད་དོན་དཔྱད་ཞིབ་པ་མང་པོས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བ་དང་ཧོང་ཀོང་གི་རང་སྐྱོང་གནས་བབ་སྒྱུར་བཅོས། དེ་བཞིན། འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བཏང་བ་སོགས་ཀྱི་རྒྱུ་རྐྱེན་འོག ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཆེན་མོ་རྒྱ་ནག་ནང་འཚོག་པར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese