མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོགས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གུས་བརྩི་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༦ པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་རྒྱ་ནག་ནང་ཕྱིན་ཏེ་རང་དབང་ལྡན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་པའི་སྐུལ་མ་གནང་།

ཁ་སང་ཕྱི་ཚེས་ ༢༣ ཉིན་ཇི་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༦ པ་དྲ་ལམ་བརྒྱུད་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་སྤྱི་ཁྱབ་འགན་འཛིན་ཇོ་སིབ་བྷོ་རལ་ (Josep Borrell) ལགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ (Bachelet) ཚུད་པའི་རྒྱལ་སྤྱིའི་རང་དབང་གི་ཚོགས་སྡེ་ཞིག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྟོག་ཞིབ་བྱེད་པར་ཆོག་མཆན་སྤྲོད་དགོས་པའི་སྐུལ་མ་བསྐྱར་དུ་བྱེད་ཀྱི་ཡོད་པ་དང་། རང་དབང་གི་རྟོག་ཞིབ་ཚོགས་པ་ཞིག་རྒྱ་ནག་ཏུ་གཏང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོད་པའི་བློ་འཚབ་དེ་རང་དབང་དང་ལྡན་ཞིང་ཕྱོགས་སུ་མ་ལྷུང་བ། ཕྱི་གསལ་ནང་གསལ་གྱི་ཐོག་རྟོག་ཞིབ་བྱེད་པའི་ཐབས་ལམ་ཁོ་ན་དེ་ཡིན་པ་རེད། ཅེས་དང་། ཧོང་ཀོང་དང་འབྲེལ་ནས་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྒྲིག་གི་དབང་བསྒྱུར། དམངས་གཙོའི་ལྟ་གྲུབ་ལ་བརྩི་སྲུང་དགོས་སྐོར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་ལ་འགན་ལེན་དགོས་སྐོར་བརྗོད་འདུག

ཡང་ཁོང་གིས་གོ་ལ་ཧྲིལ་བོར་ནད་ཡམས་ཆེན་པོ་ཞིག་གི་དཀའ་ངལ་འོག་ཡོད་པའི་གནས་སྐབས་འདིར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཉམ་ཆགས་སུ་འགྲོ་བཞིན་ཡོད་པར། སྲིད་གཞུང་མང་པོ་ཞིག་གིས་གསར་འགོད་པར་བཀག་སྡོམ་དང་དངོས་ཡོད་གནས་ཚུལ་འཁྱོག་བརྗོད་བྱེད་པ། ཞི་བའི་ཁྲོམ་སྐོར་བ་རྣམས་བཀག་ཉར་བྱེད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་རྡུང་རྡེག་གཏོང་བ་སོགས་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ཁང་ (International Criminal Court) ལ་ཁྱད་གསོད་བྱེད་བཞིན་པའི་གནས་ཚུལ་ཡང་འབྱུང་གི་ཡོད་སྟབས། འཛམ་གླིང་གི་རྒྱལ་ཁབ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐད་ཤུགས་སྣོན་རྒྱག་དགོས་སྐོར་དང་། ཡུ་རོབ་མཐུན་ཚོགས་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཤུགས་སྣོན་བྱ་རྒྱུ་ཡིན་པ་དང་། ཉེ་ལམ་ནས་ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོག་ཁྲིམས་སྒྲིག་ལག་བསྟར་གྱི་འཆར་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་གཏོང་ཐབས་སུ་ཡུ་རོབ་མཐུན་ཚོགས་ཀྱི་གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་ཉེས་ཆད་སྲོལ་ཡིག་ (EU Global Human Rights  Sanctions Regime) ཞིག་གཏན་འབེབ་བྱས་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་ཕྱི་ཚེས་ ༢༢ ཉིན་གྱི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་ཌོ་མི་ནིག་རབ་ (Dominic Raab) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་ནང་འཆར་གཞི་ལྡན་པའི་ངང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་སྟངས་ལ་སྐྱོན་བརྗོད་དང་། བོད་ནང་གི་གནས་སྟངས་ནི་ཧ་ཅང་སེམས་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་གཞུང་གིས་མུ་མཐུད་བོད་ཁུལ་དུ་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་འགན་ལེན་ཡོད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱལ་ཚོགས་ལ་ལན་འདེབས་བྱེད་དུ་འཇུག་པ་ནི་རྒྱལ་ཚོགས་ཀྱི་ཁོངས་མི་ཡོངས་ཀྱི་མཉམ་འབྲེལ་གྱི་འགན་འཁྲི་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཚོགས་ཐོག་ཏུ་ཡུ་རོབ་མཐུན་ཚོགས་དང་ཉི་ཧོང་། རྒྱ་གར།  ལྷོ་ཀོ་རི་ཡ། ཐའེ་ལན་ཌི། བྷང་ལ་ཌེ་ཤི། ཨི་རག ཨི་ཇེབ། བྷེ་ལ་རུ་སི།  སོ་ཌི་ཨ་རབ། བལ་ཡུལ་སོགས་རྒྱལ་ཁབ་བཅུ་ལྷག་གི་ཕྱི་སྲིད་བློན་ཆེན་དང་ཆེས་མཐོའི་དཔོན་རིགས་ཁག་གི་བར་དུ་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཏམ་བཤད་གནང་ཡོད་འདུག་ལ། སྐབས་དེར་ད་ལྟའི་འབར་མའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཨུ་རུ་སུའི་གནས་སྟངས། ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སོགས་ཀྱི་ཐད་གླེང་སློང་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese