མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་ ༡༥ ཙམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཕྱི་ནང་གི་འགྲོ་འོང་བཀག་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ ༡༢ བྱུང་བའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་ ༢༥ ནས་ཕྱི་ཟླ་ ༣ ཚེས་ ༡༠ བར་དུ་གྲྭ་ཚང་གི་ཕྱི་ནང་འགྲོ་འོང་བཀག་སྡོམ་གནང་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་ཀང་རཱ་རྫོང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་བཀོད་ཁྱབ་ཞིག་བཏང་ཡོད་པའི་ནང་དྷ་རམ་ས་ལའི་ཉེ་འདབས་རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་གཉན་རིམས་འགོས་པ་ ༡༢ གཏན་འཁེལ་བྱུང་ཡོད་སྟབས། མི་མང་འདུ་འཛོམས་མི་ཆོག་པའི་ཁྲིམས་ཡིག་དོན་ཚན་ 144 OF CrPC, 1973 འོག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བར་འབྲེལ་ཡོད་ས་གནས་ནད་ཡམས་ཀྱི་ལྟེ་བར་ངོས་འཛིན་བྱས་ཏེ། བཀོད་ཁྱབ་འོག་ཡོད་པའི་ས་གནས་ནང་ནད་ཡམས་སྔོན་འགོག་སོགས་ཀྱི་ལས་དོན་དང་འབྲེལ་བའི་སྨན་ཞབས་པ་དང་འབྲེལ་ཡོད་རླངས་འཁོར་ཁག་ཅིག་ལས་གཞན་སུའང་འཛུལ་མི་ཆོག་པ་དང་། ཛ་དྲག་གི་སྨན་བཅོས་བྱེད་པར་དམིགས་བསལ་ཆོག་མཆན་ཡི་གེ་ཡོད་ན་མ་གཏོགས་བཀག་སྡོམ་འོག་ཡོད་པའི་མི་སུའང་སྒོའི་ཕྱིར་ཐོན་མི་ཆོག་པ་དང་། ཉེར་མཁོའི་ཅ་དངོས་རྣམས་གྲྭ་ཚང་དང་འབྲེལ་ཡོད་ལས་མིས་མཁོ་སྤྲོད་གནང་རྒྱུ་དང་། བཀོད་ཁྱབ་འོག་གི་ལས་ཁུངས་རྣམས་ཀྱང་སྒོ་འབྱེད་མི་ཆོག་སྐོར་བསྒྲགས་འདུག

ད་ལྟ་རྒྱུད་སྟོད་གྲྭ་ཚང་གི་གནས་སྟངས་གང་འདྲ་ཡོད་མེད་ཀྱི་ཐད་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དྷ་ས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་དྲིས་པར་ཁོང་གིས། ནད་ཡམས་འགོས་ཡོད་པ་གཏན་འཁེལ་བྱུང་བ་གྲངས་ ༡༢ བྱུང་བ་གཞིར་བཟུང་། ཕྱི་ཚེས་ ༢༥ ཉིན་ནས་གྲྭ་ཚང་གི་མི་གཞན་རྣམས་ལའང་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། ནད་པ་ ༡༢ བྱུང་ཡོད་པ་རྣམས་ཟུར་བཀག་བྱས་ཡོད་པ་དང་། ད་ལྟ་རྫོང་རིམ་པའི་ལམ་སྟོན་འོག་སྔོན་འགོག་གི་ལས་དོན་རྣམས་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་། ཡང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་སྐལ་བཟང་རྒྱ་མཚོ་ལགས་སུ་ད་ལྟ་གྲྭ་ཚང་ལ་ཁྱོན་མི་གྲངས་ག་ཚོད་ཡོད་པ་དང་། ད་ལྟའི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས། ནད་ཡམས་སྔོན་འགོག་གི་ལས་དོན་དང་འབྲེལ་ནས་གནས་སྐབས་རིང་བྲེལ་བ་ཡིན་པ་དང་། ཉིན་ཤས་ནས་གནས་ཚུལ་ཆ་ཚང་ཁ་གསལ་ཆགས་འགྲོ་ངེས་སྐོར་འགྲེལ་བརྗོད་གནང་བྱུང་།

ཀང་རཱ་རྫོང་གི་གནས་ཚུལ་ལྟར་ན། རྒྱུད་སྟོད་གྲྭ་ཚང་དུ་ཁྱོན་མི་གྲངས་ ༤༠༠ ཙམ་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༢༥ ཉིན་མི་གྲངས་ ༡༢ ལ་ནད་ཡམས་འགོས་ཡོད་པ་གཏན་འཁེལ་བྱུང་ཡོད་པའི་ཁྲོད་། དགུང་ལོ་བགྲེས་ཤོས་ ༤༨ ཅན་མི་གཉིས་དང་ཆུང་ཤོས་ལོ་ ༡༥ ཅན་མི་གཉིས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱུད་སྟོད་གྲྭ་ཚང་གི་ནད་པའི་གྲུབ་འབྲས་མ་ཐོན་གོང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། འདས་པའི་བདུན་ཕྲག་གཅིག་གི་རིང་དྷ་ས་ཁུལ་དུ་མི་གྲངས་ ༤༨ དང་མེན་པཱཌ་གཞིས་ཆགས་སུ་མི་གྲངས་ ༡༢ བཅས་ཁྱོན་མི་གྲངས་ ༦༠ ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབས་ཡོད་པ་དང་། ད་བར་ཁྱོན་བོད་མི་གྲངས་ ༤༠༦ ལ་འགོག་ཁབ་བརྒྱབས་ཟིན་སྐོར་དང་། འདས་པའི་བདུན་ཕྲག་གཅིག་གི་ནང་ནད་གཞི་ཕོག་པ་གྲངས་ ༡༠ བྱུང་ཡོད་པའི་ཁྲོད། ལོ་ན་མཐོ་ཤོས་ ༩༠ དང་དམའ་ཤོས་ ༡༥ ཅན་ཡིན་ཞིང་། ནད་རྟགས་དམིགས་བསལ་མེད་པ་གྲངས་ ༦ དང་ཅུང་ཙམ་མངོན་པ་གྲངས་ ༤། དེ་བཞིན་ནད་རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་མེད་སྐོར་འགྲེལ་བརྗོད་གནང་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་གཅིག་རིང་རྒྱ་གར་རྒྱལ་ཡོངས་སུ་ཁྱོན་ཏོག་དབྱིབས་ནད་པ་གྲངས་ ༡༦༥༧༧ དང་རྐྱེན་འདས་སུ་ཕྱིན་པ་གྲངས་ ༡༢༠ བྱུང་ཡོད་འདུག་ལ། ཧི་མ་ཅལ་མངའ་སྡེའི་ནང་ནད་པ་གྲངས་ ༤༢ བྱུང་ཡོད་པའི་ཁྲོད་ཀང་རཱ་རྫོང་ཁོངས་སུ་ནད་པ་གྲངས་ ༡༨ བྱུང་སྟེ་མངའ་སྡེའི་ཉིན་གཅིག་གི་ནང་ནད་པ་གྲངས་མང་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༧ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese