མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ ༤༧ འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཁྲིམས་གསར་ལག་བསྟར་བྱས་ཏེ་ལོ་གཅིག་མ་ཟིན་པའི་ནང་ཉུང་མཐར་ཧོང་ཀོང་གི་ལས་འགུལ་བ་ ༤༩༨ འཛིན་བཟུང་བྱས་ཡོད་འདུག

དེ་རིང་ཕྱི་ཚེས་ ༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ཉེན་རྟོག་པས་བུད་མེད་ ༨ དང་སྐྱེས་པ་ ༣༩ བཅས་ཁྱོན་ལས་འགུལ་བ་ ༤༧ འཛིན་བཟུང་བྱས་ཡོད་པ་དང་། ལས་འགུལ་བ་དེ་ཚོས་ཁྲིམས་ལུགས་ལ་གཏོར་བརླག་གཏོང་ཆེད་ལྐོག་ཇུས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

དེ་ཡང་དབྱིན་ཡུལ་ཕྱི་སྲིད་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཌོ་མི་ནིག་རབ (Dominic Raab) ལགས་ཀྱིས་ཊུ་ཝི་ཊར་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་རྩ་གཏོར་གཏོང་བའི་སྐྱོན་འཛུགས་འོག ཧོང་ཀོང་གི་ཆབ་སྲིད་པ་ ༤༧ འཛིན་བཟུང་བྱས་པ་འདི་ཟིང་འཁྲུག་སློང་ཐབས་ཤིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་དང་འགལ་ཏེ། ཁྲིམས་དེས་ཆབ་སྲིད་པ་སླར་གསོ་བྱ་རྒྱུའི་ཚབ་ལ་ཁ་གཏད་ཆབ་སྲིད་པ་མེད་པར་བཟོ་ཡི་འདུག ཅེས་བྲིས་འདུག

དེ་ཡང་ངོ་རྒོལ་ལས་འགུལ་བ་གཞོན་སྐྱེས་སམ་ཆོང་ (Sam Cheung) ཞེས་པ་ཞིག་གིས།  ངའི་རེ་བར་ཚང་མས་ཧོང་ཀོང་གི་རྒྱལ་ཁབ་བློས་མི་གཏོང་བར་མུ་མཐུད་འཐབ་རྩོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ།   དེ་བཞིན། ལས་འགུལ་བ་ཇི་མི་ཤམ་(Jimmy Sham)ཞེས་པ་ཞིག་གིས། དམངས་གཙོ་ནི་ལྷ་ཡུལ་ནས་ཐོབ་པའི་ལག་རྟགས་ནམ་ཡང་མིན། དེ་ནི་མི་མང་པོའི་འདུན་པ་ལས་ཐོབ་པ་ཞིག་ཡིན། ང་ཚོ་མུ་མཐུད་སྟོབས་ཤུགས་ཆེན་པོའི་ངང་གནས་ཏེ་རང་ཉིད་ལ་གང་དགོས་པ་དེའི་ཐོག་འཐབ་རྩོད་བྱ་དགོས། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་གཏན་འབེབ་བྱས་ཏེ། ཉིན་དེའི་དགོང་མོར་ཧོང་ཀོང་སྲིད་གཞུང་གིས་ཁྲིམས་གཏན་འབེབ་བྱས་ཟིན་པ་ཡོངས་བསྒྲགས་བྱས་ཏེ། དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༣ འཁོར་བའི་དུས་དྲན་ཞེས་པ་དང་བསྟུན་ལག་བསྟར་བྱས་ཡོད་པ་དང་། དམག་མི་སྟོང་ཕྲག་ ༤ ལྷག་འགྲེམས་འཇོག་བྱས་ཏེ་ཉིན་དང་པོར་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨན་ཌོར་ཝན་(Andrew Wan)ལགས་སོགས་ཉུང་མཐར་ཞི་རྒོལ་བ་ ༡༨༠ འཛིན་བཟུང་བྱས་ཡོད་པ་རེད། བྷི་བྷི་སི་ཡི་ཕྱོགས་བསྡོམས་ལྟར་ན། ཕྱི་ཟླ་ ༧ པའི་ནང་ཧོང་ཀོང་གི་མི་གྲངས་ ༣༧༠ འཛིན་བཟུང་བྱས་པ་དང་། ཕྱི་ཟླ་ ༩ པའི་ནང་མི་ ༢༨།  ཕྱི་ལོ་ ༢༠༢༡ ཟླ་ ༡ ནང་མི་ ༥༣། ཕྱི་ཟླ་ ༢ པའི་ནང་ ༤༧ བཅས་ཁྱོན་བསྡོམས་མི་གྲངས་ ༤༩༨ འཛིན་བཟུང་ཡོད་བྱས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese