མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་གསར་འགོད་རང་དབང་ལ་འཇིགས་སྐུལ་གཏོང་གི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོར་རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པར་དྲག་གནོན་གྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་གཙོས་པའི་རྒྱ་ནག་ལ་ཚོར་ཤུགས་སྐྱེན་པའི་ས་ཁུལ་གྱི་གནས་ཚུལ་སྤེལ་བར་ཕྱོགས་ཡོངས་ནས་དམ་དྲགས་དང་འཇིགས་སྐུལ་བཏང་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་ནང་གནས་སྡོད་བྱེད་པའི་རྒྱལ་སྤྱིའི་གསར་འགོད་འབྲེལ་མཐུད་ཚོགས་པས། ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་ཁ་གཡར་ཏེ། གསར་འགོད་པའི་ཐོངས་མཆན་དང་ཐོབ་ཐང་བསྡུ་ལེན་གྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ལ་ཚོད་འཛིན་དང་གཉའ་གནོན་བྱས་ཡོད་སྐོར་བརྗོད་འདུག

དེ་ཡང་རྒྱལ་སྤྱིའི་གསར་འགོད་འབྲེལ་མཐུད་ཚོགས་པས། རྒྱ་ནག་གཞུང་གིས་དྲ་རྒྱའི་གསང་ཞིབ་མྱུལ་ལྟ་ཚུད་པའི་བཙན་དབང་ཡོད་ཚད་བཀོལ་སྤྱད་ཀྱིས། རྒྱལ་སྤྱིའི་གསར་འགོད་པར་བརྙས་བཅོས་དང་འཇིགས་སྐུལ་བཏང་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པར་རོགས་རམ་གནང་མཁན་རྒྱ་ནག་གི་གསར་འགོད་པ་དང་བཅར་འདྲི་བྱེད་ཡུལ་བཅས་ལའང་དྲག་གནོན་བྱས་ཡོད། ཅེས་བརྗོད་ཡོད་པ་དང་། འདས་ལོར་རྒྱ་ནག་གཞུང་གིས་ཨ་རིའི་ནེའུ་ཡོག་དུས་བབ་དང་། ཝང་ཤིན་ཊོན་ཆ་འཕྲིན་ཕོ་ཉ། དེ་བཞིན། རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་དབྱེ་ཞིབ་བྱེད་པའི་ཨ་རིའི་གསར་ཁང་(Wall Street Journal) སོགས་ཀྱི་གསར་འགོད་པ་ཁྱོན་ ༡༨ ལྷག་ཕྱིར་ཕུད་བཏང་སྟེ། རྒྱ་ནག་ནང་གི་གནས་ཚུལ་འགོད་མཚམས་འཇོག་ཏུ་བཅུག་ཡོད་པར་བརྟེན། འདས་ལོ་ནི་ཕྱི་ལོ་ ༡༩༨༩ སྟེ་དྲུག་བཞིའི་དོན་རྐྱེན་རྗེས་སུ་རྒྱ་ནག་ནས་གསར་འགོད་པ་ཕྱིར་ཕུད་བཏང་བའི་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་འདུག

གསར་འགོད་འབྲེལ་མཐུད་ཁང་ཚོགས་པའི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གི་དཔོན་རིགས་ཚོས། མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཁ་གཡར་ཏེ། རྒྱལ་སྤྱིའི་གསར་འགོད་པ་ཚོར་ཤུགས་སྐྱེན་པའི་རྒྱ་ནག་གི་ས་ཁུལ་དུ་བསྐྱོད་རྒྱུ་བཀག་འགོག་བྱས་པ་དང་། དམིགས་བསལ་ཤིན་ཅང་ཁུལ་གྱི་གནས་ཚུལ་འགོད་མཁན་རིགས་ལ་འཇིགས་སྐུལ་བཏང་སྟེ་ཟུར་བཀག་འོག་སྡོད་བཅུག་ཡོད་པ་མ་ཟད། ཐོངས་མཆན་བཀག་སྡོམ་གྱིས་གནས་ཚུལ་སྤེལ་རྒྱུར་གནོན་ཤུགས་སྤྲད་ཡོད་པ་རེད།

དེ་འབྲེལ་ཐད་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པེན་ཟེར་བས་སྙན་ཐོ་དེ་ནི་གཞི་མེད་སྐྱོན་འཛུགས་ཡིན་སྐོར་དང་སྦྲགས། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་གནས་ཚུལ་འགོད་སླད། ང་ཚོས་ག་དུས་ཡིན་ཡང་རྒྱལ་སྤྱིའི་གསར་འགོད་པ་ཚང་མར་ཕེབས་བསུ་ཞུ་ཡི་ཡོད། འོན་ཀྱང་། གསར་འགོད་རང་དབང་གི་མིང་ཐོག་ནས་གནས་ཚུལ་རྫུན་མ་སྤེལ་བ་དང་། ལྟ་གྲུབ་མི་འདྲ་བའི་རྒྱུ་མཚན་གྱིས་རྒྱ་ནག་ལ་ཁྱད་གསོད་བྱེད་གཏོང་མཁན་ཚོར་ང་ཚོས་ངོས་ལེན་བྱེད་ཀྱི་མེད། ཅེས་ལན་འདེབས་བྱས་ཡོད་པ་རེད།

ཡང་སྙན་ཐོའི་ནང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་རྒྱལ་སྲིད་བདེ་འཇགས་ལ་གནོད་སྐྱོན་གཏོང་གི་ཡོད་པའི་ངོས་འཛིན་འོག རྒྱལ་སྤྱིའི་གསར་འགོད་པར་དྲག་གནོན་གྱིས། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་གཙོས་པའི་ནད་ཡམས་སྐོར་གྱི་གནས་ཚུལ་རིགས་འགོད་པར་བཀག་སྡོམ་ཤུགས་ཆེན་བྱས་ཡོད་པ་དང་། གསར་འགོད་པ་ཁག་ཅིག་གི་ལོ་གཅིག་རིང་སྤྲོད་སྲོལ་ཡོད་པའི་ཐོངས་མཆན་དང་གསར་འགོད་ཐོབ་ཐང་གཉི་ག་རྩིས་མེད་དུ་བཏང་སྟེ། རྒྱ་ནག་ནས་ཕྱིར་ལོག་མི་ཆོག་པའི་འཇིགས་སྐུལ་བྱས་པ་དང་།  གསར་འགོད་པ་ ༡༣ གྱི་ཐོངས་མཆན་ཟླ་དྲུག་རིང་མ་གཏོགས་ཕར་འགྱང་སྤྲད་མེད་སྐོར་བརྗོད་སོགས་བརྗོད་འདུག

སྙན་ཐོའི་ནང་བྱེ་བྲག་ཏུ། རྒྱ་ནག་གིས་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་ཆེན་མོ་བསྡུས་ཏེ། རྒྱལ་སྤྱིའི་གསར་འགོད་པ་དང་ལུས་རྩལ་བ། དེ་བཞིན་ལྟད་མོ་བ་བཅས་རྒྱ་ནག་ནང་ཡོང་བར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ནའང་། འདས་ལོའི་ཕྱི་ཟླ་ ༩ ནས་བཟུང་རྒྱ་ནག་གིས་ཨ་རི་གཙོས་པའི་ཨེ་ཊི་ལི་དང་ཉི་ཧོང་། ནེའུ་རྫའེ་ལན་ཌི། དབྱིན་ཡུལ་བཅས་ཀྱི་གསར་འགོད་པར་གསར་འགོད་ཐོབ་ཐང་ལག་ཁྱེར་སྤྲད་མེད་པ་མ་ཟད། གསར་འགོད་ལག་ཁྱེར་གྱི་ཚབ་ཏུ་ཟླ་ ༢ ནས་ ༣ བར་གནས་སྡོད་ཆོག་པའི་ཡི་གེ་རེ་སྤྲད་ཡོད་སྟབས། རྒྱལ་སྤྱིའི་གསར་འགོད་འབྲེལ་མཐུད་ཚོགས་པས། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལས་ལྡོག་སྟེ། རྒྱ་ནག་ནང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པར་བློ་ཕམ་ཞེ་དྲགས་བྱུང་ཡོད་སྐོར་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱས་འདུག

འདས་ལོའི་སྙན་ཐོ་དེ་རྒྱལ་སྤྱིའི་གསར་འགོད་འབྲེལ་མཐུད་ཚོགས་པས། རྒྱ་ནག་ནང་གསར་འགོད་ལས་རིགས་གཉེར་བཞིན་པའི་རྒྱལ་སྤྱིའི་གསར་འགོད་པ་དང་གསར་ཁང་ཁག་གི་རྒྱལ་ཡོངས་དོ་དམ་པ་བཅས་ཁྱོན་མི་གྲངས་  ༡༥༠ ལ་བཅར་འདྲི་བྱས་པའི་གྲུབ་དོན་ཞིག་ཡིན་ཞིང་། བཅར་འདྲིའི་ཁྲོད་གསར་འགོད་པ་གཅིག་གིས་ཀྱང་རྒྱ་ནག་ནང་གསར་འགོད་རང་དབང་གི་གནས་བབ་ཇེ་བཟང་དུ་སོང་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese