མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་ཞི་རྒོལ་བ་ ༣༨ རྐྱེན་ལམ་དུ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཟླ་བ་གཅིག་ལྷག་གི་རིང་འབར་མའི་གྲོང་ཁྱེར་ཆེ་ཆུང་ཁག་གི་ནང་མང་ཚོགས་སྟོང་ཕྲག་མང་པོས་སྤྱི་འབངས་ཀྱི་སྲིད་དབང་འཕྲོག་མཁན་དམག་གི་སྒྲིག་འཛུགས་ལ་ཞི་བའི་ཐོག་ནས་ངོ་རྒོལ་བསྟུད་མར་བྱེད་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༣ ཉིན་དྲག་དམག་གིས་ཉེན་བརྡ་མེད་པའི་ཐོག་ནས་མེ་མདའ་སོགས་འཕངས་ཏེ་རང་ལོ་ ༡༤ དང་ ༡༩ ཅན་གཉིས་ཚུད་པའི་མི་གྲངས་ ༣༨ རྐྱེན་ལམ་དུ་བཏང་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་སྐུ་ཚབ་ལྕམ་ཀི་རི་སི་ཊིན་སི་ཁེ་རེ་ནར་ (Christine Schraner) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་དྲག་དམག་གིས་སྲིད་དབང་འཕྲོག་པ་ནས་བཟུང་ད་ཐེངས་ལྟ་བུ་མི་སྲོག་ཤོར་མྱོང་མེད། ད་བར་ཁྱོན་མི་གྲངས་ ༥༠ ལྷག་རྐྱེན་འདས་དང་། མི་གྲངས་ ༡༢༠༠ ལྷག་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་དང་། རྒྱལ་སྤྱིའི་སྒྲིག་འཛུགས་དང་མགོ་འཁྲིད་ཚོས་ཐབས་ཇུས་གང་ཡོད་སྤྱད་དེ་གནས་སྟངས་ཞི་འཇགས་བཟོ་དགོས་པ་དང་། དེའི་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་ནུས་པ་མཉམ་སྤུངས་བྱེད་དགོས་སྐོར་འབོད་སྐུལ་ཞུས་འདུག

དྲག་དམག་སྒྲིག་འཛུགས་ཀྱིས་འབར་མའི་སྲིད་དབང་བཟུང་ནས་རྒྱལ་ཡོངས་ནང་ངོ་རྒོལ་ལས་འགུལ་བ་རྣམས་འབུར་འཇོམས་གཏོང་ཆེད་གྲོང་ཁྱེར་དང་གྲོང་སྡེ་ཆེ་ཆུང་ཚང་མའི་ནང་མེ་མདའ་ཐོགས་པའི་དམག་མི་བཀྲམ་སྟེ། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཞི་བའི་ངོ་རྒོལ་བ་ ༡༨ རྐྱེན་འདས་སུ་བཏང་ཡོད་ནའང་། ད་བར་འབར་མའི་ས་ཁུལ་འདྲ་མིན་ནང་མི་མང་སྟོང་ཕྲག་མང་པོས་དམག་གི་སྒྲིག་འཛུགས་ངོས་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་བྱས་ཏེ་དམངས་གཙོ་བསྐྱར་གསོ་དགོས་པ་དང་། ལྕམ་ཨང་སན་སུའུ་ཀེ་ (Aung San Suu Kyi) གཙོས་པའི་སྤྱི་འབངས་ཀྱི་མགོ་འཁྲིད་ཚོ་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་ཚིག་སྒྲོག་མུས་ཡིན་པ་རེད།

སྲིད་འཛིན་བྷའེ་ཌིན་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གཞུང་གིས་འབར་མའི་དམག་གི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་དེ་སྲིད་དབང་མང་ཚོགས་ཀྱི་མགོ་འཁྲིད་ལ་རྩིས་སྤྲོད་དགོས་པའི་གནོན་ཤུགས་སྤྲད་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་འབར་མའི་སྐོར་ནས་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཡོད་ནའང་། རྒྱལ་ཁབ་རེ་ཟུང་གིས་མ་གཏོགས་འབར་མའི་དམག་གིས་ལྕམ་ཨང་སན་སུའུ་ཀེ་ཀློད་གྲོལ་དགོས་སྐོར་བཤད་མི་འདུག དེ་བཞིན་ཁ་སང་གི་གནས་སྟངས་ཛ་དྲག་དང་བསྟུན། དབྱིན་ཡུལ་གྱིས་ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་བསྐྱར་དུ་ཚོགས་དགོས་སྐོར་བཤད་ཡོད་ནའང་། དེ་སྔོན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འབར་མའི་གནད་དོན་དེ་ནང་སྲིད་ཅིག་ཡིན་སྐོར་བཤད་དེ་རྒྱལ་ཚོགས་ཀྱི་སྐྱོན་བརྗོད་བསྒྲགས་གཏམ་བསྒྲག་རྒྱུར་བཀག་འགོག་བྱས་ཡོད་པ་ལྟར། ད་ཐེངས་ཀྱང་དེ་ལྟར་ཡོང་སྲིད་སྐོར་ཚོད་དཔག་བྱེད་ཀྱིན་འདུག

ཡིན་ནའང་། ཁ་སང་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེཌ་པཱ་རའེ་སི་ (Ned Price) ཡིས་འབར་མའི་དམག་གིས་མང་ཚོགས་སྟེང་འདི་ལྟ་བུའི་དྲག་སྤྱོད་སྤེལ་བ་དེར་བློ་ཕམ་ཆེན་པོ་བྱུང་ཡོད་པ་དང་། ཨ་རིའི་ངོས་ནས་རྒྱལ་ཁབ་གཞན་ཚང་མས་མགྲིན་དབྱངས་གཅིག་གི་ཐོག་ནས་འབར་མའི་དམག་གིས་རང་གི་མི་སེར་ཐོག་ཚད་ལས་བརྒལ་བའི་དྲག་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་བྱེད་དགོས་པ་དང་། ལྷག་པར་དུ་རྒྱ་ནག་དེ་སྔར་ནས་འབར་མའི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་ནག་ངོས་ནས་ད་ལྟའི་འབར་མའི་གནས་སྟངས་ཞི་འཇགས་ཡོང་རྒྱུར་རོགས་འདེགས་བྱ་དགོས་སྐོར་སྐུལ་འདེད་བྱས་ཡོད་འདུག

འབར་མའི་དམག་སྤྱི་མིན་ཨང་ལེང་ (Min Aung Hlaing) གིས་སྣེ་ཁྲིད་པའི་དམག་གི་སྒྲིག་འཛུགས་ཀྱིས་བདེན་དཔང་གང་ཡང་མེད་པའི་ཐོག་ནས། འདས་ལོའི་ཕྱི་ཟླ་ ༡༡ ནང་བསྡུས་པའི་འབར་མའི་རྒྱལ་ཡོངས་འོས་བསྡུ་དེ་དྲང་བདེན་བྱུང་མེད་སྐོར་བརྗོད་དེ། འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་བླངས་པའི་ལྕམ་ཨང་སན་སུའུ་ཀེ་གཙོས་པའི་འབར་མའི་སྲིད་འཛིན་དང་། རྒྱལ་ཡོངས་ཡར་ཐོན་ཚོགས་པའི་ (NDL) མགོ་འཁྲིད་མང་པོ་འཛིན་བཟུང་བྱས་ཡོད་ལ། ད་དུང་ཉེ་ཆར་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་སྐུ་ཚབ་ཀྱིས་དམག་གི་སྒྲིག་འཛུགས་ལ་དཔལ་འབྱོར་ཉེས་ཆད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁེར་ཕུད་གཏང་སྲིད་པའི་ཉེན་བརྡ་གཏོང་སྐབས། འབར་མའི་དམག་གིས། ང་ཚོ་དཔལ་འབྱོར་གྱི་ཉེས་ཆད་ལ་གོམས་ཡོད། འབྱུང་འགྱུར་ང་ཚོར་མཐུན་གྲོགས་རེ་ཟུང་ལས་མེད་པར་གནས་ཐབས་ཤེས་དགོས། ཞེས་ལན་འདེབས་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    མང་གཙོ་དམག་གཙོ་ལ་འགྱུར་བ་མ་རེད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese