མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་ཏོག་དབྱིབས་འགོག་ཁབ་བསྒྲོན།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལོ་གཅིག་དང་ཟླ་བ་གཅིག་ལྷག་གི་རྗེས་དེ་དེ་རིང་ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་ཞོགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་མཛད་དེ་རྒྱ་གར་གཞུང་གི་ཛོ་ནལ་སྨན་ཁང་ནས་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྒྲོན་ཡོད་པ་རེད།

དེ་རིང་ཞོགས་པའི་ཆུ་ཚོད་ ༧ ཙམ་གྱི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ། དྷ་སའི་འདབས་རོལ་དུ་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་ཛོ་ནལ་(Zonal)ནས་༧མགོན་པོ་གང་ཉིད་མཆོག་དང་སྐུ་འཁོར་ཞབས་ཞུ་བ་ ༡༠ ལ་ཨེས་ཏྲ་ཛེ་ནེ་ཁ་ (AstraZeneca) དང་ཨོག་སི་ཧྥོར་ཌི་གཉིས་ཀྱིས་བཟོས་པའི་ཀོ་ཝི་ཤིལ་ཌི་ (Covishield)ཡི་ཏོག་དབྱིབས་འགོག་ཁབ་བསྒྲོན་ཡོད་འདུག རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་རྒྱ་ཁབ་ཏུ་ཕྱིན་པ་དང་། དགུན་དུས་སྐུ་མཚམས་བཞུགས་པའི་དུས་ཚོད་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་དང་པོའི་ཟླ་མཇུག་ནས་བཟུང་ཆིབས་ཐོན་མཇལ་བཅར་རིགས་མཚམས་འཇོག་མཛད་དེ་ལོ་གཅིག་དང་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་པ་རེད།

འགོག་ཁབ་བསྒྲོན་རྗེས་ཕོ་བྲང་ནས་བརྙན་ཐུང་ཞིག་འགྲེམས་སྤེལ་གནང་བའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་དང་སྨན་པ་ཡིས་སྔོན་འགོག་སྨན་ཁབ་འདི་རྒྱག་དགོས་སྐོར་བརྗོད་བྱུང་། ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་འགོག་ཁབ་འདི་བརྒྱབ་ཚེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེར་བརྟེན་ནད་པ་ཚོས་ཀྱང་ཕྱོགས་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་འགོག་ཁབ་འདི་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ངོས་ཀྱིས་འགོག་ཁབ་འདི་བརྒྱབས་པ་ཡིན། མི་མང་པོ་ཞིག་ལ་འགོག་ཁབ་འདི་རྒྱག་པའི་བློ་སྤོབས་ཡོང་བར་ངོས་ཀྱིས་སྐུལ་མ་བྱེད་འདོད་བྱུང་། ཞེས་གསུངས་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་༧སྐུའི་ཕྱི་ལུགས་ཀྱི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ་འགོག་སྨན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ཞོགས་པར་ས་གནས་རྫོང་གི་ཛོ་ནལ་སྨན་ཁང་ནང་དུ་ཨེས་ཏྲ་ཛེ་ནེ་ཁ་ (AstraZeneca) དང་ཨོག་སི་ཧྥོར་ཌི་གཉིས་ཀྱིས་བཟོས་པའི་ཀོ་ཝི་ཤིལ་ཌི་ (Covishield) ཟེར་བའི་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་དེ་བསྒྲོན་པ་རེད། དེ་ལ་གྲ་སྒྲིག་ཡག་པོ་ཞེ་དྲག་བྱས་འདུག སྣང་དག་གང་ཡང་མི་འདུག སྤྱིར་ཁ་སང་སྔོན་མ་ནས་དབུས་གཞུང་གིས་ས་གནས་གཞུང་ལ་ཞུས་ཏེ། ས་གནས་གཞུང་གིས་ཡར་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྔོན་འགོག་ཁབ་དེ་མཐུན་འགྱུར་ཞུ་རྒྱུའི་གྲ་སྒྲིག་འགྲོ་བཞིན་པ་རེད། དངོས་གནས་བྱས་ན་སྔོན་འགོག་ཁབ་དེ་གཟིམ་ཆུང་རང་ནང་བསྒྲོན་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད་རེད་དེ། ༧སྐྱབས་མགོན་རིན་པོ་ཆེ་རང་མར་ཕེབས་ཀྱི་ཡིན་ཞེས་བཀའ་གནང་བར་བརྟེན། མར་ཕེབས་རྒྱུ་བྱུང་བ་རེད། ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འགོག་ཁབ་སྒྲོན་སྐབས་སྐུ་མཉེལ་གང་ཡང་བྱུང་མེད་པ་མ་ཟད། འགོག་ཁབ་ཐེངས་གཉིས་པ་དེ་ཉིན་གྲངས་ ༢༨ རྗེས་ལ་བསྒྲོན་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།

སྤྱིར་ད་ལྟའི་ཆར་རྒྱ་གར་གཞུང་གིས་རྒྱལ་ཡོངས་ནང་རྒྱ་གར་རང་གིས་བཟོ་སྐྲུན་བྱས་པའི་ཀོ་ཝེག་སིན་ (Covaxin) དང་། ཀོ་ཝི་ཤིལ་ཌི་སྔོན་འགོག་སྨན་ཁབ་གཉིས་ལ་བཀོལ་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་པའི་ཁྲོད་ནས། ༧གོང་ས་མཆོག་ལ་ཀོ་ཝི་ཤིལ་ཌི་བསྒྲོན་དགོས་དོན་སྐོར་ལ་ཁོང་གིས། ད་ལྟའི་ཆར་རྒྱ་གར་གཞུང་གིས་ཆོག་མཆན་སྤྲད་པའི་སྔོན་འགོག་ཁབ་གཉིས་ཡོད་པའི་ནང་ནས་ཀོ་ཝི་ཤིལ་ཌི་འདི་ཉམས་ཞིབ་ཀྱི་རིམ་པ་གསུམ་ཀ་ཕྱིན་ཟིན་པ་ཞིག་ཡིན་པ་དང་། ཡུ་རོབ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་མང་པོའི་ནང་དུའང་དེ་སྒྲོན་གྱི་ཡོད་སྟབས། ང་ཚོས་དེ་རང་དགོས་ཡོད་ལབ་ཡོད་པ་རེད། ཅེས་གསུངས་བྱུང་།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ནས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་མགོ་བཙུགས་ཡོད་པ་བཞིན། དྷ་ས་དང་མོན་གྷོ་འདོད་རྒུ་གླིང་། མེའོ་ཆོས་འཕེལ་གླིང་སོགས་གཞིས་ཆགས་ཁག་དང་བོད་མི་འདུས་སྡོད་ཀྱི་གནས་ཁག་གི་སྨན་པ་དང་འཕྲོད་ལས་པ་སོགས་ལ་འགོག་ཁབ་བརྒྱབས་ཏེ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་བར་དུ་རྒྱ་གར་ནང་ཁྱོན་བོད་མི་གྲངས་ ༤༡༣ འགོག་ཁབ་བརྒྱབས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist