མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་བོད་མི་ཚོང་པ་ཞིག་ལ་གཟི་སོགས་དངུལ་དངོས་འབོར་ཆེན་འཕྲོག་བཅོམ་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་ཚོང་པ་བསྟན་འཛིན་ཞེས་པ་ཞིག་ལ་གཟི་སོགས་དངུལ་དངོས་ཁྱོན་ཨ་སྒོར་འབུམ་བཞི་ཡས་མས་ཤིག་འཕྲོག་བཅོམ་བྱས་པའི་གྱོད་དོན་དང་འབྲེལ་ཏེ་བལ་ཡུལ་གཞུང་གིས་དོགས་ཡོད་ཉེས་ཅན་ ༩ འཛིན་བཟུང་བྱས་ནས་འདྲི་ཞིབ་བྱེད་བཞིན་ཡོད་འདུག

ཉེ་སྔོན་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་དུ། བོད་རིགས་ཚོང་པ་ཉི་ཧོང་བསྟན་འཛིན་(དོ་བདག་གི་རེ་སྐུལ་ལྟར་མིང་ཆ་ཚང་བཀོད་མེད)ཞེས་པ་ཞིག་ལ་གཟི་དང་དངུལ་སྨར་འབོར་ཆེན་འཕྲོག་བཅོམ་བྱས་པའི་གྱོད་དོན་ཞིག་ལ་རྩད་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཚོང་པ་བསྟན་འཛིན་ལགས་སུ་འབྲེལ་བ་བྱས་ཏེ་གྱོད་དོན་དེའི་སྐོར་དྲིས་པར་ཁོང་གིས། ཉིན་དེའི་མཚན་གུང་ཆུ་ཚོད་ ༡ ཙམ་སྟེ་ཆར་པ་འབབ་བཞིན་པའི་སྐབས་ཤིག་ལ། གློ་བུར་དུ་ཇག་པ་མི་ ༡༦ ཙམ་གྱིས་ངའི་ཁང་པའི་སྒོ་གཏོར་ཏེ་ནང་དུ་འཛུལ་བྱུང་། སྐབས་དེར་ཁྱིམ་དུ་ང་ཚོ་ནང་མི་བཞི་མ་གཏོགས་མེད།  ཇག་པས་ལོ་ན་ ༡༡ དང་ ༡༢ ཙམ་ཡིན་པའི་ངའི་བུ་ཆུང་གཉིས་དང་། བཟའ་ཟླ་ཐག་པས་བསྡམས་པ་དང་སྐེ་ལ་གྲི་སོགས་བཞག་སྟེ་འཇིགས་སྐུལ་བྱས་པ་མ་ཟད། ངའི་ལུས་དང་མགོར་གྲིས་ཐེངས་གསུམ་བཞི་བཙུགས་བྱུང་། ཞེས་དང་། མཚན་མོ་དེར་ཁྱིམ་མི་ཚང་མ་སྲོག་ཉེན་དུ་འཕྲད་རྗེས། ཁོ་རང་ཁང་པ་ཐོག་རྩེག་གཉིས་ཀྱི་སྟེང་ནས་མར་མཆོངས་ཏེ་རྐང་ལག་ཆག་པ་སོགས་མ་ཤི་ཙམ་གྱིས་ཐར་ཐུབ་ཡོད་པ་དང་། བཟའ་ཟླ་དང་བུ་གཉིས་ལ་གནོད་སྐྱོན་བྱུང་མེད་ཀྱང་། ཁྱིམ་དུ་ཡོད་པའི་གཟི་གསུམ་དང་དབྱིན་སྒོར་ ༧༠༠། ཧོང་ཀོང་གི་སྒོར་མོ་ ༢༠༠༠། རྒྱ་སྒོར་ཁྲི་ ༨ ། བལ་སྒོར་འབུམ་ ༦ ། ད་དུང་ཁྱིམ་དུ་ཡོད་པའི་རྒྱུ་དངོས་ཁྱོན་བསྡོམས་ཨ་སྒོར་འབུམ་བཞི་ཡས་མས་ཀྱི་རྒྱུ་དངོས་འཕྲོག་བཅོམ་བྱས་ཡོད་སྐོར་བརྗོད་བྱུང་།

བལ་ཡུལ་གྱི་ཁ་བྷར་(Khabar) གསར་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། དོགས་ཡོད་ཉེས་ཅན་དེ་དག་ནི་བསོད་ནམས་རྟ་མང་དང་རྡོ་རྗེ་རྟ་མང་། ཌན་ནེ་ཤི་ཁར་གེ(Dinesh Karki)། ཨན་ཉི་མ་ཤར་པ(Angnima Sherpa)། ཀེ་ར་ཇི་རྟ་མང་(Ekraj Tamang)། ཨིན་དྷི་ར་ཇེ་ཊི་རྟ་མང་(Indrajit Tamang)། སའེ་ཡང་ཊན་(Syangtan)དང་ཇེ་ནཱ་ལ་མ་(Jina Lama)བཅས་ཡིན་པ་དང་། འཕྲོག་བཅོམ་དོན་རྐྱེན་རྒྱབ་ཀྱི་ཉེས་ཅན་གཏེ་བོ་ནི་བུད་མེད་ཇེ་ནཱ་བླ་མ་(Jina Lama)ཞེས་པ་ཞིག་ཡིན་པའི་དོགས་གཞིའི་འོག ཉེ་སྔོན་བལ་ཡུལ་དང་ཉི་ཧོང་། རྒྱ་གར་བཅས་ཀྱི་ཉེན་རྟོག་པ་མཉམ་འབྲེལ་ཐོག་ནས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་བརྒྱུད་རྒྱལ་ས་ལྡི་ལིའི་མན་ཇི་ན་ཀ་ཊི་ལ་ནས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ད་དུང་བལ་ཡུལ་ཉེན་རྟོག་པས་བྲོས་བྱོལ་དུ་ཕྱིན་པའི་མི་ཁག་ཅིག་རྩད་གཅོད་གཏོང་གི་ཡོད་པ་མ་ཟད། ཇེ་ནཱ་ལ་མ་ལ་བསྟན་འཛིན་གྱི་རྒྱབ་ལྗོངས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མི་གཞན་ཞིག་ཡོད་པའི་དོགས་གཞི་ཡོད་སྐོར་བཀོད་འདུག

བསྟན་འཛིན་ལགས་ནི་བལ་ཡུལ་དང་ཉི་ཧོང་གཙོས་པའི་རྒྱལ་ཁབ་མང་པོའི་ནང་བྱུ་རུ་དང་གཟི་སོགས་ཀྱིས་ཚོང་རྒྱག་མཁན་བོད་རིགས་ཚོང་པ་ཞིག་ཡིན་པ་དང་། ཁོང་ལ་ཉི་ཧོང་ནང་བྱུ་རུའི་བཟོ་གྲྭ་དང་། ཧི་མ་ལ་ཡའི་འགྲེམས་སྟོན་ཁང་ཞིག་ཡོད་པ་དང་། དེ་བཞིན། ཁོང་གིས་བལ་ཡུལ་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སོགས་གཉེར་ཡོད་པ་མ་ཟད། ཁོ་རང་གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་སྟབས། དེ་སྔོན་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་དང་རྡོར་གདན་གྱི་དུས་འཁོར་དབང་ཆེན་སྐབས་སུ་བཀྲ་ཤིས་བདེ་ལེགས་གླུ་གཞས་དགོང་ཚོགས་ཞེས་པ་དེའི་སྦྱིན་བདག་གནང་མྱོང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

མཆན། 3

  1. བཀྲ་སྒྲོལ says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབས་གསར་འགོད་པས་ཚོང་པ་དེ་བོད་པ་རེད་ཟེར་ལབ་དགོས་པ་གང་ཡིན་ན།བལ་ཡུལ་ཚགས་ཤོག་ཐོག་ཚོང་པ་དེ་རྒྱ་པན་མི་སེར་ཡིན་ཚུལ་བཀོད་འདུག་ལ་མིང་ལ་Tenjin Shimizu་དང་ཁོང་གི་སྐྱེས་དམན་ལ་Mutsumi ཟེར་ཀྱི་ཡོད་འདུག

    Reply
    • འཛམ་གླིང་སྤྱི་དམངས། says:
      ལོ་ 6 སྔོན།

      བོད་ཀྱི་དུས་བབ་ཚང་གིས་དོ་བདག་ལ་སྐད་ཆ་དྲིས་འདུག བོད་པ་ཡིན་མིན་ཤེས་རྒྱུ་རེད། ལས་ངན་ཁྱོད་ནི་དུས་བབ་མིག་ཚ་དོན་འདུག་གམ།

      Reply
      • དོན་འགྲུབ says:
        ལོ་ 6 སྔོན།

        གསར་འགོད་རང་དབང་ཡོག་རེད་ཀློག་པ་པོ་ལ་ཡང་རང་དབང་ཡོག་རེད།་ཁྱེད་ཤེས་ཀྱིས་ཡོད་པས།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese