མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྒྲོན།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྡེ་ར་རྡུན་བདེ་སྐྱིད་གླིང་འཕྲོད་བསྟེན་སྨན་ཁང་དུ་རྒྱ་གར་གཞུང་ནས་མཐུན་འགྱུར་གནང་བའི་སྨན་སྒར་གསར་པ་གསུམ་དབུ་འབྱེད་དང་འབྲེལ་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་གི་དབུས་པའི་སྐུ་འཁོར་ལྔ་དང་མི་མང་བཅས་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྒྲོན་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་ཙམ་ལ་ལྡེ་ར་རྡུན་གྱི་ས་གནས་གཞིས་མགོ་དང་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག དཔལ་༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་སྐུ་འཁོར་ལྔ་བཅས་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བསྒྲོན་ཡོད་པ་དང་བསྟུན། དེ་རིང་ནས་ལྡེ་ར་རྡུན་ཁུལ་གྱི་ལོ་ན་ ༦༠ ཡན་གྱི་བཙན་བྱོལ་བོད་མིར་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བརྒྱབ་མགོ་བརྩམས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡེ་ར་རྡུན་གྱི་གཞིས་མགོ་ནོར་བུ་ལགས་སུ་བཀའ་འདྲི་ཞུས་སྐབས། ང་ཚོ་ས་གནས་གཞིས་མགོ་དང་འཕྲོད་བསྟེན་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་ནས། འབྲེལ་ཡོད་མངའ་སྡེའི་གཉན་རིམས་སྔོན་འགོག་ཁང་ལ་འབྲེལ་བ་ཞུས་ཏེ། དབུས་གཞུང་ནས་རོགས་རམ་གནང་བའི་འབོད་སྐུལ་ཞུས་པ་ལྟར། དབུས་གཞུང་གི་རྒྱབ་སྐྱོར་འོག ང་ཚོས་བདེ་སྐྱིད་གླིང་འཕྲོད་བསྟེན་སྨན་ཁང་དུ་སྨན་སྒར་གསུམ་གསར་རྒྱག་བྱས་པ་ཡིན་ལ། དེ་རིང་སྨན་སྒར་གསུམ་དབུ་འབྱེད་མཛད་སྒོ་དང་འབྲེལ་ནས། སྒྲོལ་མ་ཕོ་བྲང་ལ་སྙན་གསེང་ཞུས་པ་བཞིན། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྒྲོན་པ་རེད། ཅེས་བརྗོད་བྱུང་།

སྔོན་འགོག་ཁབ་བསྒྲོན་རྗེས་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་ནས་བཀའ་སློབ་ཅིག་བསྩལ་བའི་ནང་། ཏོག་དབྱིབས་སྔོན་འགོག་གི་ཁབ་དེ་མི་མང་པོར་བརྒྱབ་ཚར་བ་རེད་ལ། ཟུར་སྐྱོན་གྱི་གནས་སྟངས་སྡུག་བཅག་བྱུང་བའི་རིགས་མི་འདུག དེར་བརྟེན། ནད་ཡམས་སྔོན་འགོག་གི་ཆེད་དུ་མི་གང་མང་མང་གིས་བརྒྱབ་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་གསུངས་འདུག་པ་དང་། ༧གོང་མ་ཁྲི་ཆེན་མཆོག་ལ་འགོག་ཁབ་བསྒྲོན་རྗེས་དུས་ཡུན་སྐར་མ་ ༣༠ རིང་སྨན་སྒར་དུ་བཞུགས་ཡོད་པ་མ་ཟད། འགོག་ཁབ་སྒྲོན་སྐབས་སྐུ་མཉེལ་གང་ཡང་བྱུང་མེད་པ་རེད་ལ། ད་རེས་༧གོང་མ་ཁྲི་ཆེན་མཆོག་ལ་བསྒྲོན་པའི་སྔོན་འགོག་ཁབ་དེ་ནི་ཉེ་སྔོན་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ལ་བསྒྲོན་པའི་ (Covishield) ཟེར་བའི་ཏོག་དབྱིབས་སྔོན་འགོག་ཁབ་གཅིག་མཚུངས་ཡིན་པ་རེད།

གཞིས་མགོ་ནོར་བུ་ལགས་ཀྱི་གསུང་བ་ལྟར་ན། དེ་རིང་སྨན་སྒར་གསར་བ་གསུམ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་འབྲེལ་ཡོད་མངའ་སྡེའི་སྤྱི་ཁྱབ་འཕྲོད་བསྟེན་ལམ་སྟོན་པ་སྨན་པ་ཌའེ་ཤི་ཏི་ལགས་དང་། ས་གནས་འཕྲོད་བསྟེན་འགན་འཛིན་གྱི་གཙོས་པའི་སྨན་པ་དང་སྨན་ཞབས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་འཛོམས་ཡོད་པ་དང་། དེ་རིང་ཁྱོན་ལོ་ན་ ༦༠ ཡན་གྱི་མི་གྲངས་ ༡༠༠  ལ་ཏོག་དབྱིབས་སྔོན་འགོག་ཁབ་རྒྱག་གི་ཡོད་འདུག

ཡང་ནོར་བུ་ལགས་ཀྱིས། ལྡེ་ར་རྡུན་གྱི་གཞིས་མགོའི་ཁྱབ་ཁོངས་སུ་གཞིས་ཆགས་ཁག་ལྔ་དང་ཁ་འཐོར་ས་གནས་ཁག་ལྔ་ཡོད་པའི་ཁྲོད་ལོ་ན་ ༦༠ ཡན་ཡིན་པའི་ཏོག་དབྱིབས་འགོག་ཁབ་བརྒྱབ་གནང་མཁན་མི་གྲངས་ ༡༥༠༠ ཙམ་ཡོད་པ་དང་། རྒྱ་གར་མངའ་སྡེ་གཞུང་ནས་དམིགས་བསལ་བོད་མི་རྣམས་ལ་མཐུན་འགྱུར་གནང་བའི་སྨན་སྒར་གསུམ་དེ་བརྒྱུད་ཉིན་གྲངས་ ༡༠ ཡས་མས་རིང་སྔོན་འགོག་ཁབ་བརྒྱབ་ཚར་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese