མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྟག་པར་གསུམ་པའི་ཚེས་བཅུ་ནི་བོད་དོན་ཆེད་གཅེས་པའི་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་བའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཉིན་མོ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་སྟབས། འཛམ་གླིང་ཡུལ་ལུང་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་རྣམ་པ་འདྲ་མིན་ཐོག་ནས་སྲུང་གཙི་ཞུས་ཡོད་པ་ལྟར། རྒྱ་གར་ནང་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པས་གོ་སྒྲིག་འོག དགོན་པའི་གྲྭ་བ་དང་བཙུན་མ་རྣམས་ཀྱི་དབུས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྟ་དབང་ཁུལ་གྱི་སེར་སྐྱ་མི་མང་གིས། རྣམ་རྒྱལ་ལྷ་རྩེ་དགོན་ནས་འདུ་འཛོམས་ཐང་ཆེན་བར་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་འབོད་ཚིག་འོག་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་སྲུང་གཙི་ཞུས་གནང་ཡོད་པ་རེད།

ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས་ཨོ་གླིང་གི་རི་སྔོན་པོའི་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་སྲོལ་ཡོད་པ་ལྟར། ཁ་སང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༡༠༠ ལྷག་འཛོམས་པའི་ཐོག་ས་གནས་གྲོས་ཚོགས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་བ་དང་བསྟུན་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུས་གནང་ཡོད་པ་རེད།

ཁ་སང་ཁེ་ན་ཌའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཨོ་ཊན་རེའོ་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་བུད་མེད་དང་གཞོན་ནུ་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱི་གོ་སྒྲིག་འོག ཞོགས་པར་དྲ་ལམ་ཐད་གཏོང་བརྒྱུད། འདས་པའི་ལོ་ངོ་ ༦༢ རིང་གི་བོད་དོན་འཐབ་རྩོད་དང་གདོང་ལེན། མདུན་སྐྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་གཉིས་རིང་གནང་ཡོད་པ་དང་། བགྲོ་གླེང་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་ཁེ་ན་ཌའི་བོད་རིགས་ཚོགས་པ་དབུ་འཛུགས་གནང་མཁན་ཐུབ་བསྟན་བསམ་འགྲུབ་ལགས། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས།  བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་ལགས་དང་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མཉམ་ལས་འགན་འཛིན་ (Mehmet Tohti) བཅས་མཉམ་ཞུགས་གནང་ཡོད་འདུག་ལ། ཉིན་རྒྱབ་ཏུ་བོད་མི་ཚོས་རང་ཉིད་ཀྱི་རླངས་འཁོར་སྟེང་༧གོང་ས་མཆོག་གི་སྐུ་པར་གྱི་གཙོས་བོད་ཀྱི་རྒྱལ་དར་བཏགས་ཏེ། རླངས་འཁོར་སྐོར་སྐྱོད་ཀྱི་ལམ་ནས་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུས་གནང་ཡོད་པ་རེད།

འཇར་མན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་དྲ་ལམ་བརྒྱུད་འཇར་མན་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཏེ་གསུམ་བཅུའི་དུས་དྲན་སྲུང་གཙི་དང་། དབྱིན་ཡུལ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་ཁང་བཅས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་ཞུ་གཏུགས་དང་། དྲ་ལམ་ཐད་གཏོང་བརྒྱུད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་བཅས་ཀྱིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བགྲོ་གླེང་གནང་ཞིང་། ཨེ་རན་ལན་ཌི་གཙོས་པའི་དབྱིན་ཡུལ་གྱི་གྲོང་ཁྱེར་དང་ས་གནས་འདྲ་མིན་དུ་གནས་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་གོམ་བགྲོད་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་སོགས་བྱས་ཏེ་དུས་དྲན་སྲུང་གཙི་ཞུས་གནང་འདུག

ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བྱང་ཨ་རི་ས་གནས་དབུས་གཙང་ཆོལ་ཁ་དང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་། ས་གནས་མདོ་སྨད་ཆོལ་ཁ། ཨ་བོད་མཛའ་འབྲེལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་རུབ་ཀྱིས་གོ་སྒྲིག་འོག མི་མང་སྟོང་ཕྲག་ལྷག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་འབོད་དང་ཞི་བའི་གོམ་བགྲོད་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་གཙི་ཞུས་གནང་ཡོད་པ་རེད།

ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་ནང་ཧྥ་རན་སི་བོད་རིགས་ཚོགས་པས་སྣེ་ཁྲིད་དང་ས་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དྲུག་ཐུན་མོང་གི་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གཞུང་གི་རྒྱབ་སྐྱོར་བཀའ་འཁྲོལ་ཐོབ་པའི་འོག ཧྥ་རན་སིའི་གཞུང་འབྲེལ་མི་སྣ་དང་བོད་མི་སྟོང་ཕྲག་ལྷན་འཛོམས་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། བོད་ནང་གི་དྲག་གནོན་དང་འབྲེལ་བའི་གཏམ་བརྗོད། རྒྱལ་ཞེན་གྱི་གླུ་གཞས་སོགས་རྣམ་པ་འདྲ་མིན་གྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་སྲུང་གཙི་ཞུས་ཡོད་པ་རེད།

ཨོ་གླིང་གི་མངའ་སྡེ་(NSW) ནང་སིཌ་ཎི་བོད་རིགས་མཐུན་ཚོགས་དང་ནོར་ར་བོད་རིགས་མཐུན་ཚོགས། ནེའུ་ཁང་གསར་བོད་རིགས་མཐུན་ཚོགས། ཨོ་གླིང་བོད་དོན་ལས་འགུལ་ཁང་ (ATC ) བཅས་མཉམ་འབྲེལ་གྱིས། ས་གནས་ཉེན་རྟོག་པའི་ལྟ་རྟོག་འོག ཨོ་གླིང་སིཌ་ཎི་གྲོང་ཁྱེར་གྱི་ (Martine place ) ལྟེ་གནས་ནས་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་གནང་སྟེ། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་སྲུང་གཙི་གནང་ཡོད་པ་དང་དུས་དྲན་མཛད་སྒོའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༥༠ ཙམ་འཛོམས་ཡོད་འདུག

ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་སྲུང་གཙི་སྔ་སྣུར་གྱིས། ཕྱི་ཚེས་ ༧ ཉིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དང་། བོད་རིགས་ཚོགས་པ་དང་གཞུང་འབྲེལ་མིན་ཚོགས་པ་ཁག་ཅིག་མཉམ་འབྲེལ་ཐོག་ནས། ཁྲག་དང་མིག་ཆུའི་ལོ་ངོ་ ༧༠ དང་བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་ཞེས་པའི་བརྗོད་གཞིའི་འོག རྒྱལ་ས་ཐའེ་པེ་ཡི་ (Liberty Plaza) ནས་རྒྱ་ནག་དངུལ་ཁང་མདུན་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། ཉིན་དེའི་མཚན་མོར་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སོགས་ཚོགས་ཏེ་དུས་དྲན་སྲུང་གཙི་གནང་ཡོད་འདུག

དེ་བཞིན་གསུམ་བཅུའི་དུས་དྲན་དང་བསྟུན། རྒྱ་གར་གྱི་སྒྱུ་རྩལ་བ་སའོ་རེ་ཤི་ (Suresh kailaash) ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་གསོ་རིག་ཐབས་ལམ་ལ་བརྟེན་ནས་རང་ཉིད་ཀྱི་འབྲས་སྐྲན་བཅོས་ཐུབ་པ་བྱུང་བར། ༧གོང་ས་མཆོག་གི་དབུས་བོད་མི་རྣམས་ལ་བཀའ་དྲིན་རྗེས་དྲན་དང་བོད་དོན་རྒྱབ་སྐྱོར་མཚོད་སླད་བོད་བོད་ (Tibet Tibet) ཅེས་པའི་གླུ་གཞས་ཤིག་རྒྱ་གར་གྱི་སྒྱུ་རྩལ་བ་གྲགས་ཅན་ཁག་ཅིག་དང་མཉམ་འབྲེལ་ཐོག་ནས་བླངས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese