མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་པོའི་གཞོན་སྐྱེས་ཚོས་བརྟག་ཅིང་དཔྱད་པའི་ཐོག་ནས་ནང་པའི་སེམས་ཁམས་རིག་པར་སྦྱོང་དགོས་པའི་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༡ ནས་ ༡༣ བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་དང་ནང་ཆོས་ཀྱི་སྐོར་ལ་བཀའ་སློབ་དང་ཆོས་འབྲེལ་བཀའ་དྲིན་སྐྱོང་བཞིན་འདུག

དེ་རིང་ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་གིས་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་དང་ནང་ཆོས་ཀྱི་སྐོར་ནས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོ་སར་གྱི་འཚམས་འདྲི་མཛད་པ་དང་སྦྲགས། ཧོར་གྱི་མི་རིགས་རྣམས་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ཆོས་བྱེད་མཁན་དང་ནང་པའི་ཆོས་དེ་བོད་གངས་ཅན་ལྗོངས་ནས་དར་ཏེ་བོད་སོག་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་།  རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དར་བར་མཛད་པ་དང་། ཏཱ་ལའི་བླ་མ་ཞུ་བའི་མཚན་ཡང་སོག་ཡུལ་ནས་བྱུང་སྟེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ལྟར། སོག་པོ་རྣམས་དད་པ་བརྟན་པོ་ཡོད་སྐོར་གསུངས།

ཡང་༧གོང་ས་མཆོག་གིས། སྤྱིར་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་རེད། བཅོམ་ལྡན་འདས་ཀྱི་སྐབས་སུའང་གདུལ་བྱའི་ཁམས་དང་མོས་པ་ཚང་བ་དགོས་ཀྱི་རེད་གསུངས་ཀྱི་འདུག  བཅོམ་ལྡན་འདས་ཀྱིས་ཚང་མ་ནང་པ་བྱ་དགོས་པ་ཕལ་ཆེར་གསུངས་ཡོད་མ་རེད། བཅོམ་ལྡན་འདས་ཀྱི་ཆོས་འདི་དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཟེར་བ་འདི་ཚན་རིག་དང་མཐུན་པ། རྒྱུ་མཚན་ལྡན་པ་ཞིག་དང་བློ་གུ་ཡངས་པོའི་ཐོག་ནས་གསུངས་འདུག  སངས་རྒྱས་པའི་ཆོས་འདི་དམིགས་བསལ་གྱིས་རྒྱུ་མཚན་ལ་བརྟག་དཔྱད་བྱེད་ཀྱི་ཡོད་རེད། བྱས་ཙང་སོག་པོའི་ཆོས་གྲོགས་ཚོར་ཆ་བཞག་ན། སངས་རྒྱས་པའི་ཆོས་ལ་དད་པ་གཅིག་པོའི་ཐོག་ནས་མི་འགྲོ་བར་སངས་རྒྱས་ཀྱི་ཆོས་གང་འདྲ་ཡིན་མིན་རྩད་གཅོད་བྱས་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་དད་པ་དགོས་ཀྱི་ཡོད་རེད། སྤྱིར་བཏང་ནང་པའི་ཡུལ་གྲུ་ཤྲིལངྒ (Sri Lanka) དང་འབར་མ། ཐའེ་ཝན་བཅས་སུ་ནང་པ་དར་ཁྱབ་ཆེན་པོ་ཡོད་པ་རེད། ཁོ་ཚོ་པཱ་ལིའི་གཞུང་ལ་བརྟེན་ནས་དད་པ་གཙོ་བོ་མ་གཏོགས་བཅོམ་ལྡན་འདས་ཀྱི་གསུངས་པ་རེད་ཟེར་ནས་ལུང་ལ་གཙོ་བོ་བསྟེན་གྱི་ཡོད་པ་ཆགས་བསྡད་ཀྱི་འདུག  བོད་ལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ངོ་སྤྲོད་གནང་པ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་རྒྱ་གར་གྱི་རིག་པ་སྨྲ་བ། མཁས་པའི་དབང་པོ་དེ་ཚོས་སློབ་གཉེར་གནང་བ་དང་བསྟན་པའི་བྱ་བ་མཛད་ཡུལ་ནཱ་ལེནྡྲའི་ཆགས་ཀྱི་ཡོད་རེད། བོད་གངས་ཅན་གྱི་ལྗོངས་སུ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་མཁན་ཆེན་ཞི་བ་འཚོས་བཙུགས་གནང་བ་རེད་ལ། ཆོས་བརྒྱུད་འདི་ལུང་ལ་བསྟེན་གྱི་རེད་དེ་གཙོ་བོ་རིག་པ་རང་གི་ཐོག་ནས་སྒྲུབ་ཀྱི་ཡོད་རེད། དེ་སྔ་བོད་ལ་ཡོད་དུས་ཚན་རིག་པ་དང་འབྲེལ་བ་ཡོད་མ་རེད། རྒྱ་མི་གུང་ཁྲན་གྱིས་ཆོས་ཟེར་བ་འདི་རྨོངས་དད་རེད་བཤད་ཀྱི་ཡོད་རེད། རྒྱ་གར་ལ་བསླེབས་ཏེ་ཆོས་ལུགས་རིས་སུ་མ་ཆད་པའི་མཁས་པ་མང་པོར་ཐུག་ནས་བོད་ཀྱི་ནང་པའི་ཆོས་ལ་རིག་པས་བརྟག་དཔྱད་བྱེད་ཀྱི་ཡོད་རེད། མདོར་ན་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིག་པ་དང་འགལ་ན་བཞག་ནས་འགྲོ་བ་མ་གཏོགས་བཅོམ་ལྡན་འདས་ཀྱི་གསུངས་པ་དེ་དེ་བཞིན་ནོ་ལབ་ཀྱི་ཡོད་མ་རེད། རྒྱ་གར་ལ་བསླེབས་ཏེ་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་དུས། ང་ཚོས་ཚན་རིག་གི་རིག་གནས་གསར་པ་དེ་ཚོ་ཉར་རྒྱུ་དང་གཙོ་བོ་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་ལ་བཤད་རྒྱུ་མེད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་རྒྱག་དུས་ཚན་རིག་པ་ཚོས་དགའ་པོ་བྱེད་ཀྱི་འདུག  བོད་དང་སོག་པོ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་ཤེས་པའི་ཐོག་ནས་ཚད་མ་རིག་པ་ལ་གཙོ་བོ་སློབ་སྦྱོང་བྱ་རྒྱུ་ནི་གལ་ཆེན་པོ་རེད། བོད་དང་སོག་པོ་ཚོ་ཚན་རིག་དང་མཉམ་དུ་འགྲོ་ཐུབ་པ་ཏན་ཏན་འདུག  ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཞུ་ཡི་ཡོད། དེར་བརྟེན་སོག་རིགས་ཚོས་ཚན་རིག་སློབ་སྦྱོང་བྱེད་རྒྱུ་དང་སངས་རྒྱས་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ། ལྟ་གྲུབ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་རྒྱུ་བྱུང་ན་ཡག་པོ་ཡོང་གི་རེད། ཕྱོགས་གཅིག་ནས་སོག་པོ་ཁྱེད་ཚོ་ལ་རང་དབང་ཡོད་རེད། ཨུ་རུ་སུའི་ནང་ལའང་ནང་པའི་ཆོས་ལ་དོ་སྣང་ཡོད་པ་ཕལ་ཆེར་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་པ་འདྲ་པོ་འདུག  དེ་ཙམ་དུ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ནང་ལའང་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་དམིགས་བསལ་གྱིས་ནང་པའི་ལྟ་གྲུབ་ལ་དོ་སྣང་བྱེད་ཀྱི་འདུག  དེ་སྔ་ནང་པ་དང་འབྲེལ་བ་མེད་མཁན་ཚོས་བོད་ཀྱི་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དོ་སྣང་གསར་པ་བྱེད་སྐབས། ང་ཚོ་ཕ་མེས་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད་དུས། ང་ཚོས་དམིགས་བསལ་གྱིས་དོ་སྣང་བྱས་ནས་གཞོན་སྐྱེས་ཚོར་ཆོས་ཟེར་བ་རྨོངས་དད་ཡིན་མིན་བརྟག་དཔྱད་བྱས་ཏེ་སློབ་སྦྱོང་བྱེད་དགོས། སངས་རྒྱས་པའི་ཆོས་རིག་པའི་ལམ་ནས་ཤེས་པ་དང་གཉིས་ནས་སེམས་ཁམས་རིག་པ་ནང་བསམ་བློ་ལ་སྦྱར་ཡོང་དུས་སེམས་ལ་ཞི་བདེ་ཡོང་བ་དང་སེམས་ལྷོད་ལྷོད་ཆགས་ཏེ་གཟུགས་པོ་བདེ་པོ་ཡོང་བར་ཕན་ཐོགས་ཡོད་རེད། སོག་རིགས་སྤྱི་ཡོངས་དང་ལྷག་པར་དུ་སོག་པོའི་གཞོན་སྐྱེས་ཚོས་བོད་ཀྱི་ནཱ་ལེནྡྲའི་ཆོས་བརྒྱུད་འགྲེལ་བཤད་གང་འདྲ་རྒྱག་གི་ཡོད་པ་དང་། ཚན་རིག་པས་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་འགྲེལ་བཤད་ལེན་གྱི་ཡོད་རེད། དེར་བརྟེན་སོག་པོ་ཚོས་དོ་སྣང་བྱས་ཏེ་རྒྱུ་མཚན་ལ་བསམ་བློ་བཏང་ནས་བརྟག་དཔྱད་བྱས་ན་ཕན་ཐོགས་ཡོང་གི་རེད། ཅེས་གསུངས་སོང་།

དྲི་བ་དྲིས་ལན་སྐབས། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་ཉམས་ལེན་གང་འདྲ་བྱེད་དགོས་མིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ནང་ཆོས་ཟེར་བ་དེ་སེམས་ཁམས་རིག་པ་དང་འབྲེལ་བ་ཞིག་ཆགས་ཀྱི་འདུག  ནང་ཆོས་ཀྱི་ནང་ནས་སེམས་ལ་ཞེ་སྡང་དང་ཁོང་ཁྲོའི་དབང་གིས་སེམས་འཁྲུག་པ། ཆགས་སྡང་ཤུགས་དྲག་པོས་སེམས་འཁྲུག་བསྡད་པ་ཡོང་གི་ཡོད་རེད། ཆགས་སྡང་གཉིས་ཀྱི་གཉེན་པོ་བསྟེན་སྟངས་དཀོན་མཆོག་ལ་སྐྱབས་སུ་མཆི་ལབ་པ་གཅིག་པོ་མིན་པར་རྒྱུ་རྐྱེན་ལ་ཞིབ་འཇུག་བྱས་ནས་ཆགས་སྡང་གི་ཤུགས་ཆུང་དུ་བཏང་གི་ཡོད་རེད། ནང་པའི་ཆོས་ནས་གསུངས་པའི་རིག་པའི་འགྲོ་སྟངས་འདི་ཆོས་ཀྱི་བསླབ་བྱ་རེད། ནང་པའི་ཆོས་ཀྱི་བསླབ་བྱ་རེད་ཟེར་ནས་མ་བཞག་པར་ཚན་རིག་དང་མཐུན་པའི་སེམས་ཁམས་རིག་པ་ལ་བསྟེན་ཏེ་སེམས་ལ་མ་སྐྱིད་པ་ཡོང་དུས་སེམས་ཁམས་རིག་པའི་སྟེང་ནས་སེམས་ཀྱི་ཞི་བདེ་ཡོང་གི་ཡོད་རེད། ངོས་རང་གི་ངོ་ཤེས་པའི་ཚན་རིག་པ་མང་པོས་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཡོད་པ་དེ་ལ་དོ་སྣང་དང་དགའ་པོ་བྱེད་ཀྱི་འདུག  དེར་བརྟེན་ནང་ཆོས་དང་ཚན་རིག་སྤྱི་ཡོངས་ཀྱི་ཐོག་ནས་དངོས་ཁམས་རིག་པ་དེ་ཚོ་སེམས་ཁམས་རིག་པ་དང་འབྲེལ་བ་མི་འདུག  ཚན་རིག་ནང་ལ་དེ་སྔ་གཙོ་བོ་ཕྱིའི་མིག་གིས་མཐོང་བ་དེ་ཆགས་ཀྱི་ཡོད་རེད། བར་སྐབས་ཚན་རིག་ཡར་རྒྱས་ཕྱིན་ནས་ཕྱི་དངོས་པོའི་གནས་ཚུལ་ཙམ་མིན་པར་ནང་བསམ་བློའི་སྐོར་ལ་ཚན་རིག་པས་དོ་སྣང་བྱེད་ཀྱི་འདུག  སེམས་ཁམས་རིག་པར་དོ་སྣང་བྱས་དུས་སེམས་ཁམས་རིག་པའི་འགྲེལ་བཤད་དེ་ནང་པའི་གཞུང་ལ་ཡོད་པ་མ་གཏོགས་ཆོས་ལུགས་གཞན་དག་ཕལ་ཆེ་བས་དད་པ་གཙོ་བོ་བྱས་པ་ཙམ་ལས་སེམས་ཁམས་རིག་པའི་ཐོག་ནས་རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱ་རྒྱུ་དེ་མེད། སེམས་ཁམས་རིག་པར་དོ་སྣང་བྱེད་མཁན་ཚོས་ནང་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཞི་བདེ་སྒྲུབ་སྟངས་དང་ཆགས་སྡང་གིས་སེམས་དཀྲུག་ཡོང་དུས་ཤུགས་ཆུང་དུ་གཏོང་བར་ཚན་རིག་པ་ཚོས་དོ་སྣང་བྱེད་ཀྱི་འདུག  ནང་ཆོས་དང་ཚན་རིག་སྤྱི་ཡོངས་ནས་བཤད་ན་དངོས་ཁམས་རིག་པའི་སྐོར་ལ་ནང་པའི་གཞུང་ལ་ཡོད་མ་རེད། ནང་ཆོས་ནང་ནས་སེམས་ཁམས་རིག་པ་གཙོ་བོ་རེད་འདུག  ཅེས་སོགས་གསུངས་སོང་།

མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese