མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་གཞུང་ལ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སོགས་ལ་ཐུག་འཕྲད་གནང་རྒྱུ་ཡིན་པ་མ་ཟད་མ་འོངས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ག་འདྲ་ཞིག་ཆགས་མིན་ད་ལན་གྱི་གྲོས་མོལ་དེར་རག་ལས་ཡོད་པར་བཤད།

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཨ་ལ་སི་ཀའི་གྲོང་ཁྱེར་ཨེན་ཁོ་ར་ཇི་ (Anchorage, Alaska) ནང་། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) དང་བདེ་སྲུང་སློབ་སྟོན་པ་ཇེག་སུ་ལི་ཝན་ (Jake Sullivan) རྣམ་གཉིས་ཀྱིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ (Wang Yi) དང་རྒྱ་ནག་གི་དབུས་ཕྱི་འབྲེལ་ལས་དོན་ཁང་གི་འགན་འཛིན་ཡང་ཅི་ཁྲི་ (Yang Jiechi) གཉིས་དང་ཐུག་འཕྲད་བྱས་ཏེ་ཨ་རྒྱའི་གནད་དོན་ཐོག་གོ་བསྡུར་བྱ་རྒྱུ་ཡིན་འདུག་ལ། ཐུག་འཕྲད་དེ་ནི་བྷའེ་ཌིན་གཞུང་དང་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་བར་དངོས་སུ་ཐུག་པ་ཆེས་ཐོག་མ་དེ་རེད་ལ། ཨ་རྒྱའི་མ་འོངས་འབྲེལ་ལམ་ཡང་ད་ཐེངས་ཀྱི་གྲོས་མོལ་དེར་རག་ལས་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཨ་རིའི་གཞུང་ངོས་ནས་ཐུག་འཕྲད་སྐབས་གནད་དོན་ག་རེ་གླེང་སློང་བྱ་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱས་མེད་ནའང་། རྒྱལ་སྲིད་དྲུང་ཆེ་བྷི་ལིན་ཀན་ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་དྲ་ལམ་དུ། ཐུག་འཕྲད་སྐབས་གནད་དོན་མང་དག་ཐད་གོ་བསྡུར་བྱ་རྒྱུ་ཡིན་པ་མ་ཟད། ཕྱོགས་གཉིས་བར་གྱི་ཆེས་མི་མཐུན་སའི་གནད་དོན་དག་ཀྱང་གླེང་སློང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། དེ་བཞིན་ཁོང་གིས་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས། ད་ཐེངས་ཀྱི་ཐུག་འཕྲད་འདིའི་རྐྱེན་པས་མ་འོངས་པར་ཕྱོགས་གཉིས་བར་གྲོས་མོལ་རིམ་པར་ཡོང་རྒྱུ་ངེས་པ་མེད་སྟབས། རྒྱ་ནག་ངོས་ནས་ཨ་རིའི་ཕྱོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཡར་རྒྱས་ཀྱི་རྣམ་པ་དང་གྲུབ་འབྲས་འདོན་དགོས་སྐོར་དང་། ད་ཐེངས་ཀྱི་ཐུག་འཕྲད་དེ་ནི་ཨ་རིར་མཚོན་ན་བློ་འཚབ་ཅན་གྱི་རྒྱ་ནག་གི་བྱ་སྤྱོད་ཁག་ཁ་གསང་པོའི་ཐོག་ནས་བཤད་རྒྱུའི་སྡིངས་ཆ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

གཞན་ཡང་། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇེན་སཱ་ཀི་ (Jen Psaki) ལགས་ཀྱིས། ད་ལྟའི་འཛིན་སྐྱོང་ལ་མཚོན་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཐུག་འཕྲད་དང་པོ་དེ་ཨ་རིའི་ས་ཐོག་རང་ལ་འབྱུང་དགོས་པ་མ་ཟད། དེ་ཡང་དང་པོ་ཨེ་ཤ་ཡ་དང་ཡུ་རོབ་ནང་ཡོད་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོའི་བསམ་ཚུལ་ལ་ཉན་ཏེ་ཐུག་འཕྲད་བྱ་རྒྱུ་དེ་རེད། ཅེས་བརྗོད་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༡༢ ཉིན་སྲིད་འཛིན་བྷའེ་ཌིན་མཆོག་ཨ་རི་དང་། ཨོ་གླིང་། ཉི་ཧོང་། རྒྱ་གར་བཅས་རྒྱལ་ཁབ་བཞི་ལས་གྲུབ་པའི་མཐུན་ཚོགས་(The Quad) ཀྱི་མགོ་འཁྲིད་ཀྱི་དྲ་ལམ་ཚོགས་འདུར་ཞུགས་གཏན་ཁེལ་ཡོད་ལ། ཡང་ཨ་རྒྱའི་ཐུག་འཕྲད་ཀྱི་སྔོན་ཏག་ཏག་དེར་སྐུ་ཞབས་བྷི་ལིན་ཀན་དང་ཨ་རིའི་བདེ་སྲུང་དྲུང་ཆེ་ལོ་ཝེཌ་ཨོ་སི་ཊིན་ (Lloyd Austin) གཉིས་ཉི་ཧོང་དང་། ལྷོ་ཀོ་རི་ཡའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པ་རེད། རྒྱལ་ཁབ་དེ་གཉིས་ནི་ཨ་རིའི་ཨེ་ཤ་ཡའི་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་གནད་འགག་ཅན་ཙམ་དུ་མ་ཟད། རྒྱ་ནག་གི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བྱེད་ཐབས་ལ་བྱ་ར་དང་འགོག་རྒོལ་བྱེད་པའི་རྨང་གཞི་ལྟ་བུ་ཆགས་ཡོད།

ཇོ་བྷའེ་ཌིན་སྲིད་གཞུང་གིས་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་སྐབས་ནས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུའི་རྣམ་འགྱུར་བསྟན་ཡོད་ལ། འདས་པའི་ཟླ་བ་ ༢ མ་ཟིན་ཙམ་གྱི་རིང་ཡུ་གུར་མི་རིགས་དང་། བོད་དོན། ཧོང་ཀོང་སོགས་ཀྱི་སྐོར་ནས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དང་། འབྲེལ་ཡོད་རྒྱ་ནག་གི་མགོ་འཁྲིད་ཚོར་དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཅད་ཡོད་པ་རེད། དེ་བཞིན་བྷའེ་ཌིན་སྲིད་གཞུང་གིས་ཊོམ་ཕུ་སྲིད་གཞུང་ནས་རྒྱ་ནག་གི་ཚོང་ཟོག་ཐོག་བཀལ་བའི་སྒོ་ཁྲལ་རྣམས་ད་དུང་ཡང་ཕྱིར་འཐེན་མ་བྱས་པར་བསྐྱར་ཞིབ་བྱེད་མུས་ཡིན་པ་མ་ཟད། ཉེ་ཆར་རྒྱལ་སྲིད་དྲུང་ཆེ་བྷི་ལིན་ཀན་གྱིས་སྤེལ་བའི་གཏམ་བཤད་དང་། ཕོ་བྲང་དཀར་པོའི་བདེ་སྲུང་ཐབས་ཇུས་ཀྱི་ཡིག་ཆའི་ནང་རྒྱ་ནག་དེ་ཨ་རིར་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་དང་། རྒྱལ་སྤྱིའི་གུ་ཡངས་དང་སྲ་བརྟན་གྱི་ལམ་ལུགས་ལ་དོ་ཕོག་གཏོང་མཁན་གྱི་རྒྱལ་ཁབ་གཅིག་ཁོ་ན་དེར་ངོས་འཛིན་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པས་ཨ་རིས་ད་ཐེངས་ཀྱི་ཐུག་འཕྲད་དང་པོ་བརྒྱུད་ནས་སྲིད་འཛིན་ཊོམ་ཕུའི་སྐབས་བཞག་པའི་ཨ་རྒྱའི་ཚོང་དོན་གྲོས་ཆོད་རིམ་པ་དང་པོ་གཞིར་བཟུང་། རྒྱ་ནག་ངོས་ནས་ཨ་རིའི་ཐོན་ཟོག་ནང་འདྲེན་བྱ་རྒྱུ་དང་། རྒྱལ་སྤྱིའི་ངལ་རྩོལ་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་པའི་བཙན་བཀོལ་ངལ་རྩོལ་འགོག་རྒོལ་གྱི་སྒྲིག་ཁྲིམས་བརྩི་སྲུང་དགོས་པའི་རེ་བ་འཆང་གི་ཡོད་སྐོར་དང་། ཡང་ཐེངས་འདིའི་ཐུག་འཕྲད་དེ་དུས་རབས་བཅུ་དགུ་པའི་རོལ་རྩེད་ཆེན་མོ་ (The Great Game) ལྟར་རང་གི་ཤུགས་རྐྱེན་སྤེལ་ཐབས་ཀྱི་རྣམ་པ་གསར་པ་ཞིག་ལས། དེ་སྔ་བཤད་བཞིན་པ་ལྟར་གྱི་གྲང་དམག་གི་རྣམ་པ་ཞིག་མིན་སྐོར་བརྗོད་འདུག་ལ། འདས་པའི་ལོ་ ༥ ལྟར་ཨ་རྒྱའི་འབྲེལ་ལམ་འདི་སྔར་རྒྱུན་བཞིན་ཛ་དྲག་ཏུ་གནས་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ཀྱང་། ཨ་རིའི་རྒྱལ་སྲིད་དྲུང་ཆེས་བསླེབ་ལ་ཉེ་བའི་ཐུག་འཕྲད་སྐབས་ཨ་རྒྱའི་སྐུ་ཚབ་རྣམས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་མཚོན་པའི་མཉམ་ལས་ཀྱི་ཕྱོགས་ལའང་གོ་བསྡུར་བྱ་རྒྱུ་ཡིན་སྐོར་བཤད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཨ་རིར་དགོས་པ་རྒྱ་ནག་རེད་ལ་་རྒྱ་ནག་ལ་དགོས་པ་ཨ་རི་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese