མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་ཉིན་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་བསྐྱར་དུ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་མཆོག་ནས་ཨ་རིའི་སྲིད་གཞུང་གསར་པས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་གནང་འདུག 

ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་དང་བསྟུན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སི་ (Nancy Pelosi) མཆོག་གིས། བོད་མི་རྣམས་ལ་གསུམ་བཅུའི་དུས་དྲན་གྱི་རྒྱབ་སྐྱོར་བསྒྲགས་གཏམ་ཞིག་གནང་སྟེ། ཨ་རིའི་གཞུང་གིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་གནང་བའི་ནང་། བོད་མི་མང་གིས་རང་དབང་ཐོག་ནས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བཀོལ་སྤྱོད་གཏོང་བཞིན་ཡོད་མོད། འདས་པའི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་གཞུང་གིས། རང་དབང་ལ་དགའ་བའི་འཛམ་གླིང་མི་མང་གི་མངོན་འདོད་དུ་གྱུར་བ་དང་བློ་སྤོབས་སྐྱེ་འོས་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ནག་གསུབ་གཏོང་ཐབས་ཀྱི་ལས་འགུལ་སྤེལ་ཡོད། དེར་བརྟེན། འདས་ལོར་གྲོས་ཚོགས་གོང་འོག་ལས་གྲུབ་པའི་ཨ་རིའི་གཞུང་གིས། བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབ་ཀྱིས། ཨ་རི་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་གོང་མཐོར་དང་། བོད་ཀྱི་ཆོས་ཕྱོགས་ཀྱི་ཐག་གཅོད་རིགས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཚོར་ཡོད་པར་ལངས་ཕྱོགས་གསལ་འདོན་བྱས་ཡོད། ཅེས་དང་དམིགས་བསལ་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་དང་འབྲེལ། ༧གོང་ས་མཆོག་གི་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ། འཛམ་གླིང་ཞི་བདེ་སོགས་ཀྱི་བཀའ་སློབ་འོག ཨ་རིས་མུ་མཐུད་བོད་དང་རྒྱ་ནག་ནང་གི་རང་དབང་གོང་མཐོར་གཏོང་བར་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གསུངས་བ་དང་འབྲེལ། གལ་སྲིད་ང་ཚོས་ཚོང་ལས་ཀྱི་ཁེ་ཕན་ཁོ་ན་བསམས་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་མ་བྱས་ཚེ། ང་ཚོས་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་པའི་འགན་འཁྲི་བརླག་འགྲོ་ཡི་ཡོད་པར་བརྟེན། ང་ཚོས་གལ་གནད་ཆེ་བའི་འགན་འཁྲི་འདི་ལས་གཡོལ་རྒྱུ་མིན། ཞེས་གསུངས་འདུག

དེ་བཞིན་ཁ་སང་གསུམ་བཅུའི་དུས་དྲན་དང་བསྟུན། ཨ་རིའི་སྲིད་གཞུང་གསར་པས་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་པའི་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེ་ཌི་པེ་རཱ་སི་ (Ned Price) ལགས་ཀྱིས། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་འདེམས་སྒྲུག་ཐད་འགན་དབང་གང་ཡང་མེད་ཅེས་དང་། རྒྱ་ནག་གཞུང་གིས་ལོ་ངོ་ ༢༥ ཡར་སྔོན་དུ་༧པཎ་ཆེན་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་བྱས་ཏེ།  ༧པཎ་ཆེན་རིན་པོ་ཆེ་སྐུ་ན་ཆུང་དུས་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོང་གི་ཚབ་ཏུ་རྒྱ་ནག་གཞུང་རང་གིས་༧པཎ་ཆེན་རིན་པོ་ཆེ་ཞིག་བསྐོ་བཞག་བྱས་ཡོད། གནད་དོན་དེ་ནི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་ཆགས་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད། འདས་ལོར་ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས། བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབ་གནང་སྟེ་༧གོང་ས་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཀྱི་ཐག་གཅོད་༧གོང་ས་མཆོག་དང་བོད་མིར་ཡོད་པ་ཡོངས་བསྒྲགས་གནང་ཡོད་པ་རེད།

ཡང་ཁ་སང་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་སྲུང་གཙི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་གྲོས་ཚོགས་ནང་མཉམ་ཞུགས་གནང་སྟེ། གྲོས་ཚོགས་ནང་བོད་དོན་གླེང་སློང་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་དང་། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ཡང་སྟེང་དུའང་བོད་ཀྱི་རྒྱལ་དར་བསྒྲེགས་འཛུགས་གནང་ཡོད་འདུག་ལ། གསུམ་བཅུའི་དུས་དྲན་ཉིན་ཡུལ་གཉིས་ཀྱི་གྲོས་ཚོགས་ནས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་ཐོག་མ་ཆགས་ཀྱི་ཡོད་འདུག

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist