མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་འོས་བསྡུར་འགྱུར་བ་གཏོང་བའི་སྲིད་ཇུས་གཏན་འབེབ་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་གི་འོས་འདེམས་འཐུས་ཚོགས་དང་གྲོས་ཚོགས་འཐུས་མིའི་གྲངས་འབོར་ཇེ་མང་དུ་གཏོང་བའི་སྲིད་ཇུས་གཏན་འབེབ་བྱས་པར་ཧོང་ཀོང་སྤྱི་ཁྱབ་པ་ཁེ་རི་ལམ་གྱིས་དགའ་བསུ་དང་སྦྲགས་གྲོས་ཚོགས་ནང་གི་རྩོད་རྙོག་སེལ་བར་ཕན་ཐོགས་རྒྱུ་ཡིན་སྐོར་བཤད།

རྒྱལ་སྤྱིའི་གསར་ཁང་རོའུ་ཊུར་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་སྐབས་ ༡༣ པའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་གྲངས་ ༧༠ ཡོད་པའི་ཐོག་འཐུས་མི་ ༢༠ གསར་སྣོན་དང་། འོས་འདེམས་འཐུས་ཚོགས་ (Electoral committee) ལ་མི་གྲངས་ ༡༢༠༠ ཡོད་པའི་ཐོག་ ༣༠༠ ཁ་སྣོན་བྱ་རྒྱུ་སོགས་ཧོང་ཀོང་གི་འོས་བསྡུར་འགྱུར་བ་གཏོང་ཐབས་ཀྱི་སྲིད་ཇུས་ཤིག་གཏན་འབེབ་བྱས་ཡོད་འདུག

ཐག་གཅོད་དེ་བྱས་མ་ཐག་ཧོང་ཀོང་གི་སྤྱི་ཁྱབ་པ་ཁེ་རི་ལམ་ (Carrie Lam) གྱིས། རྒྱལ་ཡོངས་མི་མང་འཐུས་མི་རྣམས་ཀྱིས་པེ་ཅིན་གྱི་ཧོང་ཀོང་གི་འོས་བསྡུ་དང་འབྲེལ་ནས་བསྒྱུར་བཅོས་བྱ་བར་རྒྱབ་སྐྱོར་བྱས་པར་ཧོང་ཀོང་གཞུང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སྐོར་དང་། འོས་བསྡུའི་བསྒྱུར་བཅོས་དེ་ཡིས་ཉེ་ལམ་ནས་ཧོང་ཀོང་གྲོས་ཚོགས་ནང་གནད་དོན་ཡོད་ཚད་ཆབ་སྲིད་ལ་བསྒྱུར་ཐབས་བྱེད་པའི་གནད་དོན་དེ་སེལ་ཐུབ་པ་མ་ཟད། ནང་ཁུལ་གྱི་རྩོད་རྙོག་གིས་ཧོང་ཀོང་དུམ་བུར་གཏོང་བཞིན་པ་ལ་གདོང་ལེན་བྱེད་ཐུབ་སྐོར་དང་། དེ་ལ་བརྟེན་ནས་པེ་ཅིན་གྱི་རྒྱབ་སྐྱོར་འོག་ཧོང་ཀོང་གི་དཔལ་འབྱོར་དང་མི་མང་གི་འཚོ་བ་ཡར་རྒྱས་གཏོང་ཐུབ་ངེས་ཡིན་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གི་བརྒྱུད་ལམ་དུ་མི་མང་འཐུས་མི་ ༢༨༩༥ ཡིས་རྒྱབ་སྐྱོར་དང་དགག་བྱ་བྱེད་མཁན་གཅིག་ཀྱང་མ་བྱུང་སྐོར་བརྗོད་པའི་སྲིད་ཇུས་གསར་པ་དེའི་ནང་། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་འོས་འདེམས་འཐུས་ཚོགས་ (Electoral committee) ཀྱི་གྲུབ་ཆར་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་དང་། དེ་ཡིས་པེ་ཅིན་ལ་དགའ་ཞེན་ཆེ་བའི་ཧོང་ཀོང་གི་སྤྱི་ཁྱབ་ཅིག་འདེམས་རྒྱུར་ནུས་པ་ཆེན་པོ་ཐོན་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་། འོས་འདེམས་འཐུས་ཚོགས་ཀྱིས་གྲོང་ཁྱེར་གྱི་འཐུས་མི་འདེམས་པ་དང་། གྲོས་ཚོགས་འཐུས་མིའི་འོས་མི་དང་འོས་འདེམས་བྱུང་མཁན་རྣམས་རྒྱལ་ཞེན་ཡོད་མེད་ལ་དག་ཐེར་བྱེད་ཆོག་གི་ཡོད་འདུག

གནད་དོན་དབྱེ་ཞིབ་པས་ཧོང་ཀོང་གི་འོས་འདེམས་འཐུས་ཚོགས་ལ་བསྒྱུར་བཅོས་བྱས་པ་ལ་བརྟེན། དམངས་གཙོར་ཡིད་ཆེས་བྱེད་མཁན་དག་གི་ཁོར་ཡུག་གཞི་རྒྱ་ཆུང་དུ་བཏང་སྟེ། ཧོང་ཀོང་གི་གནས་སྟངས་ལྡོག་ཕྱོགས་སུ་ཁ་ཕྱོགས་ཡོད་སྐོར་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་འོས་བསྡུའི་ཐད་ཚོད་འཛིན་ཆེ་ཤོས་དང་། མ་འོངས་པར་ཧོང་ཀོང་གྲོས་ཚོགས་ནང་དགག་བྱ་བྱས་པ་ལ་མཇུག་འབྲས་ཅི་ཡོང་དང་། གྲོས་ཚོགས་འཐུས་མིའི་བསམ་ཚུལ་ཡར་བསླེབས་པར་རྒྱལ་ཞེན་ཇི་ཙམ་དགོས་མིན་སོགས་གསལ་ཁ་མེད་སྐོར་བརྗོད་ཀྱི་འདུག

དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཌོ་མི་ནིག་རཱབ་ (Dominic Raab) ལགས་ཀྱིས། རྒྱ་ནག་གཞུང་གི་བྱེད་ཐབས་དེ་ནི་རང་གི་དམ་བཅའ་དང་འགལ་ནས་ཧོང་ཀོང་ནང་གི་དམངས་གཙོའི་བགྲོ་གླེང་གི་མཁའ་དབུགས་དོག་ཏུ་གཏོང་ཐབས་ཤིག་ཡིན་པ་མ་ཟད། བྱེད་ཐབས་དེས་རྒྱ་ནག་རང་ཉིད་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་དང་འགན་འཁྲི་ལེན་རྒྱུའི་ཐད་མང་ཚོགས་ཁྲོད་ཡིད་ཆེས་དང་གདེང་ཚོད་སླེབས་རྒྱུར་འགོག་རྐྱེན་བཟོ་ངེས་ཡིན་སྐོར་སྐྱོན་བརྗོད་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese