མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དབང་ཡོད་སྣང་མེད་དུ་འཇོག་མི་རུང་བའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་དང་ཡུ་གུར། ཧོང་ཀོང་དང་ཐའེ་ཝན་བཅས་ཀྱི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དང་འབྲེལ་ཨ་རི་དང་ཡུ་རོབ་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་ནས་རྒྱ་ནག་ལ་ཁ་གཏད་གཅོག་འཆར་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ (Nato) ཀྱི་སྤྱི་ཁྱབ་འགན་འཛིན་ཇེན་སི་ (Jens Stoltenberg) ལགས་ཀྱིས། ཡུ་རོབ་གྲོས་ཚོགས་ཀྱི་བདེ་སྲུང་དང་ཕྱི་སྲིད་ལས་དོན་གྱི་ཚོགས་འདུའི་སྟེང་། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་སླར་གསོ་བྱས་ཏེ།  ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་དུ། རྒྱ་ནག་གི་དྲག་ཤུགས་རྒྱ་སྐྱེད་དང་འཇིགས་སྐུལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་འབྲེལ་གནས་ཚུལ་ནང་སྐུ་ཞབས་ཇེན་སི་ལགས་ཀྱིས། རྒྱ་ནག་ནི་ང་ཚོ་ཐུན་མོང་གི་རིན་ཐང་ལ་བརྩི་འཇོག་མི་བྱེད་པའི་སྲིད་དབང་སྒེར་གཅོད་གཞུང་ཞིག་ཡིན་སྟབས། རྒྱ་ནག་གི་འཕེལ་རྒྱས་ཀྱིས་ང་ཚོར་གནོད་ཚབས་ཆེ་བའི་ཁ་གཏད་གཅོག་གི་ཡོད། ད་ལྟ་རྒྱ་ནག་འཛམ་གླིང་གི་རྒྱལ་སྲུང་བདེ་འཇགས་ཀྱི་མ་དངུལ་ཆེ་ཤོས་ཨང་གཉིས་པ་དང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཆགས་ལ་ཉེ་བ་དང་བསྟུན། དེང་རབས་ཅན་གྱི་དམག་སྲིད་ལས་དོན་ཚད་མཐོའི་རྒྱ་སྐྱེད་གཏོང་བཞིན་ཡོད། དེར་བརྟེན། ནུབ་གླིང་བྱང་མའི་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་ཁག་མཉམ་འབྲེལ་ཐོག་གནས་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་ཡོད་པ་དང་། ནུབ་གླིང་བྱང་མའི་དམག་དོན་སྒྲིག་ཁོངས་སུ་ཡུ་རོབ་དང་བྱང་ཨ་རིའི་རྒྱལ་ཁབ་ ༣༠ ཙམ་ཡོད་པ་རེད།

དེ་བཞིན། ཁ་སང་ནས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་ (Antony J. Blinken) ལགས་དང་རྒྱལ་སྲུང་དྲུང་ཆེ་ཨ་སི་ཊིན་ (Lloyd J. Austin) ལགས་གཉིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བ་བརྒྱུད། ཨ་རིའི་སྲིད་འཛིན་གསར་བ་རྗོ་བྷའེ་ཌན་གཞུང་ནས་རྒྱ་གར་རྒྱ་མཚོའི་ཁུལ་གྱི་ཨ་རིའི་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་ཁག་བར་གྱི་མཐུན་ལམ་སྲ་བརྟན་དུ་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གནས་ཚུལ་ནང་ཨ་རི་གཙོ་བྱས་པའི་ནུབ་གླིང་བྱང་མའི་དམག་དོན་སྒྲིག་འཛུགས་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས། རྒྱ་ནག་གིས་བཙན་དབང་སྟོབས་ཤུགས་བཀོལ་སྤྱད་ཀྱིས། བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དང་། ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་བརྡབ་གསུག  དེ་བཞིན་ཐེ་ཝན་གྱི་མང་གཙོར་འབུར་འཇོམ་བྱེད་བཞིན་པ་སོགས་ཀྱི་འགན་ལེན་བྱེད་དུ་འཇུག་གི་ཡིན་སྐོར་བརྗོད་འདུག

ཉི་ཧོང་དུ་འགྲོ་བ་མིའི་ཐོབ་ཐང་ཉིན། ཡང་རྒྱ་ནག་གིས་བོད་དང་ཡུ་གུར་། ཧོང་ཀོང་དང་ཐའེ་ཝན་བཅས་ཀྱི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཁྱད་གསོད་དང་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་དང་འབྲེལ། ད་ལྟ་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༦ ཐོག་ཨ་རི་དང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅུ་གསུམ་གྱིས། རྒྱ་ནག་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རྡོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གཞན་ཡང་། ཨེ་ཕོག་དུས་བབ་སྟེང་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རོམ་ནེ་ (Sen. Mitt Romney) ལགས་ཀྱིས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ། རྒྱ་ནག་ནང་འཚོག་རྒྱུ་མཚམས་འཇོག་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུལ་ཞུགས་མི་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་གྲོས་ཚོགས་འཐུས་མི་རོམ་ནེ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་འོས་པ་ཞིག་ཡིན་པ་དང་། རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་སྒྱུར་བཅོས་བཏང་སྟེ། གསར་འགོད་པ་དང་མི་མང་གི་ཞི་བའི་གོམ་བགྲོད་བཀག་སྡོམ་དང་། ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་གཞན་གྱི་རིགས་རྒྱུད་རྒྱ་རིགས་ཅན་དུ་བསྒྱུར་ཐབས་དང་ཁོ་ཚོའི་ནང་མི་ཁ་བྲལ། དེ་བཞིན་ངལ་སྩོལ་དང་སློབ་གསོ་སྒྱུར་བཀོད་ཁང་སོགས་སུ་བཙན་གྱིས་བཅུག་གི་ཡོད་སྐོར་སོགས་བརྗོད་དེ། རྒྱལ་སྤྱིའི་རྩེད་འགྲན་པ་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་མི་ཞུགས་རྒྱུ་དང་། ཨ་རི་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་རྣམས་ལ་སྐུལ་མ་བཏང་སྟེ། རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་འཚོག་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 1

  1. Kongtul says:
    ལོ་ 5 སྔོན།

    ནུབ་ཕྱོགས་པ་རྣམས་རང་གི་དགྲ་ཟླ་རང་ཉིད་ཕམ་པར་གཏོང་ནུས་པའི་སྟོབས་ཆེན་ཞིག་དོན་གཉེར་ལ་རེམས་བཞིན་ནི་ཁྱོད་ལ་ང་ཚོའི་མགོ་བོ་བཅོད་པའི་ནུས་པ་ད་ལྟ་མི་འདུག་ངེད་ཚོས་དེ་ཡོང་བར་དཔལ་འབྱོར་གྱི་ལེགས་སྐྱེས་འདི་ཡིན་ཞེས་འབུལ་བཞིན་པ་ལ་བལྟས་ན་མ་འོང་ཀུ་ཅོ་རྒྱུན་མི་ཆད་པར་འདོན་དགོས་རྒྱུ་དང་མཐར་མགོ་འདོག་ཞུ་དགོས་ཁེལ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese