མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་ལོ་ལྔ་ནང་ལོ་རེའི་གཏན་འཇགས་མ་དངུལ་བསྡོམས་ཡར་འཕར་ཡོད་པ་དང་གཏན་འཇགས་མ་དངུལ་འཕར་ཚད་ཇེ་ཉུང་དུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་གཏན་འཇགས་མ་དངུལ་གྱི་འཕར་ཆག་གནས་སྟངས་དང་དཔྱ་དངུལ་བསྡུ་རུབ་གནང་ཕྱོགས་དང་འབྲེལ་ཏེ། དཔྱ་ཁྲལ་ལག་དེབ་སྟེང་གི་མིང་སོགས་བཟོ་བཅོས་མ་ཐུབ་པར་དཀའ་ངལ་ཡོང་བཞིན་ཡོད་པའི་སྐོར་ནས་བགྲོ་གླེང་དང་དྲི་བ་དྲིས་གནང་སོང་།

སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་འདས་པའི་ལོ་ངོ་བཞིའི་རིང་གི་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གསུང་བཤད་ནང་ཤེས་རིག་ལས་ཁུངས་སུ་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༡༤༡ ཡོད་པ་གསུང་གི་ཡོད་པ་དང་། ཐེངས་འདིའི་ཕྱི་ལོ་ ༢༠༢༡་་་༢༠༢༢ ཀྱི་སྔོན་རྩིས་གསུང་བཤད་ནང་ཤེས་རིག་ལས་ཁུངས་སུ་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༣༠ ལས་མེད་སྟབས། གཏན་འཇགས་མ་དངུལ་ལ་སྒོར་ས་ཡ་བརྒྱ་ལྷག་གི་ཧེ་བག་ཇི་ལྟར་བྱུང་མིན་བཀའ་འདྲི་ཞུ་སྐབས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ན་ནིང་ཤེས་རིག་ལས་ཁུངས་སུ་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༡༤༡ ཡོད་གསུང་སྐབས་སུ་ཤེས་རིག་གི་སྤྱི་ཡོངས་ཀྱི་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༡༧༠ ལྷག་ཡིན་པ་དང་། ད་ལོར་ཤེས་རིག་གི་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༣༠ ཡོད་གསུང་གི་ཡོད་ནའང་སྤྱི་ཡོངས་ཀྱི་མ་དངུལ་སྒོར་ས་ཡ་ ༡༧༠ ལྷག་ཡོད་པས་དངུལ་གང་དུ་བཞག་མ་བཞག་ཙམ་ལས་ཁྱད་པར་གང་ཡང་སོང་མེད་སྐོར་གསུངས་སོང་།

དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ཚོད་དཔག་འཆར་རྩིས་ཚོགས་ཆུང་ངོས་ནས་འབྲེལ་ཡོད་ལྷན་ཁང་གི་དྲུང་ཆེ་དང་རྩིས་པ་ལ་དེའི་ཐོག་ཐེངས་གཉིས་ཙམ་འཆར་འབུལ་ཞུས་ཡིན། མཐའ་མ་དེར་དྲུང་ཆེ་དང་རྩིས་པས་གནས་སྟངས་གསལ་བཤད་གནང་བ་གཞིར་བཞག་ན། རྩིས་ལོ་ ༢༠༢༡ ་་་ ༢༠༢༢ ཀྱི་སྔོན་རྩིས་གསུང་བཤད་ལ་ཆ་བཞག་ན་འགྲིག་པ་ལྟ་བུ་མཐོང་སོང་བ་དང་། དེ་བཞིན་ཚོགས་ཆུང་ངོས་ནས་དཔལ་འབྱོར་བཀའ་བློན་ལ་དེའི་ཐོག་བཀའ་འདྲི་ཞུ་སྐབས་སྔོན་རྩིས་གསུང་བཤད་ནང་གནད་དོན་དེ་གསལ་ན་འགྲིག་ས་རེད་ཅེས་གསུངས་བ་གཞིར་བཟུང་གིས་འདིར་ཁྱེར་ཡོད་པ་རེད་ལ། ཚོགས་ཆུང་ངོས་ནས་དེ་ཉིད་རྩ་འཛིན་དུ་འཇོག་ན་འགྲིག་པ་ལྟ་བུ་མཐོང་བྱུང་། ཞེས་གསུངས་སོང་།

ཡང་སྤྱི་འཐུས་གཉིས་གསུམ་ཞིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་ཀྱི་གཏན་འཇགས་མ་དངུལ་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་ཡོད་པའི་དགོངས་ཚུལ་གསུངས་བར་དཔལ་འབྱོར་བློན་མཆོག་གིས། ཕྱི་ལོ་ ༢༠༡༦ ནས་བཟུང་སྤྱི་ཡོངས་ཀྱི་གཏན་འཇགས་མ་དངུལ་ཡར་འཕར་ཡོད་པ་དང་། ལོ་རེའི་གཏན་འཇགས་མ་དངུལ་གྱི་འཕར་ཚད་ལ་ཁྱད་པར་ཡོང་སྲིད་པ་དང་། དེ་ལ་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བྱུང་ཡོད་པ་ལས་གཏན་འཇགས་མ་དངུལ་འཕར་ཆ་ཡོང་བར་སྐུ་ལས་མ་བསྐྱོན་པ་དང་ལས་དོན་མ་བྱས་པ་ཞིག་རྩ་བ་ཉིད་ནས་མིན་སྐོར་དང་། དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་བཀའ་བློན་མང་པོ་ཡོད་ནའང་གཏེར་ཁ་སྔོག་འདོན་བྱ་རྒྱུ་མེད་པ་དང་། ཁྲལ་འགེལ་བྱེད་ས་མེད་པ། འཛའ་གོང་སྤར་ཆག་བྱ་རྒྱུ་སོགས་མེད་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཡིན་ནའང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་འཛིན་སྐྱོང་གི་མགོ་ལས་ཚང་མས་ལས་དོན་བྱས་པ་ལ་བརྟེན་ནས་གཏན་འཇགས་མ་དངུལ་འཕར་ཡོད་པ་ལས་ཆག་རྩ་བ་ཉིད་ནས་མེད་སྐོར་གསུངས་སོང་ལ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་ལོ་རེའི་གཏན་འཇགས་མ་དངུལ་ཕྱོགས་བསྡོམས་མངོན་པའི་ཀ་བ་རིང་དུ་རིང་དུ་ཕྱིན་ཡོད་སྐོར་གསུངས་སོང་།ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འགྲེམས་སྤེལ་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་རྩིས་ལོ་ལྔའི་གཏན་འཇགས་མ་དངུལ་འཕར་ཆག་གནས་སྟངས་གསལ་བའི་དཔེ་རིས་ཀྱི་ནང་དུ། ཕྱི་ལོ་ ༢༠༡༦ ལོའི་གཏན་འཇགས་མ་དངུལ་བསྡོམས་ཧིན་སྒོར་ས་ཡ་ ༢༥༢།༨༩ དང་འཕར་ཚད་ཧིན་སྒོར་ས་ཡ་ ༢༨།༨༥ དང་། ཕྱི་ལོ་ ༢༠༡༧ ལོར་གཏན་འཇགས་མ་དངུལ་བསྡོམས་ཧིན་སྒོར་ས་ཡ་ ༢༦༩།༡༩ དང་འཕར་ཚད་ས་ཡ་ ༡༦།༣། ཕྱི་ལོ་ ༢༠༡༨ ལོར་གཏན་འཇགས་མ་དངུལ་བསྡོམས་ཧིན་སྒོར་ས་ཡ་ ༢༧༨།༣༤ དང་འཕར་ཚད་ས་ཡ་ ༩།༡༥། ཕྱི་ལོ་ ༢༠༡༩ ལོར་གཏན་འཇགས་མ་དངུལ་བསྡོམས་ས་ཡ་ ༢༨༤།༦༠ དང་འཕར་ཚད་ས་ཡ་ ༦།༢༦། འདས་ལོ་ཕྱི་ལོ་ ༢༠༢༠ ལོར་གཏན་འཇགས་མ་དངུལ་ས་ཡ་ ༢༩༤།༩༧ དང་འཕར་ཚད་ས་ཡ་ ༡༠།༣༧ ཡིན་འདུག་པས། ཚད་འཇལ་དཔེ་རིས་ལྟར་ན། འདས་པའི་ལོ་ལྔ་ནང་ལོ་རེའི་གཏན་འཇགས་མ་དངུལ་ཕྱོགས་བསྡོམས་ཡར་འཕར་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་ཅུང་ཡར་འཕར་ཡོད་པ་མ་གཏོགས་གཏན་འཇགས་མ་དངུལ་འཕར་ཚད་ལོ་རེ་བཞིན་ཇེ་ཉུང་དུ་ཕྱིན་འདུག

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༡ ་་་ ༢༠༢༢ ལོའི་སྔོན་རྩིས་འཆར་འབུལ་བརྒྱ་ཆ་བགོས་པའི་ནང་། ཆབ་སྲིད་ཀྱི་ཆེད་དུ་བརྒྱ་ཆ་ ༢༣།༦༣ དང་། ཤེས་རིག་ཆེད་བརྒྱ་ཆ་ ༢༢།༣༢། འཛིན་སྐྱོང་ཆེད་བརྒྱ་ཆ་ ༢༡།༩། སྤྱི་ཚོགས་ཆེད་བརྒྱ་ཆ་ ༡༨།༧༨། འཕྲོད་བསྟེན་གྱི་ཆེད་དུ་བརྒྱ་ཆ་ ༨།༧༣། ཆོས་རིག་གི་ཆེད་བརྒྱ་ཆ་ ༢།༢༤། ཁྲིམས་བཟོའི་ཆེད་བརྒྱ་ཆ་ ༢།༣། ངེས་ཅན་གྱི་ཆེད་དུ་བརྒྱ་ཆ་ ༠།༡ བཅས་རེད་འདུག

གཞན་ཡང་། དེ་རིང་ཕྱི་དྲོར་སྤྱི་འཐུས་ཁག་ཅིག་ནས་དཔྱ་ཁྲལ་ལག་དེབ་ཀྱི་མིང་སོགས་བཟོ་བཅོས་གཏོང་མ་ཐུབ་པར་བོད་མིའི་སྤྱི་ཚོགས་ནང་བཟའ་ཚང་དང་ཕ་མ་བུ་ཕྲུག་མང་པོ་ཁ་བྲལ་དུ་འགྲོ་དགོས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་རྩ་འཛིན་ལམ་སྟོན་ཁོ་ནར་ཁ་གཡར་ནས་མ་བསྡད་པར་མི་མང་གི་དཀའ་ངལ་ངེས་པར་དུ་སེལ་ཐབས་དགོས་སྐོར་གསུངས་སོང་བ་དང་། དེ་ལ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་གསལ་བཤད་གནང་སྐབས། ཉེ་སྔོན་ནས་དཀའ་ངལ་དེ་རིགས་ཡོད་མཁན་ག་ཚོད་ཡོད་ན་ཚང་མ་བསྡུ་རུབ་དགོས་པའི་བཀའ་མངགས་གནང་ཟིན་པ་ལྟར་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་ཡང་། དཀའ་ངལ་དེ་རིགས་ལ་འགྲེལ་བཤད་ཁ་གསལ་བརྒྱབ་ན་ཕར་ཕྱོགས་ཀྱི་དོ་བདག་ལ་ཕན་ལས་གནོད་ཡོང་ཉེན་ཆེ་བའི་གནས་སྟངས་ཆགས་བསྡད་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་དོ་བདག་སོ་སོས་ཡིག་འཇོག་བྱས་པའི་རྒྱབ་ལྗོངས་སོགས་ལ་བརྟག་དཔྱད་བྱས་པའི་ཐོག་ནས་དཀའ་ངལ་སེལ་ཐབས་གང་ཡོད་མུ་མཐུད་དུ་གནང་རྒྱུ་ཡིན་ཡང་། དཀའ་ངལ་འཕྲད་མཁན་དོ་བདག་སོ་སོའི་ངོས་ནས་ཡིན་ནའང་དེ་ལ་ཡིད་གཟབ་དང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༡ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཉེ་སར་སླེབས་ཡོད་ན་ལག་དེབ་བཟོ་བཅོས་བྱ་བསྡད་གང་མགྱོགས་བཟོ་དགོས་པ་མ་རེད་དམ?ཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese