མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་འགོག་ཁབ་ཨེ་སི་ཊ་ཛེ་ནེ་ཁ་མུ་མཐུད་བརྒྱབ་ན་དགེ་མཚན་ཆེ་བ་ཡོད་པའི་ཡོངས་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་མཐུན་ཚོགས་ཀྱི་སྨན་ལྷན་ནས་ཨེ་སི་ཊ་ཛེ་ནེ་ཁ་ (AstraZeneca) འགོག་ཁབ་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་དགེ་མཚན་ནི་དེའི་ཟུར་སྐྱོན་དང་ཉེན་ཁ་ཁག་ལས་ཆེ་བ་ཡོད་པ་ཞིག་ཏུ་མཐོང་གི་ཡོད་སྟབས་མུ་མཐུད་འགོག་ཁབ་དེ་རྒྱག་དགོས་པའི་འབོད་སྐུལ་གནང་།

ཁ་སང་ཕྱི་ཚེས་ ༡༦ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྨན་པའི་ལྷན་ཚོགས་ (European Medical Authority) ཀྱིས། ད་སྔ་བར་དུ་ཨེ་སི་ཊ་ཛེ་ནེ་ཁ་ (AstraZeneca) འགོག་ཁབ་བརྒྱབ་པ་ལ་བརྟེན་ནས་ཁྲག་རྡོག་པོར་གྱུར་ཏེ་ཁྲག་ལམ་འགག་པར་རྐྱེན་བྱས་པའི་བདེན་དཔང་གང་ཡང་མེད་པ་མ་ཟད། འགོག་ཁབ་ཚོད་ལྟའི་གྲུབ་འབྲས་ནང་དུའང་གནས་དོན་དེ་བྱུང་མེད་སྟབས། ཨེ་སི་ཊ་ཛེ་ནེ་ཁ་འགོག་ཁབ་ནི་འབྱུང་སྲིད་པའི་ཟུར་སྐྱོན་ཁོངས་སུ་མེད་སྐོར་བརྗོད་འདུག་ལ། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཨི་མར་ཀུག་ (Emer Cooke) ཡིས། ཨེ་སི་ཊ་ཛེ་ནེ་ཁ་ (AstraZeneca) འགོག་ཁབ་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་དགེ་མཚན་ནི་དེའི་ཟུར་སྐྱོན་དང་ཉེན་ཁ་ཁག་ལས་ཆེ་བ་ཡོད་པ་ཞིག་ཏུ་མཐོང་གི་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་མུ་མཐུད་འགོག་ཁབ་དེ་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག

ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཁི་རི་ཤན་ལིན་ཌི་མེར་ (Christian Lindmeier) གྱིས། ད་སྔ་བར་དུ་ཁྲག་རྡོག་པོར་གྱུར་བའི་གནད་དོན་དེ་ནི་འགོག་ཁབ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་བདེན་དཔང་མེད་པ་དང་། འགོག་ཁབ་རྒྱག་པའི་ལས་གཞི་མུ་མཐུད་འགྲོ་རྒྱུ་ནི་ཚེ་སྲོག་སྐྱོབ་པ་དང་ནད་ཡམས་འགོས་ཁྱབ་སྔོན་འགོག་བྱེད་པར་གལ་ཆེའི་གནད་དོན་ཞིག་ཡིན་སྐོར་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པ་ཁག་ཅིག་གི་ལྷན་ཚོགས་འཚོག་གི་ཡོད་ནའང་། མ་འོངས་པར་མུ་མཐུད་འགོག་ཁབ་དེ་རྒྱག་དགོས་པའི་ལམ་སྟོན་ལ་འགྱུར་བ་མེད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་འགོག་ཁབ་དེ་དང་འབྲེལ་ནས་རྒྱ་གར་གྱི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་རྒྱ་གར་ནང་ཀོ་ཝི་ཤིལ་ཌི་ (Covidshield) ཞེས་མིང་བཏགས་ཡོད་པ་མ་གཏོགས་རྩ་བའི་ཨེ་སི་ཊ་ཛེ་ནེ་ཁ་(AstraZeneca) འགོག་ཁབ་དེ་ཡིན་པ་དང་། རྒྱ་གར་ནང་འགོག་ཁབ་དེ་དང་འབྲེལ་ནས་དམིགས་བསལ་དཀའ་ངལ་འཕྲད་མེད་སྟབས། སྨན་ཞབས་པ་དང་སྨན་པ། ཉེན་རྟོག་པ་སོགས་མང་ཤོས་ལ་བརྒྱབ་ཟིན་པ་དང་། མུ་མཐུད་རྒྱག་རྒྱུ་ཡིན་ལ། མ་འོངས་པར་ལམ་སྟོན་འཕར་མ་བྱུང་ཚེ་འཕྲལ་དུ་མི་མང་ལ་ཤེས་རྟོགས་ཡོང་གི་ཡོད་སྐོར། དེ་བཞིན་ཀང་རཱ་རྫོང་ཁོངས་སུ་ཉེ་བའི་བདུན་ཕྲག་གཅིག་ཙམ་གྱི་ནང་མི་གྲངས་སྟོང་ཕྲག་དྲུག་ཙམ་ལ་འགོག་ཁབ་དེ་བརྒྱབ་ཡོད་ནའང་སུ་གཅིག་ལ་དེ་འདྲའི་གནད་དོན་བྱུང་བའི་གནས་ཚུལ་མེད་པ་དང་། འགོག་ཁབ་ཀྱི་ལས་རིམ་དེ་སྲིད་གཞུང་གི་འགན་འཁུར་བྱེད་ཀྱི་ཡོད་སྟབས། འདས་གྲོངས་སུ་འགྲོ་བའི་གནས་སྟངས་ལྟ་བུ་བྱུང་ཚེ་རྒྱ་གར་གཞུང་གིས་འཕྲལ་དུ་མཚམས་འཇོག་བྱ་ངེས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཉེ་ལམ་ཌན་མག་ (Denmark) ནང་ཨེ་སི་ཊ་ཛེ་ནེ་ཁ་ (AstraZeneca) འགོག་ཁབ་བརྒྱབ་པའི་བུད་མེད་གཉིས་ཀྱི་ཁྲག་རྡོག་པོར་གྱུར་ཏེ་ཁྲག་ལམ་འགག་པར་བརྟེན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ནོར་ཝེ་ཡི་མི་གྲངས་ ༤ དང་ནའེ་དྷིར་ལན་ཌིའི་ (Netherlands) ནང་གི་མི་གྲངས་ ༡༠ ལའང་གཅིག་མཚུངས་ཀྱི་གནས་སྟངས་བྱུང་བར་བརྟེན། ཨོ་སི་ཁྲི་རི་ཡ་ (Austria) ཡིས་གནས་སྐབས་རིང་འགོག་ཁབ་དེ་རྒྱག་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས་པ་དང་། དེར་མཐུད་ཨར་ལན་ཌི་དང་ནེའུ་ཌིར་ལན་ཌི། ཧྥ་རན་སི་དང་འཇར་མན། སི་པན་དང་ཨེ་ཊ་ལི། ཌན་མག་དང་སའེ་པེ་རས་ (Cyprus)། ལུ་སེམ་བྷག་ (luxembourg) དང་ལ་ཏི་ཝི་ཡ་ (Latvia)། སི་ཝི་ཌན་ (Sweden) སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་འགོག་ཁབ་དེ་རྒྱག་རྒྱུ་ཕྱིར་འགྱངས་བྱས་ཡོད་པ་རེད། ཐའེ་ལན་ཌི་གཞུང་གིས་ཐོག་མར་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་ནའང་། ཁ་སང་ཕྱི་ཚེས་ ༡༦ ཉིན་སྲིད་བློན་ (Prayut Chan-o-cha) དང་ཁོང་གི་བཀའ་ཤག་གིས་འགོག་ཁབ་དེ་བརྒྱབ་ནས་རྒྱལ་ཡོངས་ནང་ཐོག་མ་དེ་ཆགས་ཡོད་འདུག་ལ། ཨོ་གླིང་དང་སྦེལ་ཇམ། པོ་ལན་ཌི་དང་ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཁ་ཤས་ཤིག་གིས་འགོག་ཁབ་དེའི་བདེ་འཇགས་བརྟག་དཔྱད་གྲུབ་འབྲས་བྱུང་རིམ་བཞིན་འགོག་ཁབ་སྤྱོད་ཀྱི་ཡིན་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨེ་སི་ཊ་ཛེ་ནེ་ཁ་ (AstraZeneca) བཟོ་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ལམ་འགོག་ཁབ་དང་འབྲེལ་ནས་གནད་དོན་ཞིག་བྱུང་ཡོད་པ་དང་འབྲེལ། བཟོ་ལས་ཁང་གིས་ཚན་རིག་གཞིར་བཞག་ཐོག་འགོག་ཁབ་དེ་བཞིན་བདེ་འཇགས་ཡིན་པ་བསྐྱར་དུ་ཁ་གསལ་བཟོ་འདོད་ཡོད་པ་དང་། འགོག་ཁབ་ཚོད་ལྟའི་ནང་ཞུགས་མཁན་མི་གྲངས་ཁྲི་ ༦ ལྷག་བྱུང་ཡོད་པའི་ཁྲོད་དུ་ཁྲག་རྡོག་པོར་གྱུར་བའི་གནད་དོན་ནི་འགོག་ཁབ་བརྒྱབ་པ་དག་ལ་དམིགས་བསལ་ཡོད་པ་ཞིག་མེད་སྐོར། དེ་བཞིན་འགོག་ཁབ་ཀྱི་བདེ་འཇགས་ནི་ཧ་ཅང་གལ་གནད་ཆེ་བ་དང་མུ་མཐུད་འགོག་ཁབ་དེའི་བདེ་འཇགས་ལ་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་དང་། ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་གྱི་ནང་མི་གྲངས་ས་ཡ་ ༡༧ ལྷག་ལ་འགོག་ཁབ་དེ་བརྒྱབ་པའི་ཁྲོད་ཁྲག་ལམ་འགག་པའི་ཉེན་ཁ་ཡོད་པའི་དཔང་རྟགས་ཤིག་བྱུང་མེད་སྐོར་བཀོད་འདུག

ཨེ་སི་ཊ་ཛེ་ནེ་ཁ་འགོག་ཁབ་ (AstraZeneca vaccine) ནི་འདི་ལོའི་ཕྱི་ཟླ་ ༢ ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆོག་མཆན་འོག་རྒྱལ་ཁབ་མང་པོས་འགོག་ཁབ་དེ་རྒྱག་མགོ་བཙུགས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་འགོག་ཁབ་དེའི་རིན་གོང་ཆུང་བ་དང་ཉར་ཚགས་སྟབས་བདེ་ཡིན་པའི་རྒྱུ་མཚན་ལ་བརྟེན། འཛམ་གླིང་གི་འགོག་ཁབ་རྒྱུག་ཆེ་ཤོས་སུ་འགྱུར་བའི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ནའང་། ཉེ་ལམ་གྱི་ཁྲག་ལམ་འགག་པའི་གནས་ཚུལ་ཁག་ཅིག་བྱུང་བ་ཡིས་འགོག་ཁབ་དེ་རྒྱག་པའི་གདེང་ཚོད་ལ་ཤུགས་རྐྱེན་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་། 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    གནས་ཚུལ་བདེན་ལ་མི་བདེན་གང་བྱུང་མ་བཀོད་ན་ཡག་ལེ་རེད་དོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese