མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་སའི་ལས་ཁུངས་ནང་བཅར་མཁན་ཚོས་ཀྱང་བོད་ཆས་གྱོན་ཞིང་བོད་སྐད་གཙང་མ་བཤད་པར་ཞེན་སྐུལ་དགོས་པའི་གྲོས་ཆོད་བཞག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་ཕོ་མོ་ཁྱད་མེད་ཀྱིས་ཉིན་ལྟར་ལས་ཁུངས་ནང་དུ་བོད་ཆས་གྱོན་ཞིང་བོད་སྐད་གཙང་མ་བཤད་དགོས་པ་མ་ཟད་ལས་ཁུངས་ཁག་ནང་བཅར་མཁན་བོད་མི་སྐྱ་སེར་སུ་ཡིན་ལའང་དེ་བཞིན་ཞེན་སྐུལ་གནང་དགོས་པའི་གྲོས་ཆོད་གྲོས་འཆར་མང་མོས་གཏན་འབེབ་གནང་།

དེ་རིང་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ལས་ཉིན་ ༥ པའི་ཐོག་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། ད་ཕན་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པའི་ལས་བྱེད་བྱེ་བྲག་སུ་ཡིན་དང་། ཕོ་མོ་ཁྱད་མེད་ཀྱིས་ལས་ཁུངས་ནང་དུ་བོད་ཆས་ཁམས་གཙང་རེ་བསྐྱོན་དགོས་རྒྱུ། མ་ཟད་ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སེར་སྐྱ་སུ་རུང་ལའང་དེ་བཞིན་ཞེན་སྐུལ་གནང་དགོས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་བཏོན་ཡོད་པ་དང། སྤྱི་འཐུས་ཁག་ཅིག་ནས་བོད་ཆས་ཁམས་གཙང་ཞེས་པར་དོགས་སློང་དང་། མཛད་གཙོ་རྣམ་པ་ཚུད་པའི་དབུས་སའི་ལས་བྱེད་ཚང་མས་བོད་ཆས་གྱོན་གལ་ཆེ་བ་དང་། བོད་སྐད་གཙང་མ་ཤོད་རྒྱུ་དེ་ཧ་ཅང་གལ་ཆེ་བ་སོགས་ཀྱི་དགོངས་ཚུལ་བྱུང་རྗེས་བསྐྱར་བཅོས་གནང་སྟེ་མང་མོས་གཏན་འབེབ་གནང་སོང་།

གྲོས་འཆར་དེར་སྤྱི་འཐུས་ཁག་ཅིག་གིས་དགོངས་ཚུལ་གསུང་སྐབས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གྲོས་ཆོད་ལ་རྒྱབ་སྐྱོར་དང་སྦྲགས། འབྲུག་སོགས་ཀྱི་དགོན་པ་ཁག་ནང་མཆོད་མཇལ་བ་ཚོར་ཆས་གོས་ཐད་སྒྲིག་ཁྲིམས་ཡོད་ཀྱང་། ང་ཚོ་བོད་པའི་དགོན་པ་ཁག་གི་ནང་གྱོན་གོས་འདྲ་མིན་སྣ་ཚོགས་གྱོན་ཏེ་མཐོང་བདེ་བོ་མེད་པ་མང་པོ་ཡོང་གི་ཡོད་སྟབས། མ་འོངས་པར་བོད་པའི་དགོན་པ་ཁག་ནང་བོད་ཆས་གྱོན་མེད་ན་ནང་དུ་འཛུལ་མི་ཆོག་པའི་སྦྱར་ཡིག་འཇོག་པ་སོགས་བྱས་ཏེ་སྒྲིག་ཁྲིམས་བཟོ་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་བ་དང་། དེ་བཞིན་བོད་ཆས་ཁམས་གཙང་གསུང་དུས། བོད་ཀྱི་སྲོལ་རྒྱུན་རིང་བཞིན་ལྡན་པའི་བོད་ཆས་ཚད་ལྡན་ཞིག་ལ་གོ་ན་འགྲིག་གི་ཡོད་མེད་དང་། བོད་ཀྱི་ཆོས་བརྒྱུད་ཁག་དང་ཡུལ་ལུང་ས་ཁུལ་འདྲ་མིན་ལ་སོ་སོའི་སྲོལ་རྒྱུན་གཞིར་བཞག་གི་བོད་ཆས་རེ་ཡོད་ལ། ཡུལ་དུས་དང་བསྟུན་པའི་བོད་ཆས་གྱོན་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པའི་ལས་བྱེད་བྱེ་བྲག་སུ་ཡིན་ཞེས་པའི་ནང་། དབུས་ས་ཡན་ལག་དང་བཅས་པའི་མཛད་གཙོ་རྣམ་པ་དང་ལས་བྱེད་བྱེ་བྲག་པ་སུ་ཡིན་ཚང་མས་བོད་ཆས་གྱོན་དགོས་ཞེས། མཛད་གཙོ་རྣམ་པས་བོད་ཆས་གྱོན་རྒྱུ་གལ་ཆེན་ཡིན་སྐོར་གསུངས་པ་དང་། དེ་བཞིན་སྤྱི་འཐུས་ཀ་བྲག་བསོད་ནམས་ལགས་ནས་བོད་སྐད་གཙང་མ་ཤོད་རྒྱུ་དེ་བོད་ཆས་ལས་ཀྱང་གལ་ཆེ་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་མཐར།  ད་ཕན་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚོ་གཙོས་དབུས་དང་ས་གནས་ཡན་ལག་དང་བཅས་པའི་ལས་བྱེད་བྱེ་བྲག་སུ་ཡིན་དང་། ཕོ་མོ་ཁྱད་མེད་ཀྱིས་ཉིན་ལྟར་ལས་ཁུངས་ནང་དུ་བོད་ཆས་གྱོན་དགོས་རྒྱུ། དེ་བཞིན་བོད་སྐད་གཙང་མ་བརྒྱབ་དགོས་རྒྱུ། ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལའང་དེ་བཞིན་ཞེན་སྐུལ་གནང་དགོས་པའི་བསྐྱར་བཅོས་དེར་སྤྱི་འཐུས་ ༢༡ གིས་རྒྱབ་སྐྱོར་གནང་སྟེ་མང་མོས་ཐོག་གཏན་འབེབ་གནང་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེར་རྒྱབ་སྐྱོར་གནང་བ་དང་སྦྲགས། བཀའ་ཤག་ངོས་ནས་ཕྱི་ལོ་ ༢༠༡༣ ནས་འབད་བརྩོན་ཞུས་ཏེ། གངས་སྐྱིད་ཡོངས་རྫོགས་ནང་སྲོལ་རྒྱུན་གྱི་འཛུགས་སྐྲུན་ཕྲན་བུ་གནང་ཐུབ་ཡོད་སྐོར་དང་། སྲིད་སྐྱོང་སྒེར་ལྟ་བུ་ཡིན་ནའང་རེས་གཟའ་ལྷག་པ་ནམ་ཡིན་ལ་དབྱར་དུས་སུའང་བོད་བཟོས་སྟོད་ཐུང་གྱོན་གྱི་ཡོད་པ་དང་། ལས་བྱེད་ནང་བུད་མེད་ཚོས་བོད་ཆས་ཆ་ཚང་ཞིག་གྱོན་གྱི་ཡོད་པར་བསྔགས་བརྗོད་དང་། བུའི་ནང་ལའང་བོད་ཆས་གྱོན་མཁན་ཇེ་མང་དུ་འགྲོ་ཡི་ཡོད་ལ། དེ་བཞིན་ཉེ་སྔོན་གཞིས་ཆགས་ཁག་ཏུ་བསྐྱོད་སྐབས་བོད་ཆས་གྱོན་མཁན་མང་པོ་ཡོང་གི་ཡོད་སྟབས། གྲོས་ཆོད་དེ་ནི་དུས་དང་རན་པའི་གྲོས་ཆོད་ཅིག་ཡིན་པ་དང་། བོད་མི་སྤྱི་ཡོངས་ལ་བརྡ་ལན་ཡག་པོ་ཞིག་སྤྲོད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༥ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༦ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese