མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་རས་མ་གྱོན་ན་ཞབས་ཕྱིའི་རིགས་མེད་པའི་བཀའ་རྒྱ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཧི་མ་ཅལ་མངའ་སྡེ་གཞུང་ནས་དོན་ཚན་ ༡༠ ཅན་གྱི་བཀོད་ཁྱབ་ཅིག་གནང་སྟེ་སྤྱི་སྤྱོད་རླངས་འཁོར་དང་སློབ་གྲྭ་སྨན་ཁང་སོགས་སུ་ཁ་རས་མ་གྱོན་ན་ཞབས་ཕྱི་གནང་རྒྱུ་མིན་པ་སོགས་ཀྱི་གསལ་བརྡ་སྤེལ་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀོད་ཁྱབ་ཞིག་བཏང་བའི་ནང་། མངའ་སྡེའི་མི་མང་གི་འཕྲོད་བསྟེན་གནས་སྟངས་ད་ལྟའང་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། མུ་མཐུད་གཉན་རིམས་སྔོན་འགོག་ཆེད་དགོས་ངེས་ཀྱི་ལས་དོན་བྱེད་དགོས་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་དང་། བཀོད་ཁྱབ་ལམ་སྟོན་དོན་ཚན་བཅུ་ཡོད་པའི་ནང་། སྤྱི་སྤྱོད་རླངས་འཁོར་དང་གླ་འཁོར། སྨན་ཁང་དང་ལྷ་ཁང་། སློབ་གྲྭ་དང་གཞུང་ལས་ཁང་། དེ་བཞིན་གཞུང་སྒེར་གཉིས་ཀྱི་ཚོང་ཁང་ཁག་གི་ནང་། ཁ་རས་གྱོན་མེད་ཚེ་ཞབས་ཕྱི་མི་བྱེད་པའི་ (No mask, No service) སྲིད་ཇུས་འཕྲལ་དུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ནས་ཚོང་འདུས་ཀྱི་རིགས་འཚོག་མི་ཆོག་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་སྤྱི་ཚོགས་དང་ཆོས་ལུགས། ཆབ་སྲིད་དང་རིག་གཞུང་སོགས་དང་འབྲེལ་བའི་འདུ་འཛོགས་ཀྱི་རིགས་ལ་ས་གནས་སྲིད་གཞུང་གི་ཆོག་མཆན་མེད་པར་འཚོག་མི་ཆོག་པ་དང་། ཚོགས་ཁང་སོགས་ཀྱི་ནང་མི་མང་འདུ་འཛོམས་མང་ཤོས་ཀྱི་ཚད་གཞི་ནི་བརྒྱ་ཆའི་ལྔ་བཅུའམ་མི་གྲངས་ ༢༠༠ ལས་ལྷག་འཛོམས་མི་ཆོག་པ་དང་། ཁོད་ཡངས་པའི་རྩེད་ཐང་སོགས་སུ་སྤྱིའི་ཤོང་ཚད་གྱི་བརྒྱ་ཆའི་ལྔ་བཅུ་ལས་ལྷག་འཛོམས་མི་ཆོག་པ་བཀོད་འདུག

ཡང་འདུ་འཛོམས་སོགས་ཀྱི་སྐབས་སྤྱི་པའི་ཐབ་ཚང་དུ་ཇ་མ་དང་དེ་འབྲེལ་གྱི་ལས་ཀ་བྱེད་མཁན་རྣམས་ཀྱིས་འདུ་འཛོམས་སྔོན་གྱི་ཆུ་ཚོད་ ༩༦ ནང་ཚུད་དུ་ནད་ཡམས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཟ་མ་བཟོ་སྐབས་ངེས་པར་དུ་ཁ་རས་དང་ལག་ཤུབ། སྐྲ་ཁེབས་གྱོན་དགོས་པ་དང་། ཆོས་ལུགས་ཀྱི་ཟས་སྦྱིན་ (langars) ཁག་རླུང་ཁམས་ཡངས་སར་བྱེད་པ་ལས་སྒེའུ་ཁུང་སོགས་མེད་པའི་ཁང་པའི་ནང་བྱེད་མི་ཆོག་པ་དང་། བརྟག་དཔྱད་བྱས་ཟིན་པའི་ཇ་མ་ཁོ་ནས་ཟ་མ་བཟོ་ཆོག་པ། འདུ་འཛོམས་གང་རུང་གི་སྐབས་སུ་ས་གནས་ཀྱི་སྡེ་དཔོན་དང་གྲོང་བརྡལ་གྱི་མགོ་བ་སོགས་ཀྱིས་ཁ་རས་གྱོན་པ་དང་། ཕན་ཚུན་བར་རྒྱང་ཐག་འཛིན་པ་སོགས་ཀྱི་ཐད་ལམ་སྟོན་ཁག་ལག་ལེན་དུ་འཁེལ་བར་རམ་འདེགས་བྱེད་དགོས་པ། ས་གནས་རྫོང་རིམ་པས་འདུ་འཛོམས་ཀྱི་ཆོག་མཆན་སྤྲོད་སྐབས། ནད་ཡམས་སྔོན་འགོག་ཆེད་ལམ་སྟོན་འདིའི་ཐོག་ཆ་རྐྱེན་ཁ་སྔོན་བྱེད་ཆོག་སྐོར་སོགས་བཀོད་འདུག

འདས་པའི་ཉིན་གཅིག་གི་རིང་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་གྲངས་ ༡༤༡ བྱུང་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པ་གྲངས་ ༡ བྱུང་ཡོད་འདུག་ལ། ད་བར་མངའ་སྡེའི་ནང་ཁྱོན་ནད་པ་གྲངས་ ༦༠༦༧༨ བྱུང་ཡོད་པའི་ཁྲོད་ནད་པ་གྲངས་ ༥༨༣༩༨ དྲག་བསྐྱེད་བྱུང་ཡོད་པ་དང་། མི་གྲངས་ ༡༢༥༦ ནད་མནར་འོག་ཡོད་པ་མ་ཟད། མི་གྲངས་ ༡༠༠༥ རྐྱེན་འདས་སུ་ཕྱིན་ཡོད་འདུག དེ་བཞིན་འདས་པའི་ཆུ་ཚོད་ ༢༤ རིང་རྒྱ་གར་རྒྱལ་ཡོངས་སུ་ནད་པ་གྲངས་ ༤༦༩༥༡ བྱུང་ཡོད་འདུག་ལ། དེ་ནི་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྗེས་ཀྱི་ནད་པ་མང་ཤོས་དེ་ཆགས་ཡོད་པ་མ་ཟད། རྒྱལ་ཡོངས་སུ་འདས་པའི་བདུན་ཕྲག་གཅིག་གི་རིང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པའི་གྲངས་ཡར་འཕར་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese