མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་གཟེངས་རྟཊ་བྷ་ར་ཊི་ར་ཊི་ནཱ་འབུལ་དགོས་པའི་སྐོར་བསྐྱོད།

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཚེ་རིང་ཡེ་ཤེས་ལགས་དང་འཆི་མེད་རྟ་མགྲིན་ལགས་རྣམ་གཉིས་ནས་བོད་མིའི་གཞིས་ཆགས་ཁག་ནང་སྦག་སྦག་སྐོར་བསྐྱོད་གནང་སྟེ་༧གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་བྷ་ར་ཊི་ནཱ་འབུལ་ལམ་ཞུ་དགོས་པའི་མཚན་རྟགས་བསྡུ་རུབ་གནང་གི་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ། བོད་མི་ཚེ་རིང་ཡེ་ཤེས་ལགས་དང་འཆི་མེད་རྟ་མགྲིན་ལགས་རྣམ་གཉིས་ཀྱིས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་ (Bharat Ratna) འབུལ་ལམ་ཞུ་ཆེད། རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་གཞིས་ཆགས་ཚང་མར་སྦག་སྦག་སྐོར་བསྐྱོད་བརྒྱུད་བོད་མིའི་ཚོགས་པ་ཁག་ནས་མཚན་རྟགས་བསྡུ་རུབ་གནང་གི་འདུག་ལ། ཐོག་མའི་ཆར་ཚེ་རིང་ཡེ་ཤེས་ལགས་ཀྱིས་ཁེར་རྐྱང་གི་ཐོག་ནས་སྦག་སྦག་སྐོར་བསྐྱོད་གནང་འཆར་ཡོད་ནའང་། འཆི་མེད་རྟ་མགྲིན་ལགས་ཁོང་གི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག

སྤྱིར་སྦག་སྦག་སྐོར་བསྐྱོད་ལས་འགུལ་འདི་ཁ་སང་ཕྱིི་ཚེས་ ༢༡ ནས་མགོ་བརྩམས་ཏེ་དྷ་ས་ཁུལ་གྱི་ཚོགས་པ་གཉིས་ནས་མཚན་རྟགས་བསྡུ་རུབ་ཞུས་ཟིན་འདུག་ལ། དེ་རིང་གསར་འགོད་གསལ་བསྒྲགས་སྟེང་ཚེ་རིང་ཡེ་ཤེས་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ བར་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། རང་རེའི་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་ཡང་། རང་ཉིད་སྒེར་ངོས་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་ཁོང་ལ་རྒྱ་གར་གཞུང་གིས་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་འབུལ་དགོས་པའི་ཐད་ལས་འགུལ་སྤེལ་འདོད་བྱུང་བ་བཞིན། གཟེངས་རྟགས་དེ་ཉིད་ཀྱི་ཆ་རྐྱེན་གྱི་ཆ་ནས་༧གོང་ས་མཆོག་ཨང་ཀི་དང་པོར་སླེབས་ཀྱི་ཡོད་ནའང་། ད་བར་འབུལ་ཐུབ་མེད་པ་དེ་རྒྱལ་ཁབ་ཀྱི་སྲིད་ཀྱི་ལངས་ཕྱོགས་ཐད་ནས་བྱུང་ཡོད་སྲིད་ཡིན་ནའང་། འདས་ལོར་ནད་ཡམས་དེ་འགོས་ཁྱབ་སོང་བ་ནས་བཟུང་། རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་དང་། རྒྱ་གར་གྱི་མི་སེར་དཀྱུས་མའི་ཁྲོད་དུའང་རྒྱ་ནག་གི་ཚོང་ཟོག་བཀོལ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ་སོགས་འགྱུར་བ་ཆེན་པོ་ཐེབས་པའི་སྐབས་འདིར། བོད་མི་ཚོ་ཁུ་སིམ་མེར་སྡོད་རྒྱུ་མེད་པ་མ་ཟད། ད་ལྟ་རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཉིད་འབུལ་རྒྱུའི་དུས་ལ་བབ་ཡོད་པའི་ཚོར་བ་ཤུགས་ཆེར་སླེབས་པའི་རྒྱུ་མཚན་གྱིས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འདི་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ཁན་གྱི་རྒྱལ་ས་ལྡེ་ར་ལྡུན་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་དྭང་ཞབས་ཟུར་པ་ཚེ་རིང་ཡེ་ཤེས་ལགས་དང་། སིམ་ལར་གནས་སྡོད་བོད་མི་འཆི་མེད་རྟ་མགྲིན་ལགས་རྣམ་གཉིས་ཀྱིས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ལ་བོད་མིའི་ཚོགས་པ་ཁག་གི་ལས་ཐམ་དང་མཚན་རྟགས་འཁོད་པའི་ཞུ་ཡིག་ཅིག་འབུལ་འཆར་ཡོད་འདུག

དེ་བཞིན་ཚེ་རིང་ཡེ་ཤེས་ལགས་ཀྱིས། འདས་པའི་ལོ་གཅིག་ནང་བོད་མི་སྒེར་པ་སྐོར་ཞིག་གིས་གོམ་བགྲོད་ལ་སོགས་པའི་ལས་འགུལ་སྤེལ་བ་ཙམ་ལས། དུས་རྒྱུན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མ་གཏོགས་ལས་འགུལ་སྤེལ་གྱི་མེད་པའི་རྣམ་པ་ཞིག་ཡོད་པ་མ་ཟད། བོད་མི་སྒེར་ངོས་ནས་ལས་འགུལ་སྤེལ་རྒྱུ་ཉུང་དྲགས་ཡོད་སྟབས། ལས་འགུལ་འདི་བརྒྱུད་ནས་བོད་མི་སྒེར་རེ་རེར་སྐུལ་འདེད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese