མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་པ་གཉིས་ཀློད་གྲོལ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་དང་གྲྭ་ཀླུ་སྒྲུབ་ཕུན་ཚོགས་ལགས་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་སྔ་གཞུག་ཏུ་ཀློད་གྲོལ་བཏང་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན། རྒྱ་ནག་གིས་བོད་ས་ཡོངས་ནས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་གྱིས་རིམ་པ་འདྲ་མིན་སྣ་ཚོགས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ལོ་ ༡༣ དང་ཕྱེད་ཀའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྔ་བ་རྫོང་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱས་སྨྲ་སེང་གླིང་གི་དགེ་འདུན་པ་ཀླུ་སྒྲུབ་ཡེ་ཤེས་ལགས་དང་ལོ་ ༡༣ ལྷག་རིང་བཙོན་འཇུག་བྱས་པའི་གྲྭ་ཀླུ་སྒྲུབ་ཕུན་ཚོགས་ལགས་གཉིས་ཀློད་གྲོལ་བཏང་སྟེ། རང་དགོན་ཨ་མཆོག་མཚན་ཉིད་དགོན་དུ་འབྱོར་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་སྤྱི་ཚོགས་ཟིང་འཁྲུག་བསླངས་བ་སོགས་ལ་འབྲེལ་བ་བཏགས་ཏེ། སྐབས་དེར་རང་ལོ་ ༢༣ ལ་སོན་པའི་གྲྭ་ཀླུ་སྒྲུབ་ཕུན་ཚོགས་ལ་ལོ་ ༡༣ དང་། རང་ལོ་ ༣༣ ལ་སོན་པའི་གྲྭ་ཀླུ་སྒྲུབ་ཡེ་ཤེས་ལ་ལོ་ ༡༣ དང་ཕྱེད་ཀ་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཕུན་ཚོགས་ལགས་ནི་ཨ་མཆོག་མཚན་ཉིད་དགོན་གྱི་ ༼སྨྲ་སེང་བཞད་སྒྲ་༽ ཞེས་པའི་དུས་དེབ་རྩོམ་སྒྲིག་པ་ཡིན་ལ། སྐབས་དེར་ད་དུང་ཁོང་གཉིས་དང་ལྷན་དུ་རང་དགོན་གཅིག་པའི་རང་ལོ་ ༤༢ ཡིན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ལོ་ ༩ དང་རང་ལོ་ ༤༣ ལ་སོན་པའི་གྲྭ་ཀླུ་སྒྲུབ་བསྟན་དར་ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

སྤྱིར་བཏང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ ཐོག་རྔ་བ་རྫོང་ཨ་མཆོག་མཚན་ཉིད་དགོན་པའི་གྲྭ་བ་བརྒྱ་ཕྲག་ཁ་ཤས་ཀྱིས་སྣེ་ཁྲིད་དེ་སེར་སྐྱ་མི་མང་ཆིག་སྟོང་མ་ཟིན་ཙམ་གྱིས། དགོན་པའི་ཉེ་འཁྲིས་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་ཐོག་ཁའི་དར་དམར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ། དེ་བཞིན་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་ཀློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་འོག་རྒྱ་ནག་གིས་བོད་ནང་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་ནས་རྒྱ་ནག་གི་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་གྱིས་ཨ་མཆོག་མཚན་ཉིད་དགོན་པའི་ཉིན་རེའི་བྱེད་སྒོ་ཡོངས་དང་དགེ་འདུན་པ་ཡོངས་ཀྱི་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་གྱིས། ཉིན་མོར་དགེ་འདུན་པ་རྣམས་ལ་དྲི་རྩད་དང་མཚན་མོར་འཇབ་སྒུག་གིས་འཛིན་བཟུང་བྱས་ཡོད་པ་རེད།

དེ་བཞིན་གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་དང་ཀླུ་སྒྲུབ་ཕུན་ཚོགས་ལགས་གཉིས་ནི་སྐབས་དེར་འཛིན་བཟུང་གིས་ཟླ་དྲུག་རིང་བཀག་ཉར་འོག་བཞག་སྟེ་ཕྱིས་སུ་བཙོན་འཇུག་ཁྲིམས་བཅད་ཡོད་ཅིང་། གྲྭ་ཡེ་ཤེས་ལགས་ནི་རྔ་པ་ཁུལ་རྐ་ཁོག་རྫོང་གི་ཨ་མཆོག་ཕྱུགས་ལས་ཀྱི་ཞལ་དཀར་ཚང་གི་བུ་ཡིན་པ་དང་། གྲྭ་ཕུན་ཚོགས་ལགས་ནི་རྐ་ཁོག་རྫོང་ཨ་མཆོག་མའི་ཚེ་རིང་བཀྲ་ཤིས་ཚང་གི་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༢ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese