མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་ཨོ་ལིམ་ཕིག་ལ་སྦྱིན་བདག་མ་གནང་རོགས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་པེ་ཅིན་གྱི་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་སི་ནི་ཀར་སི་ཅོག་ལེ་ཊི་བཟོ་ཚོང་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་པར་ངོ་རྒོལ་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་སྤྲད་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་བོད་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན་བཅས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ༢༠༠ ལྷག་གིས་མཉམ་འབྲེལ་ཐོག རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ཅོག་ལེ་ཊིའི་བཟོ་ཚོང་ཁང་སི་ནི་ཀར་སི་ (Snickers)  ཡིས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་གྱི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ལ་སྦྱིན་བདག་བྱ་རྒྱུ་ཕྱིར་འཐེན་དགོས་པའི་ཡོངས་ཁྱབ་ཞུ་ཡིག་ཅིག་སྤྲད་པའི་ནང་། བཟོ་ཚོང་ཁང་དེས་ཚོང་དོན་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཡུ་གུར་མི་རིགས་བཅས་ཀྱི་ཐོག་དྲག་གནོན་དང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་སྤེལ་བཞིན་པ་རྣམས་སྣང་མེད་དུ་འཇོག་ཐབས་མེད་སྐོར་འབོད་སྐུལ་ཞུས་ཡོད་འདུག

ཅོག་ལེ་ཊི་བཟོ་ཚོང་ཁང་གི་གཙོ་འཛིན་གྷ་རན་ཊི་ཨེ་ཧྥི་རེཌ་ (Grant F. Reid) ལ་སྤྲད་པའི་ཡོངས་ཁྱབ་ཞུ་ཡིག་དེའི་ནང་། པེ་ཅིན་ཨོ་ལིམ་ཕིག་དེ་ཉིད་བཙན་གནོན་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་འཚོག་ངེས་ཡིན་པ་དང་། རྒྱ་ནག་གཞུང་གིས་ད་ལན་གྱི་རྩེད་འགྲན་དེ་གུ་ཡངས་དང་ཡོངས་སྒྲིལ་ཞིག་གི་རྣམ་པའི་ཐོག་ནས། འཛམ་གླིང་འདི་སྔར་བས་ཞི་བདེ་བག་ཕེབས་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ངེས་ཡིན་སྐོར་བསྒྲགས་ཡོད་ནའང་། དོན་དངོས་ཐོག་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་མི་མང་རྣམས་ཀྱི་དངོས་ཡོད་གནས་སྟངས་ནི་དེ་དག་ལས་ཐ་དད་དུ་གྱུར་ཡོད་པ་མ་ཟད། དྲག་གནོན་ནི་ཁོང་ཚོའི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཅེས་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་སོང་སྟེ་འདི་ལོའི་ཕྱི་ཟླ་ ༡ པའི་ནང་བོད་དེ་སི་རི་ཡ་དང་གཅིག་མཚུངས་འཛམ་གླིང་ནང་གི་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་ཅིང་། ཡུ་གུར་དང་། ཀཱ་ཛག་སི་ (Kazakhs)། ཨུ་ཛི་གྷེག་ (Uzbeks) བཅས་ཀྱི་མི་རིགས་ཚུད་པའི་ཁ་ཆེ་མི་གྲངས་ས་ཡ་ ༢ ལྷག་རྒྱ་ནག་གིས་བཀག་སྐྱིལ་ཁང་དུ་བཅུག་སྟེ་མནར་གཅོད་དང་། བཙན་གཡེམ། ཆབ་སྲིད་སློབ་གསོ་མྱོང་བཞིན་ཡོད། ཅེས་བཀོད་ཡོད་འདུག

ཚོགས་སྡེ་ ༢༠༠ ཡིས་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཅོག་ལེ་ཊི་བཟོ་ཚོང་གི་འགན་འཛིན་དེར་སྒེར་ཐོག་ནས་ཞུ་ཡིག་སྤྲད་འདུག་ཀྱང་། དེར་ད་བར་ཡིག་ལན་སོགས་གང་ཡང་འབྱོར་མེད་པ་མ་ཟད། བཟོ་ཚོང་ཁང་དེས་ཕྱི་ལོ་ ༢༠༠༨ ལོར་ཡང་པེ་ཅིན་གྱི་གཡར་དུས་ཨོ་ལིམ་ཕིག་རྩེད་འགྲན་ལ་སྦྱིན་བདག་བྱས་ཡོད་སྟབས། བཟོ་ཚོང་ཁང་དེས་ད་ཐེངས་ཀྱང་ཤེས་བཞིན་དུ་རྒྱ་ནག་གི་ཁྲོམ་རའི་ཆེད་དུ། རང་གི་འཛད་སྤྱོད་པ་དང་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་དེ་འདོར་གྱི་ཡོད་པ་དང་། ད་ལྟ་སི་ནི་ཀར་སི་ཅོག་ལེ་ཊི་བཟོ་ཚོང་ཁང་ལ་མཚོན་ན། རྒྱ་ནག་དང་མཉམ་དུ་བཞག་པའི་སྦྱིན་བདག་གི་ཆོད་ཡིག་དེ་རྩིས་མེད་བཏང་ནས། བཟོ་ཚོང་ཁང་ངོས་ནས་བཙན་འཛུལ་དང་། མི་རིགས་རྩ་སྟོང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བྱས་ཏེ་ཁེ་ཕན་གསོག་མཁན་གྱི་རྒྱལ་ཁབ་ཅིག་དང་ཚོང་འབྲེལ་མི་བྱེད་པའི་ལངས་ཕྱོགས་བརྟན་པ་ཞིག་སྟོན་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཚོགས་སྡེ་ཁག་གིས་པེ་ཅིན་ཨོ་ལིམ་ཕིག་ལ་སྦྱིན་བདག་འདོན་མཁན་ཕྱི་རྒྱལ་གྱི་སྤྱི་གཉེར་ཁང་གཞན་ཏེ། ཡུ་རོབ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཤེས་ཡོན་དང་འབྲེལ་བའི་ EF Education First ཅེས་པའི་སྤྱི་གཉེར་ཁང་ལའང་སྦྱིིན་བདག་གི་ཆོད་གན་ཕྱིར་འཐེན་དགོས་པའི་ཞུ་ཡིག་སྤྲད་ཡོད་པ་རེད་འདུག

པེ་ཅིན་གྱི་དགུན་དུས་ཨོ་ལིམ་ཕིག་འཚོལ་ལ་ཉེ་བ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ཡོངས་ནང་མང་ཚོགས་ཀྱི་ལས་འགུལ་དང་། གྲོས་ཚོགས་ཀྱི་གྲོས་འཆར་སོགས་བརྒྱུད་ནས་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལྷན་ཚོགས་ལ་ཕྱི་ལོ་ ༢༠༠༨ དང་བསྡུར་ན་ད་ལྟའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པ་ཡོད་སྐོར་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཡང་ཁ་སང་ཁེ་ན་ཌའི་ཞིབ་འཇུག་ཁང་ Research Co.  ཟེར་བ་ཞིག་གིས་ཁེ་ན་ཌའི་མང་ཚོགས་ནས་བསམ་ཤོག་ཅིག་བསྡུས་པར། མང་ཚོགས་ཀྱི་བརྒྱ་ཆ་ ༥༤ ཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་རྐྱེན་པས་ཁེ་ན་ཌའི་རྩེད་འགྲན་པ་རྣམས་པེ་ཅིན་གྱི་རྩེད་འགྲན་ནང་མཉམ་ཞུགས་མི་བྱ་རྒྱུའི་བསམ་ཚུལ་བཏོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༢ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese