མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འགྲོ་བ་མི་སྤྱི་ཡོངས་ལ་མཐར་ཐུག་གི་བདེ་སྐྱིད་ཅིག་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཡོང་གི་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྦལ་ཏུག་ཁུལ་གྱི་གནད་ཡོད་མི་སྣ་ཁག་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་ཡ་རབས་བཟང་སྤྱོད་སྐོར་གྱི་བགྲོ་གླེང་སྐབས་༧གོང་ས་མཆོག་གིས་གོ་ལ་ཚ་དྲོད་ཀྱི་རང་བྱུང་ཁོར་ཡུག་གི་དཀའ་ངལ་ཐོག་དམག་འཁྲུག་སོགས་ཀྱིས་དཀའ་ངལ་འཕར་མ་བཟོ་རྒྱུ་མེད་པའི་བཀའ་སློབ་སྩལ།

དེ་རིང་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྦལ་ཏུག་མཚོ་རྒྱུད་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ཁག་ཅིག་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་ཡ་རབས་དང་སྤྱོད་བཟང་སྐོར་ལ་བགྲོ་གླེང་གི་མཛད་འཕྲིན་བཀའ་དྲིན་སྐྱོང་གི་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་བརྒྱུད་ཡ་རབས་བཟང་སྤྱོད་སྐོར་གྱི་བགྲོ་གླེང་དབུ་འཛུགས་སྐབས། ༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་དེ་སྔོན་ལ་ཏི་ཝི་ཡ་ (Latvia) ནང་ཐེངས་ཁ་ཤས་རིང་ཕྱིན་ཏེ། ཨུ་རུ་སུའི་མི་མང་ལ་ཆོས་འབྲེལ་བྱས་པ་ཡིན། སྐབས་དེར་ཨུ་རུ་སུའི་ཆོས་ཞུ་བ་ཅིག་གིས་ཨུ་རུ་སུའི་མི་མང་པོས་ངོས་ཀྱི་སར་ནས་ཆོས་ཞུ་འདོད་ཡོད་ཀྱང་། ནམ་རྒྱུན་རྒྱ་གར་ནང་གསུང་ཆོས་ཞུ་བར་ཡོང་རྒྱུ་ནི་འགྲོ་གྲོན་ཆེན་པོ་ཡིན་སྟབས། ཨུ་རུ་སུའི་མང་ཚོགས་དཀྱུས་མ་མང་པོ་ཞིག་ཡོང་ཐུབ་ཀྱི་མེད་སྐོར་བརྗོད་སོང་བས། ངོས་ལ་སེམས་འགུལ་ཐེབས་ཏེ། ཨུ་རུ་སུའི་མི་མང་པོ་ཞིག་ལ་ཏི་ཝི་ཡའི་ནང་ཡོང་རྒྱུ་ལས་སླ་པོ་ཡིན་སྟབས། ངོས་ལ་ཏི་ཝི་ཡའི་ནང་ཐེངས་འགའ་ཤས་རིང་ཕྱིན་པ་ཡིན། ལ་ཏི་ཝི་ཡའི་མང་ཚོགས་ནས་ངོས་ལ་དགའ་མོལ་གནང་བ་དང་ས་གནས་གཞུང་གིས་ཆོས་འབྲེལ་གྱི་མཐུན་རྐྱེན་བསྐྲུན་གྱི་འདུག དེར་བརྟེན། ངོས་རང་ལོ་གཉིས་གསུམ་ཞིག་རིང་ལོ་རེར་ལ་ཏི་ཝི་ཡའི་ནང་ཕྱིན་ཏེ་ཆོས་འབྲེལ་བྱེད་ཀྱི་ཡོད་ལ། ས་གནས་གཞུང་གི་མཐུན་རྐྱེན་ཡག་པོ་ཡོད་སྟབས་ཨུ་རུ་སུའི་མི་མང་དང་སོག་པོའི་མི་མང་པོ་ཞིག་གསུང་ཆོས་ཞུ་བར་ཡོང་ཐུབ་པ་བྱུང་ཡོད། ད་ལྟ་ངོས་ནས་ལ་ཏི་ཝི་ཡ་དང་འབྲེལ་བའི་འདས་པའི་གནས་ཚུལ་རྣམས་དྲན་གསོ་བྱས་དུས་ཧ་ལས་པའི་ཡག་པོ་བྱུང་འདུག་པས། དེ་སྔོན་ངོས་རང་ལ་ཏི་ཝི་ཡར་སླེབས་སྐབས་གོ་སྒྲིག་ཞུ་མཁན་གྱི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་གི་བརྗོད་གཞི་ནི་བཟང་སྤྱོད་ཡིན་པ་དང་ཆོས་ལུགས་མང་པོའི་གཞུང་ལུགས་ལྟར་ན། བཟང་སྤྱོད་ནི་ཆོས་ལུགས་ཀྱི་དད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན།  འོན་ཀྱང་། ངོས་ནས་ནམ་རྒྱུན་ཆོས་དད་ཡོད་མེད་ཀྱི་ཁྱད་པར་ཙམ་མ་ཡིན་པར་རྒྱ་གར་གྱི་གནའ་རབས་ཆོས་ལུགས་ལྟར་ཡ་རབས་བཟང་སྤྱོད་ནི་ངེས་པར་ཆོས་ལུགས་ཀྱི་དད་པ་དང་འབྲེལ་བ་དགོས་པ་ཞིག་ཡིན་དགོས་ཟེར་གྱི་མེད།  ད་ལྟ་ང་ཚོས་འགྲོ་བ་མིའི་གནས་སྟངས་སྐོར་བཤད་ཀྱི་ཡོད་པ་དང་། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་དང་མཉམ་རུབ་ཀྱི་ཐོག་ནས་གོ་ལ་འདིའི་ནང་འཚོ་དགོས་ཀྱི་ཡོད་པ་རེད། འདས་པའི་འགྲོ་བ་མིའི་ལོ་རྒྱུས་ནང་དྲག་རྩུབ་དང་དམག་འཁྲུག་གི་དཀའ་ངལ་མང་དག་ཅིག་བྱུང་བ་ཡོད། གོ་མཚོན་བཟོ་བའི་དོན་དུ་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་གྲོན་ཕོན་ཆེན་བཏང་བ་ནི་ཧ་ཅང་ཐབས་སྐྱོ་བོ་རེད།  ང་ཚོ་འགྲོ་བ་མི་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན།  ཚན་རིག་པས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པ་དང་སྤྱི་ཚོགས་གང་དེའི་ཁོངས་གཏོགས་ཀྱི་སེམས་ཅན་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་པར་བཤད་ཡོད། ཐོག་མར་སྐྱེས་པ་ནས་བཟུང་གཞན་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་པ་ལྷས་སྐྱེས་སུ་ཡོད། དཔེར་ན་ཐོག་མར་ནང་མི་དང་སྤྲུན་མཆེད། དེ་ནས་སོ་སོའི་སྤྱི་ཚོགས་བཅས་ཆགས་ཀྱི་ཡོད། ང་ཚོར་ཆུང་བྱིས་པའི་དུས་ནས་བཟུང་སོ་སོའི་སྤྱི་ཚོགས་དང་གྲོགས་པོ་འདུ་ཤེས་ཡོད་པ་རེད། མཚམས་རེར་ང་ཚོས་སྤྱི་ཚོགས་ལ་བརྟེན་པའི་འགྲོ་བ་མིའི་རང་བཞིན་གྱི་འདུ་ཤེས་ཆུང་དྲགས་པའི་རྐྱེན་གྱིས། ང་ཚོ་དང་ཁྱེད་ཚོ། ང་དང་ཁོ་སོགས་ཕྱོགས་རིས་ལ་བསྙད་དེ་ཕན་ཚུན་གསོད་རེ་ཡོང་གི་ཡོད་ལ། དེའི་རིགས་ནི་ཀླ་ཀློའི་རིགས་ཀྱི་བསམ་བློ་ཆགས་ཀྱི་ཡོད། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པ་དང་། དམིགས་བསལ་ཁ་སང་དེ་རིང་འཛམ་གླིང་འདིར་གནས་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མའི་མ་འོས་པ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཆགས་བསྡད་ཡོད་པ་རེད།  ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། ད་ལྟ་ང་ཚོར་གོ་ལའི་ཚ་དྲོད་ཇེ་མཐོར་ཕྱིན་པའི་དཀའ་ངལ་འཕྲད་ཀྱི་ཡོད། དཀའ་ངལ་དེ་ནི་མིའི་སྤྱི་ཚོགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཡིན་དུས། རང་བྱུང་ཁོར་ཡུག་གི་དཀའ་ངལ་ཐོག་དམག་འཁྲུག་སོགས་ཀྱིས་དཀའ་ངལ་འཕར་མ་བཟོ་རྒྱུ་མེད་པ་རེད། ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཅན་ཞིག་འདོད་ཀྱི་ཡོད་པས་འགྲོ་བ་མི་ཐེར་འབུམ་བདུན་རྣམས་གཅིག་གྱུར་གྱི་འདུ་ཤེས་བཅངས་ཐུབ་ན་བདེ་ཞིང་སྐྱིད་པ་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཚོ་བྷལ་ཊིག་མངའ་ཁུལ་གྱི་རྒྱལ་ཁབ་ཨེ་སི་ཊོ་ནེ་ཡ་(Estonia)  དང་ལ་ཏི་ཝི་ཡ། ལི་ཐའོ་ནི་ཡཱ་ (Lithuania) བཅས་ཀྱི་མང་ཚོགས་ཀྱི་གོ་ལ་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་བའི་ནུས་པ་ཆེན་པོ་ཡོད་པ་རེད། ངོས་རང་ལོ་ན་ཆུང་དུས་སྐབས་ནས་པར་རིས་དང་འབྲེལ་བའི་དེབ་ཀློག་པར་དགའ་པོ་ཡོད།  ལྷག་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་གནས་ཚུལ་དེ་འདྲའི་ཐོག་ཤེས་རྟོགས་ཡོང་གི་ཡོད། སྦལ་ཏིག་ཁུལ་གྱི་རྒྱལ་ཁབ་དེ་དག་སྐོར་ཤེས་ཀྱི་ཡོད། སྐབས་དེ་དུས་རྒྱལ་ཁབ་ཆེ་བས་ཆུང་བར་མཐོང་ཆུང་ངམ་མི་བརྩི་བའི་དཀའ་ངལ་འདུག ཕྱིས་སུ་ཁྱེད་རང་ཚོར་རང་དབང་ཐོབ་ནས་ངོས་རང་ས་གནས་སུ་བསླེབས་སྐབས་སེམས་ནང་ཧ་ཅང་དགའ་པོ་བྱུང་སོང་ལ། ང་ཚོ་འགྲོ་བ་མི་སྤྱི་ཡོངས་ལ་མཐར་ཐུག་གི་བདེ་སྐྱིད་ཅིག་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཡོང་གི་རེད། ཅེས་གསུངས།

དེ་རྗེས་དྲི་བ་དྲིས་ལན་སྐབས། ནད་ཡམས་ཀྱི་དུས་སྐབས་འདིར། ལེགས་སྐྱེས་དང་བསླབ་བྱ་ཆེ་ཤོས་ག་རེ་བྱུང་ཡོད་སྐོར་དྲིས་པར་༧གོང་ས་མཆོག་གིས། ནད་ཡམས་འདིའི་རྐྱེན་གྱིས་མི་མང་པོ་སྡུག་བསྔལ་གྱིས་མནར་བ་བྱུང་བ་རེད། ངོས་རང་འགྲོ་བ་མི་ཞིག་ཡིན་པ་དང་ངའི་གཅེན་གཅུང་རྣམས་ལ་སྡུག་བསྔལ་བྱུང་དུས་ངོས་རང་ལ་སེམས་འཚབ་ཆེན་པོ་ཡོང་གི་འདུག  དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་སྨན་པ་དང་སྨན་ཞབས་མང་པོས་ལྷག་བསམ་ཟོལ་མེད་ཀྱིས་འགྲོ་བ་མིའི་རིགས་ཀྱི་སྡུག་བསྔལ་སེལ་ཐབས་ཀྱི་ཕྱག་ལས་གནང་བར་ངོས་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ངོས་རང་ནང་པའི་དགེ་སློང་ཡིན་པའི་ཆ་ནས་ནད་ཀྱིས་མནར་བའི་སེམས་ཅན་ཉམས་ཐག་ཚོའི་ཆེད་དུ་རྒྱུན་དུ་གསོལ་བ་སྨོན་ལམ་བྱེད་བཞིན་པ་ཡིན། ནད་ཡམས་ཟློག་ཐབས་སུ་རྗེ་བཙུན་སྒྲོལ་མའི་ཟུང་སྔགས་བགྲང་ན་ཡག་པོ་ཡོད་པ་རེད། ཅེས་གསུངས།

བཟོད་པ་སྒོམ་པ་དེ་དཀའ་ལས་ཁག་པོ་ཡོད་པས་ང་ཚོས་བཟོད་པ་སྒོམ་པར་ཐབས་ཤེས་ག་རེ་ཡོད་སྐོར་དྲིས་པར། ༧གོང་ས་མཆོག་གིས། དཀའ་ངལ་འཕྲད་པའི་སྐབས་སུ་དཀའ་ངལ་གྱི་གཞི་རྩར་དཔྱད་པ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། དཀའ་ངལ་དེར་སེལ་ཐབས་ཡོད་ན་གདོང་ལེན་བྱེད་དགོས་པ་དང་། གལ་སྲིད་དཀའ་ངལ་དེ་སེལ་ཐབས་མེད་ཚེ་སེམས་སྡུག་བྱས་ན་ཕན་ཐོགས་མེད། ཕྱིའི་སྣང་ཚུལ་ལ་གཞི་མི་བཅོལ་བར་ནང་གི་རྣམ་དཔྱོད་བེད་སྤྱད་དེ་དཔྱད་པ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན། མིའི་ཀླད་པ་དེ་གལ་ཆེན་པོ་ཡིན་པ་མ་ཟད་སེམས་ཀྱང་གལ་ཆེན་པོ་ཡིན། དེ་བཞིན་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་བྱས་ན་ཕན་ཐོགས་ཡོད། ཁོང་ཁྲོ་ལ་མི་དགེ་བའི་བློ་གཉེན་པོ་བསྟེན་སྟངས་དང་བྱམས་པའི་བློ་རྣམས་སེམས་ཁམས་རིག་པ་ནས་ཤེས་ཀྱི་ཡོད། ཅེས་བཀའ་ལན་གནང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༢༡ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese