མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོ་ཤེར་ལགས་འཛིན་བཟུང་བྱས་ཏེ་ཟླ་ལྔ་ལྷག་ཕྱིན་འདུག(ལོ་དུས་བསྐྱར་བཅོས།)

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྱི་ནང་གཉིས་སུ་སྙན་གྲགས་ཡོད་པའི་བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའམ་སྒོ་ཤེར་ལགས་འདས་ལོར་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟའང་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཙམ་ལ། རྩོམ་པ་པོ་སྒོ་ཤེར་ལགས་རྒྱུ་རྐྱེན་གང་ཡིན་གསལ་ཆ་མེད་པར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། ད་བར་དུ་ཁོང་གི་ཁྱིམ་མི་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་འབྲེལ་ཡོད་ཚོས་ཐར་ལམ་ཞིག་ལ་རེ་སྒུག་བྱས་ཏེ་གསང་བ་བྱས་ཡོད་ནའང་། ཟླ་ ༥ ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་གི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པར་ལྷག་ཡོད་འདུག

སྒོ་ཤེར་ལགས་ཀྱི་གྲོགས་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལན་སྒོ་ཤེར་ལགས་འཛིན་བཟུང་བྱེད་མཁན་དེ་ལྷ་སའི་གསང་བའི་ལས་ཁུངས་ཡིན་པའི་སྐད་ཆ་གོ་རྒྱུ་འདུག་ལ། ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རྗེས། བོད་ཕྱི་ནང་གི་དགའ་ཉེ་བློ་དཀར་ཚང་མས། གནས་སྐབས་རིང་གསང་བ་བྱས་ན་མི་རིང་བར་ཐར་ཐབས་རེ་རྙེད་ཨེ་མི་ཡོང་ཞེས་རེ་སྒུག་བྱས་ཡོད་ཀྱང་། ད་བར་དུ་གནས་ཚུལ་ལ་བཟང་ངོ་ཅི་ཡང་མ་ཤར་སྟབས། ད་ཆ་བོད་གཞིས་བྱེས་གཉིས་ཀས་གསོན་པོའི་མྱི་བདག་དང་། ཤི་བོའི་རོ་བདག་ཟེར་བ་ལྟར་ཐབས་བརྒྱ་ཇུས་སྟོང་ལ་འབད་དགོས་པའི་དུས་སུ་སླེབས་ཡོད་པར་མཐོང་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ཡིན་སྐོར་བརྗོད་བྱུང་།

ང་ཚོའི་གནས་ཚུལ་ཡོང་ཁུངས་གཞན་ལྟར་ན། ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ནས་བཟུང་སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་དང་སྒོ་ཤེར་ལགས་གཉིས་གཙོ་བོར་གྱུར་བའི་མདོ་སྨད་ཕྱོགས་ཀྱི་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་བོད་སྐད་བོད་ཡིག་དོན་གཉེར་བ་ཉུང་མཐར་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་ཚོའི་ཁྱིམ་མི་འབྲེལ་ཡོད་སོགས་ནས་གསང་བ་བྱས་ཏེ་བཤད་ཕོད་ཀྱི་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༡༩༧༦ ཟླ་ ༩ ཚེས་ ༩ ཉིན་ཁོང་རྔ་བ་རྫོང་ཁ་ཤི་སྡེ་བའི་ཕ་སྒོ་བརྩོན་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ཡས་མས་སུ་ཁོང་རྒྱ་གར་དུ་ནང་ཡོང་སྟེ་ཕྱིས་སུ་ཕྱིར་ལོག་ནས་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་འདུག ཁོང་གི་ཕ་འདས་པོ་སྒོ་བརྩོན་ལགས་ནི་རྔ་བ་རྨེའུ་རྒྱལ་བོའི་བློན་པོ་ཞིག་ཡིན་ཁར། དེ་སྔོན་རྒྱ་གར་དང་བལ་ཡུལ་སོགས་སུ་ཚོང་ལས་གཉེར་ཏེ་ས་སྒོ་འདྲ་མིན་འགྲིམས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པའི་ཤུགས་རྐྱེན་འོག  སྒོ་ཤེར་ལགས་རྒྱལ་ཕྱི་ནང་གི་གནས་ཚུལ་ལ་རྒྱུས་མངའ་བཟང་ཞིང་། གཞུང་ཆེན་ཁག་ལ་སློབ་གཉེར་དང་། དོན་གཉེར་ཅན་མང་པོར་འཆད་ཁྲིད་ཀྱི་ཞོར་དུ། རྩོམ་འབྲིའི་ལས་ལ་ཞུགས་ཏེ་སྔ་གཞུག་ཏུ་<<ང་ཚོ་སད་རན་དང>>། <<སྐྱེས་ཆེན་ཞིག་གི་བཞུད་ལམ>>། <<རང་ལམ་རང་འཚོལ>>། <<གསེར་ཐང་འཆད་ཁྲིད>>། <<བསམ་གཞིགས་པའི་སེམས་སྒྲ>>་ཞེས་པ་སོགས་དེབ་ ༨ ཙམ་པར་སྐྲུན་གནང་སྟེ་བོད་ཕྱི་ནང་གཉིས་སུ་སྙན་གྲགས་རྒྱས་ཡོད་པ་རེད།

ཕྱི་ལོ་ ༡༩༩༨ ཡས་མས་སུ་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་རབ་དང་རིམ་པ་སྤེལ་སྟབས། སྒོ་ཤེས་རབ་རྒྱ་མཚོས་རྔ་བ་ཀིརྟི་དགོན་པ་ནས་ལས་འགུལ་དེ་རིགས་ཀྱི་རིམ་པ་སོ་སོར་ཐབས་བརྒྱ་ཇུས་སྟོང་གིས་གདོང་ལེན་བྱས། སྐབས་དེའི་ལས་འགུལ་ཁྲོད་༧གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པ་དེ་སློབ་གསོའི་རྩ་དོན་ཡིན་སྟབས། དེ་རིགས་ལ་གདོང་ལེན་གང་ལེགས་བྱས་ཤིང་། དགའ་ལྡན་ལྔ་མཆོད་ཅིག་གི་སྐབས། ༧གོང་ས་མཆོག་གི་སྐུ་པར་གཟི་བརྗིད་ཅན་ཞིག་གློག་མཆོད་ཀྱི་དཀྱིལ་དུ་སྒྲིག་གཤོམ་བྱས་པ་སོགས་སྔ་ཕྱིའི་གནས་ཚུལ་འདྲ་མིན་ལ་ཁག་བཞག་སྟེ་འཛིན་བཟུང་བྱས་ནས་ལོ་བཞིའི་རིང་བཙོན་འཇུག་བྱས། བཙོན་ཁང་ནང་ནས་རྒྱའི་སྐད་ཡིག་ལ་ལེགས་པར་སྦྱངས། བཙོན་གྲོལ་ཐོབ་རྗེས་ཁོང་གིས་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་ལྷ་ས་རུ་སློབ་གཉེར་གནང་སྐབས། ཁོང་དང་གྲྭ་པ་གཞན་མང་པོ་ཞིག་ཧ་ལམ་ལོ་གཅིག་ཙམ་རིང་ཟུར་དུ་བཀག་ཉར་བྱས། བཀག་ཉར་ནས་ཀློད་རྗེས་ཁོང་གིས་བོད་ཡུལ་གྱི་དགོན་སྡེ་མང་པོའི་ནང་ཆོས་དང་རིག་གནས་ཅི་རིགས་འཆད་ཁྲིད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese