མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་གི་མགོ་འཁྲིད་ཟུར་པ་གཉིས་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་པའི་བཅད་ཁྲ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཤིན་ཅང་མི་མང་མཐོ་རིམ་ཁྲིམས་ཁང་ (Xinjiang People’s Higher Court) ཟེར་བས་ཤིན་ཅང་གི་གོ་འཁྲིད་ཟུར་པ་མཐོ་གྲས་གཉིས་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་དང་ལྐོག་དངུལ་བླངས་པའི་ནག་ཉེས་འོག་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་གཅད་རྒྱུ་ཡོངས་བསྒྲགས་བྱས་ཡོད་འདུག

ཁ་སང་ཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤིན་ཅང་མི་མང་མཐོ་རིམ་ཁྲིམས་ཁང་གི་ཚོགས་གཙོ་གཞོན་པ་ཝང་ལང་ཐའོ་ (Wang Langtao) ཟེར་བས་གསལ་འགོད་གསལ་བསྒྲགས་སྟེང་། ཤིན་ཅང་གི་ཁྲིམས་དོན་ལྷན་ཁང་གི་འགན་འཛིན་ཟུར་པ་དང་ཤིན་ཅང་གི་རྒྱལ་ས་ཡུ་རུམ་ཆིའི་ (Urumqi) འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཟུར་པ་ཤིར་ཛ་ཏི་བྷ་ཡུ་ཏུན་ (Shirzat Bawudun) གྱིས། འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དང་ངན་པ་ལག་འབྲེལ་དང་། ལྐོག་དངུལ་བླངས་པས་མི་ཚད། རྒྱལ་ཁབ་ཁ་བྲལ་གྱི་བྱ་འགུལ་སྤེལ་ཡོད་པ་རེད། ཅེས་བསྒྲགས་འདུག་ཅིང་། ཤིན་ཅང་གི་གཞུང་འབྲེལ་དྲ་བའི་སྟེང། བྷ་ཡུ་ཏུན་གྱིས་ཕྱི་ལོ་ ༢༠༠༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་ངོས་འཛིན་བྱས་པའི་ཤར་ཊུར་ཀི་སི་ཐན་གྱི་ཁ་ཆེའི་ལས་འགུལ་ (East Turkestan Islamic Movement) ཞེས་པའི་གནད་ཡོད་ཚོགས་མི་རྣམས་ལ་ཐུག་འཕྲད་བྱས་ཡོད་སྐོར་བཀོད་འདུག འོན་ཀྱང་ཨ་རིས་འདས་ལོའི་ཕྱི་ཟླ་ ༡༡ ནང་དན་རྟགས་དེ་ཙམ་མེད་པའི་རྒྱུ་མཚན་གྱིས་ཚོགས་པ་དེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་ཐོ་གཞུང་ནས་བསུབས་ཡོད་འདུག

ད་ལན་སྲོག་ཁྲིམས་ཕོག་པའི་མགོ་འཁྲིད་གཞན་དེ་ནི། ཤིན་ཅང་ཤེས་རིག་ལྷན་ཁང་གི་འགན་འཛིན་ཟུར་པ་སཱ་ཊར་སཱ་ཝུཌ་ (Sattar Sawut) ཞེས་པ་དེ་ཡིན་ཞིང་། ཁོང་ལ་ཡང་རྒྱལ་ཁབ་ཁ་བྲལ་དང་ལྐོག་དངུལ་བླངས་པའི་ནག་ཉེས་འོག་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང་། ཁྲིམས་ཁང་གི་བཅད་ཁྲ་ལྟར་ན། ཁོས་ཡུ་གུར་སྐད་ཀྱི་སློབ་དེབ་ཁག་ནང་མི་རིགས་ཁ་བྲལ་རིང་ལུགས་དང་། འཇིགས་སྐུལ་དྲག་སྤྱོད། ཆོས་ལུགས་ཀྱི་ཐལ་ཆ་རིང་ལུགས་བཅས་ཀྱི་ནང་དོན་བཅུག་ཡོད་པ་དང་། སློབ་དེབ་དེ་དག་གིས་ཕྱི་ལོ་ ༢༠༠༩ ལོར་ཤིན་ཅང་གི་རྒྱལ་ས་ཡུ་རུམ་ཆི་ (Urumqi) ནང་བྱུང་བའི་ཟིང་འཁྲུག་ལྟ་བུའི་དོན་རྐྱེན་ལ་སྐུལ་སློང་བྱས་ཡོད་པ་མ་ཟད། མི་གཞན་རྣམས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོར་འཛིན་བཟུང་བྱས་ཏེ་ཚེ་བཙོན་དུ་བཅུག་པའི་ཡུ་གུར་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་སྐུ་ཞབས་ཨེལ་ཧམ་ཊོ་ཧ་ཊེ་ (Ilham Tohti) ཡི་རྗེས་སུ་འབྲངས་ཡོད་སྐོར་བཀོད་འདུག

འདས་པའི་ཟླ་ཤས་ནང་རྒྱལ་སྤྱིའི་སྟེང་ཡུ་གུར་མི་རིགས་ཀྱི་གནས་སྟངས་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་ཕོག་བཞིན་ཡོད་ནའང་། རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་མི་རིགས་རྩ་སྟོང་གི་སྲིད་ཇུས་སྤེལ་གྱི་མེད་པ་དང་། བྷི་བྷི་སི་གཙོས་པའི་ནུབ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ལ་ཕྱོགས་ལྷུང་གི་ལྟ་ཚུལ་འོག་གནས་ཚུལ་རྫུན་མ་འགོད་སྤེལ་བྱེད་ཀྱི་ཡོད་སྐོར་དང་། ཉེ་ཆར་རྒྱལ་སྤྱིའི་བཟོ་ཚོང་ཁང་ཆེ་གྲས་སྐོར་ཞིག་གིས་རྒྱ་ནག་གིས་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་བཙན་གྱིས་ངལ་རྩོལ་དུ་བཀོལ་གྱི་ཡོད་ཚུལ་བརྗོད་དེ། ཤིན་ཅང་ནས་ཐོན་པའི་སྲིན་བལ་རིགས་བཀོལ་སྤྱོད་མི་བྱ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དང་བསྟུན། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པའི་སྣེ་ཁྲིད་འོག་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དང་དྲ་རྒྱ་སོགས་ཀྱིས་ཤིན་ཅང་ནང་གི་སྲིན་བལ་ཞིང་ཁའི་གནས་སྟངས་སྐོར་གྱི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་མགོ་བརྩམས་ཡོད་པ་མ་ཟད། ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅིན་ (Zhao Lijian) ཟེར་བ་དེས་འདས་པའི་ལོ་བཞི་ནང་ཤར་ཊུར་ཀི་སི་ཐན་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་པའི་དོན་རྐྱེན་བྱུང་མེད་པ་ངོས་འཛིན་བྱེད་མུས་ཐོག ཁུལ་དེར་ད་དུང་དྲག་སྤྱོད་པའི་ཉེན་ཁ་གནས་མུས་ཡིན་སྐོར་གྱི་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་སྲོག་ཉེས་གུ་ཡངས་སམ། ཡང་ན་ལག་བསྟར་ཕྱིར་འགྱངས་བྱས་པའི་སྲོག་ཁྲིམས་དག་རིམ་པས་ཚེ་བཙོན་དུ་འགྱུར་གྱི་ཡོད་འདུག ད་ལྟ་རྒྱ་ནག་གི་མགོ་འཁྲིད་ཟུར་པ་དེ་གཉིས་ལའང་འཕྲལ་དུ་སྲོག་ཁྲིམས་ལག་བསྟར་བྱ་རྒྱུ་མིན་པར་ལོ་གཉིས་རིང་བཙོན་དུ་བཅུག་རྗེས། ཚེ་བཙོན་དུ་བསྒྱུར་སྲིད་པ་ཞིག་ཡིན་འདུག རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་སྲོག་ཁྲིམས་བཅད་པའི་གྲངས་ཐོ་ཕྱིར་བསྒྲགས་བྱེད་ཀྱི་མེད་ནའང་། རྒྱལ་སྤྱིིའི་ཉེས་ཡང་ཚོགས་པས་རྒྱ་ནག་དེ་འཛམ་གླིང་སྟེང་སྲོག་ཁྲིམས་མང་ཤོས་གཅོད་མཁན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese