མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་རྩ་དགོངས་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༤ ཚེས་ ༨ ཉིན་གྱི་ཞོགས་པར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནང་མཆོག་ནས་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་པ་གསལ་བསྒྲགས་གནང་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཚོགས་གཙོ་མཆོག་ལ་དེ་དངོས་བདེན་ཡིན་མིན་བཀའ་འདྲི་ཞུས་པར་ཁོང་གིས། གནས་ཚུལ་དེ་དངོས་གནས་རེད། དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ཡོལ་ཙམ་ནས་ངས་སྙན་ཞུ་ཕུལ་ཟིན་པ་ཡིན། ཞེས་གསུངས་བྱུང་ལ། ཚོགས་གཙོ་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་་ཞུ་སྐུ་ངོ་མཆོག་གིས། དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ཐོག་མར་ཁྲིམས་ཞིབ་ཁང་གིས་དེ་གནང་བ་དང་། ང་ཚོས་སྤྱི་ཚོགས་ནང་དགྲ་དགའ་གཉེན་སྡུག་ཡོང་གི་ཡོད་པ་ཤེས་ཀྱི་ཡོད། དེར་བརྟེན། ཁྲིམས་ཞིབ་པ་ཆེ་བ་མཇལ་བའི་སྐབས་སུ། མ་འོངས་པར་རྒྱ་ནག་དགའ་བ་དང་༧གོང་ས་མཆོག་ཐུགས་ཕམ་བྱུང་བའི་དགྲ་དགའ་གཉེན་སྡུག་གི་འགན་ཆ་ཚང་ཁྱེད་ཚོས་འཁུར་དགོས་ཀྱི་ཡོད་ཅེས་ཞུས་ཡོད། དེའི་རྗེས་ལ་བཅད་ཁྲ་བཏང་བའི་སྐབས་སུའང་། མཚན་འབོད་ཞུས་ཏེ་མ་འོངས་པར་གནས་ཚུལ་ག་རེ་ཆགས་པ་ཡིན་ནའང་འགན་ཁྱེད་ཚོར་ཡོད་ལབ་ཡོད། ད་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་ཤུགས་ཆེན་པོ་ཞེ་དྲགས་བྱུང་སོང་བས། དེར་བློ་ཕམ་ཡོད་ཅེས་ངས་དགོངས་ཞུའི་ནང་བྲིས་ཡོད། ཟམ་གདོང་རིན་པོ་ཆེར་བཅར་འདྲི་ཞུས་པ་དེའི་ཐོག་ནས་འགན་གཡོལ་ཐབས་མེད་པ་ཞིག་ཆགས་ཀྱི་འདུག རིན་པོ་ཆེ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་དང་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་ཡིན་པ་དང་། བཅའ་ཁྲིམས་གཏན་འབེབ་སྐབས་ཚོགས་གཙོ་ཡིན་སྟབས། རིན་པོ་ཆེས་དེ་འདྲ་གསུངས་ཡོང་དུས་ངས་གོ་ནའང་མ་གོ་མདོག་མདོག་བྱས་ནས་འགན་མ་འཁུར་བའི་རྣམ་པ་ཞིག་མཐོང་གི་འདུག དེར་བརྟེན་དགོངས་པ་ཞུས་ཡིན། ཞེས་གསུངས་བྱུང་ལ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་པདྨ་འབྱུང་གནས་མཆོག་རྣམ་གཉིས་འོས་འདེམས་བྱུང་བ་ལྟར། པདྨ་འབྱུང་གནས་མཆོག་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ནས་བཟུང་ཚོགས་གཙོའི་ཐུགས་འགན་བཞེས་ཡོད་པ་རེད།

དེ་རིང་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཉིས་ནས་བོད་མི་མང་སྤྱི་འཐུས་དང་བཀའ་ཤག་ལྷན་རྒྱས་ལ་ཡོངས་ཁྱབ་ཐོག་ཞུ་ཡིག་ཅིག་ཕུལ་བའི་ནང་། ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་མང་མོས་གཏན་འབེབ་གནང་བའི་གྲོས་ཆོད་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་དེར་བོད་མིའི་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་ཆགས་ཏེ་བློ་ཕམ་ཚད་མེད་ཡོང་བཞིན་ཡོད་སྟབས། གྲོས་ཆོད་དེ་ངེས་པར་དུ་ཕྱིར་འཐེན་རྩིས་མེད་གཏང་དགོས་པ་དང་། གལ་སྲིད་ཕྱིར་འཐེན་མ་གནང་བ་ཡིན་ན་དེའི་མཇུག་འབྲས་ཅི་བྱུང་གི་འགན་ཆ་ཚང་ཚོགས་གཙོ་སྦྲེལ་པོའི་དབུས་རྒྱུན་ལས་ ༡༡ དང་གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་རྣམ་པས་འཁུར་དགོས་ཡོད་པའི་དྲན་སྐུལ་ཞུ་ཡིག་ཕུལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 7

  1. གངས་ཆབ། says:
    ལོ་ 5 སྔོན།

    རྣམ་པ་ཚོས་འདིར་གཟིགས་དང་གནས་ལུགས་དང་རྒྱུ་མཚན་ངོ་མ་འདི་རེད།
    མཁས་དབང་ཟམ་གདོང་ལ་རྟགས་གསལ་ཞིག་ཕུལ་ན།

    ཟམ་གདོང་རིན་པོ་ཆེ་ན་རེ།

    “སུ་རུང་”ཟེར་བ་དེས་ཆ་ཚང་མིན་པར་གོ་ཟེར། འོ་ན་རྒྱ་གར་གྱི་ཉེས་ཁྲིམས་དོན་ཚན་ ༣༠༢ སོགས་ཀྱི་ནང་དུ་སྐྱེ་བོ་སུ་རུང་གིས་མི་བསད་པ་ཡིན་ན་སྲོག་ཆད་དམ། ཚེ་བཙོན་ནམ་ལོ་བཅུ་ཡན་གྱི་ཆད་པ་འབྱུང་སྲིད་ཅེས་འཁོད་ཡོད། གལ་ཏེ་ལག་དམར་བ་ལྔ་ཡོད་ཚེ་སུ་རུང་གཅིག་གིས་མ་གཏོགས་ཚང་མས་ཉེས་པ་ཁུར་མི་དགོས་པར་ཐལ། ཁྲིམས་ཡིག་ཏུ་སྐྱེ་བོ་སུ་རུང་ཞེས་དངོས་སུ་བྲིས་ཡོད་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས། ཧཧཧ། •རྒྱ་གར་རྩ་ཁྲིམས་ཀྱི་ལུང་འདི་གཞན་ལས་བཏུས།

    ཡང་ཁོང་ན་རེ། ཁྲིམས་ཞིབ་པ་གསུམ་ཀ་དུས་གཅིག་ལ་མར་ཕུད་ནས་ཁྲིམས་ཞིབ་པ་གསར་པ་ཡར་བསྐོས་ན་ཁྲིམས་ཞིབ་ཁང་མེད་པ་ཆགས་འགྲོ་བ་དང་། རྩ་ཁྲིམས་སྦོ་ལུགས་པ་རེད་ཟེར། འོ་ན་འཛིན་སྐྱོང་བརྗེ་ལེན་བྱེད་ཐེངས་རེ་ལ་རྩ་ཁྲིམས་སྦོ་ལུགས་ཐེངས་རེ་ཡིན་པར་ཐལ། རྙིང་པ་ཚང་མ་དུས་གཅིག་ལ་བརྗེ་འགྲོ་བའི་ཕྱིར། ཁྱབ་པ་ཁས། རྟགས་ཚད་མ། ཧཧཧ།

    གལ་ཏེ། བར་དེར་གནས་སྐབས་ཆེས་མཐོ་ཁྲིམས་ཞིབ་ཁང་དངོས་སུ་ཆ་ཚང་བ་ཞིག་མེད་པས་ཀ་བ་གསུམ་མི་ཚང་བས་རྩ་ཁྲིམས་སྦོ་ལུགས་བཞིན་ཡོད་ན། སྤྱི་མཐུན་ལྷན་ཚོགས་མི་འཚོགས་པའི་ཟླ་བ་མང་པོར། མང་གཙོ་དང་རྩ་ཁྲིམས་སྦོ་ལུགས་པར་ཐལ། ཀ་བ་དབུས་མ་ཁྲིམས་བཟོ་ལྷན་ཚོགས་མེད་པའི་ཕྱིར། རྟགས་ཁྱེད་ཀྱིས་སྤྱི་མཐུས་ལྷན་ཚོགས་ཟེར་བ་དེ་གྲོས་ཚོགས་འཚོགས་པ་ནས་གྲོལ་བའི་བར་ཡིན་པ་ཞལ་གྱིས་བཞེས་པས་གྲུབ། ཁྱབ་པ་ཁས། ཧཧཧ།

    གཞན་ཡང་། གནས་སྐབས་འདིར་ཁྲིམས་ཞིབ་ཁང་མེད་ཟེར་བ་མི་འཐད་དེ། ས་གནས་ཁྲིམས་ཞིབ་ཁང་ཡོད་པའི་ཕྱིར། ཁྱབ་ཏེ། བྱེ་བྲག་གྲུབ་ན་སྤྱི་གྲུབ་དགོས་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་ཁྱེད་ལ་ལུང་རིགས་ཚད་མས་གྲུབ། ཧཧཧ།

    གཞན་ཡང་། སྤྱི་མཐུན་རྒྱུན་ལས་སྤྱི་མཐུས་ལྷན་ཚོགས་མ་ཡིན་ཏེ། སྤྱི་མཐུས་ལྷན་ཚོགས་ཡིན་མིན་ཁྲིམས་བཟོ་མཁན་གྱི་ལྷན་ཚོགས་ཡིན་མིན་ལ་ལྟ་བ་གང་ཞིག །ཁྱོད་ཚོས་ཁྲིམས་བཟོ་མི་ཆོག་པའི་ཕྱིར་ཟེར། དེ་ལྟར་ན། ཁྲིམས་ཞིབ་པ་གསུམ་ཆོས་ཅན། སྤྱི་མཐུས་ལྷན་ཚོགས་ཡིན་པར་ཐལ། ཁྱོད་ཚོ་ཁྲིམས་བཟོ་ཆོག་མཁན་གྱི་ལྷན་ཚོགས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཡང་དོན་གྱིས་ཁས། ཧཧཧ། འཁོར་གསུམ་ལ་ལན་མེད་དོ།།

    ཟམ་གདོང་རིན་པོ་ཆེས་འདྲ་ཆགས་ཆགས་བཤད་པ་ལས། ཞིབ་ཀྱིས་བསམས་ན་གནས་ལུགས་གང་ཡང་མེད། འོན་ཀྱང་ཁོང་བཤད་སྒྲོས་བཟང་ཞིང་རིགས་ལམ་མཐའ་ཆོད་ལ་མ་ཆོད་གཅིག་མཁྱེན་པ་དེས། སྐྱེ་བོ་ཕལ་པ་མགོ་སྐོར་བའི་འགྲེལ་བཤད་ལ་བྱང་ཡོད་ཙང་། ཆབ་སྲིད་ཀྱི་སྒྱུ་མ་རྩེད་དགོས་ན་གཏོར་བཤིག་གི་ནུས་པ་བླ་ལྷག་ལྡན་པ་ཞིག་ཡིན། འོན་ཀྱང་ཡི་མུག་པ་ཞིག་ལ། ཁོང་གི་མི་ཚེ་ནང་མི་རིགས་དང་རིག་གཞུང་ལ་བྱས་རྗེས་གླེང་རིན་ཡོད་པ་གང་ཡང་འཇོགས་གནང་ཐུབ་མེད།།

    —— རོ་ལངས།

    Reply
  2. རིན་འབྱུང། says:
    ལོ་ 5 སྔོན།

    ཟམ་གདོང་མས་དབུ་འཁྲིད་ནས་ཁྲིམས་བཟོ་བ་དེར་གྲོས་ཚོགས་རྭ་བ་ནང་སྤྱི་འཐུས་དེ་དག་་གི་ཧ་གོ་མི་འདུག་ག
    ཟམ་གདོང་བླ་མས་བཅར་འདྲིས་དང་ལེན་བྱས་ཚར་རྗེས་འཁྲིམས་ལུགས་དེར་ངོས་འཛིན་བྱེད་སྟངས་གསར་པོ་འདྲ་པོ་ཞིག་ཆགས་སོང་བས
    གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་ཟམ་གདོང་བླ་མས་སམྐྲིཏ་ཐོག་བྲིས་ཡོད་པ་འདྲ།
    དེ་རིང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཞེས་པ་དེ་སྐབས་དང་དུས་ཚོད་ལ་རེད་འདུག་བ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    ད་བཙན་བྱོལ་བོད་མིའི་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་འདུ་བསྐོང་གནང་དགོས་པ་ལས་གཞན་ཐབས་ལམ་ཨ་ཡོད་ན་།

    Reply
  4. Khenrap says:
    ལོ་ 5 སྔོན།

    UTsang Tsogpa and Dhomed Cholkh Tsogpa are both NGO and do not represent all Tibetans living in th exile whose ancestors come from these regions. They have no right to issue warning letter to the member of Assembly elected by the people of exile Tibetans communities that are not governed by them. The impeachment passed through the votes and there is no way to reinstate same people. These letters are manipulating the entire community and games of dirty politics using again His Holiness title so that people could value the letter. NGOs have no role in the job of Chithues nor Samdong Rinpoche. Now all of you have invited catastrophe and cannot run away to blame Chithues who voted for impeachment. None of the Chithues came up on the floor on March 25th session with reasonable argument to stop the proceeding. Hence, all Chithues are equally responsible for anything happened if the impeachment was not the proper way. If it was conducted based upon the Charter, all are equally appreciable too. No one would be spare from their responsibility as they all are the member of assembly. Everyone has the collective responsibility whether TSCJ or Assembly members including media who brought the interview news untimely. I have no idea what was Norway media’s motive or whose behind them.

    Reply
  5. ཁྲ་སིལ་དགུ་སིལ says:
    ལོ་ 5 སྔོན།

    ད་ཡིན་ན་འཐེན་ཐུག་བསྐོས་ཀྱིས་འདུག་གོ

    Reply
  6. ཚེ་བརྟན་འགྱུར་མེད། says:
    ལོ་ 5 སྔོན།

    ཚོགས་གཙོ་དགོངས་པ་ཞུས་ལེགས་ཐེ། ང་རང་དུས་རྒྱུན་བོད་པའི་སྤྱི་ཚོགས་ནང་ཤེས་བྱ་དང་ཉམས་མྱོང་ཅན་དཀོན་པས་ཕང་སེམས་ཡོང་གི་ཡོད་ཀྱང་ད་རེས་མིན་འདུག ཁོ་བའི་ཤེས་བྱ་དང་ཉམས་མྱོང་དེ་བཟང་ལམ་བེད་སྤྱོད་མ་ཞུས། གཟུགས་མེད། སྒྲ་མེད་ནས་ཆོས་མེད་དོ་གསུངས་ལ་ལྟར་དངོས་སུ་མེད་པར་ཞིབ་པ་བཞིན་དམངས་གཙོའི་ཀ་བ་གསུམ་ཀྱང་གཅིག་པ་མིན་པར་དགོངས་ནས་བོད་མི་མང་སྤྱི་འཐུས་དེ་ཀ་བ་རིང་བ་དང་སྦོམ་པ་སོགས་བསམ། དེ་ལྟར་ལས་བྱུས་ཞུས་པ་དང་ཁྲིམས་འཆར་སྟོན། དམངས་གཙོའི་ཀ་བ་གསུམ་དབང་ཚད་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱང་མེད་པ་ལྟ་བུ། དེ་བཞིན་ཁྲིམས་རྩ་ཁག་ཏུ་གོ་དོན་ཀྱང་དབེན་པས་གྲོས་ཚོགས་དང་སྤྱི་འཐུས་རྒྱུན་ལས། དེ་གཉིས་ནས་་བཀོད་པའི་ཚོགས་ཆུང་གསུམ་ར་མགོ་ལུག་མགོ་དབྱེ་མེད་དུ་ངོས་འཛིན་ཚུལ། ཡོ་རོབ་སྤྱི་འཐུས་འགོག་མེད་ཀྱི་ངལ་བས་ཚོགས་བཅར་ཞུ་མ་ཐུབ་པ་ཞུས་མེད་པར་ངོས་འཛིན་རང་མཚམས་གནང་ལམ་ནས་ཀ་བ་གསུམ་ནས་གཅིག་ཆ་ཚང་མེད་པར་བཟོས་པ་སོགས་ནོར་ཁྲུལ་ཚད་མེད་བཟོས་ཡོད། མཐའ་མ་དགོངས་པ་ཞུ་སྟངས་ཀྱང་ཁོ་བ་སྤྱི་འཐུས་སུ་བཀོད་མཁན་བོད་མི་མང་ཁོངས་ནས་དབུས་གཙང་མི་མང་གི་དགོངས་ཚུལ་གང་ཡོད་ལས་འདས་སྟེ་རིན་པོ་ཆེ་དགོངས་ཚུལ་གྱི་རྐྱེན་པས་ཡིན་ཚུལ། དེ་ལྟར་རིན་པོ་ཆེ་དགོངས་པ་གལ་ཆེ་ཡིན་ན་ཚབ་ཆེའི་གནད་དོན་་ལག་ལེན་དུ་མ་བསྟར་གོང་བཀའ་སྐོར་མ་ཞུས་པ་ཅི་བྱས།།

    Reply
  7. མཆོག་བསྟན་འཛིན་སྨོན་ལམ། says:
    ལོ་ 5 སྔོན།

    རྩ་དགོངས་ཞུ་སྟངས་འདི་ངའི་བློ་ལ་ཕྱིན་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese