མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་སོཊ་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ ༡༠༠ ལྷག་ནས་གནམ་གཤིས་འགྱུར་ལྡོག་ཐད་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གོ་ལའི་ཉིན་མོ་དང་བསྟུན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་དབུ་འཁྲིད་དེ་འཛམ་གླིང་རྒྱལ་ཁབ་མང་པོའི་མགོ་འཁྲིད་ཚོས་བགྲོ་གླེང་ལྷན་ཚོགས་བསྐོང་གི་ཡོད་པ་དེར་༧གོང་ས་མཆོག་གི་དབུས་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ ༡༠༠ ལྷག་གིས་འབོད་སྐུལ་གནང་ཡོད་འདུག

དེ་རིང་ནས་ཉིན་གཉིས་རིང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་གི་དབུ་འཁྲིད་འོག་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་དྲ་ལམ་བགྲོ་གླེང་ཞིག་གནང་གི་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་ནང་རྒྱ་གར་དང་ཨོ་གླིང་། ཌན་མག ཧྤ་རན་སི། འཇར་མ་ནི། ཨི་ཊ་ལི། སི་པིན། ཊོར་ཀི་སོགས་འཛམ་གླིང་རྒྱལ་ཁབ་ ༤༠ ཡི་དབུ་འཁྲིད་རྣམས་ལ་མགྲོན་འབོད་གནང་འདུག བགྲོ་གླེང་ལྷན་ཚོགས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་གནད་ཡོད་མི་སྣ་ ༡༠༠ ལྷག་ནས་ཡོངས་ཁྱབ་ཐོག རང་བྱུང་རྡོ་སྣུམ་དང་རླངས་རྫས། རྡོ་སོལ་སོགས་བཀོལ་སྤྱོད་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་གནང་འདུག

རྗོ་བྷའེ་ཌན་མཆོག་གིས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་དང་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་སོགས་སུ། གལ་ཏེ་ཁོང་སྲིད་འཛིན་ཆགས་པ་ཡིན་ན༔ ཕེ་རི་སའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆིངས་ནང་གང་མགྱོགས་འཛུལ་ཞུགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལྟར། ཐེངས་འདིའི་ལྷན་ཚོགས་ཐོག་དབུ་འཁྲིད་རྣམས་ཀྱིས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཐབས་སྐོར་ལ་བགྲོ་གླེང་གནང་རྒྱུ་དང་། རྒྱལ་ཁབ་ཡོངས་ནས་ས་སྣུམ་དང་རྡོ་སྣུམ་བེད་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་འདུག

ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་སྐོར་ལ་སྲིད་འཛིན་བྷའེ་ཌན་མཆོག་གིས་གོ་ལ་འདིའི་སྟེང་དུ་མི་གྲངས་འཕེལ་རྒྱས་འགྲོ་བཞིན་ཡོད་པས་རྡོ་སྣུམ་དང་ས་སྣུམ་གྱི་ཐོན་སྐྱེད་རྒྱ་ཁྱབ་ཏུ་གཏོང་བཞིན་པ་མཚམས་འཇོག་དགོས་པ་དང་། བསྐྱར་བཟོ་བྱེད་རུང་བའི་དངོས་པོར་མ་རྩ་འཇོག་དགོས་པའི་སྐོར་དང་། རྡོ་སྣུམ་དང་ས་སྣུམ་ལ་སོགས་པ་མེར་སྲེག་གཏོང་བ་དེ་ཡིས་བརྒྱ་ཆ་ ༨༠ རླངས་རྫས་ཐོན་གྱི་ཡོད་པ་དང་། དེ་བཞིན་གཏེར་ཁ་སྔོག་འདོན་སོགས་ཀྱིས་ཁོར་ཡུག་དང་འཕྲོད་བསྟེན་ལ་གནོད་སྐྱོན་ཆེན་འབྱུང་གི་ཡོད་པར་བརྟེན། གོ་ལ་དང་མིའི་རིགས་ཀྱི་ཆེད་དུ་ཁོར་ཡུག་ལ་གནོད་སྐྱོན་བྱུང་བ་རྣམས་འགོག་ཐབས་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས་འདུག

སྲིད་འཛིན་མཆོག་ནས་ཕེ་རི་སའི་གྲོས་ཆིངས་(Paris Agreement) ནང་དུ་སྣུམ་དང་རླངས་རྫས། རྡོ་སོལ་སོགས་ཀྱི་སྐོར་ལ་བརྗོད་མེད་ཀྱང་། ས་སྣུམ་གྱི་བཟོ་གྲྭས་ལས་འཆར་གསར་པ་བཟོ་འཆར་ཡོད་སྟབས། ང་ཚོས་ས་སྣུམ་དང་རྡོ་སྣུམ་རྣམས་རང་གནས་སུ་འཇོག་དགོས་ལ། སྣུམ་དང་རླངས་རྫས། རྡོ་སོལ་སོགས་ཀྱི་ཐོན་སྐྱེད་མཚམས་འཇོག་བྱེད་དགོས། གོ་ལའི་ཁོར་ཡུག་ཡར་རྒྱས་ཡོང་བར་རྡོ་སྣུམ་བེད་སྤྱོད་མི་བྱེད་པའི་ཐོག་ནས་འཆར་གཞི་གསར་པ་གང་ཡོད་པ་དེ་ལ་དཔལ་འབྱོར་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་བརྒྱ་ཆ་ ༡༠༠ དགོས་པའི་ལས་གཞི་ལ་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་པས་ནུས་པ་མཉམ་སྤུངས་དགོས་པའི་དགོངས་ཚུལ་བཏོན་ཡོད་འདུག་ལ། ས་སྣུམ་དང་རྡོ་སྣུམ་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་རྩ་གཙོ་བོ་ཞིག་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་ནས་ཕེ་རི་སའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆིངས་ནས་ཕྱིར་འཐེན་གནང་རྗེས། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་པ་སོགས་གནད་ཡོད་མི་སྣ་མང་པོས་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱས།  འཛམ་གླིང་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཧི་ལིན་མོ་ཧྥོ་ཌི་(Helen Moutford) ལགས་ཀྱིས། ཕེ་རི་སའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་ནས་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བཏང་བ་དེ་ནོར་འཁྲུལ་་ཡིན་ལ། ད་ལྟའང་ནོར་གྱི་འདུག ཅེས་བརྗོད་འདུག་ལ། ཨ་རིའི་སྲིད་གཞུང་གསར་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་དེར་བསྔགས་བརྗོད་དང་གོ་ལའི་གནོད་སྐྱོན་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད་པའི་འཆར་གཞི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁོར་ཡུག་སྐོར་གྱི་ཁྲིམས་རྩོད་པ་སོགས་ནས་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ལ་ཨ་སྒོར་ཁྲག་ཁྲིག་ ༢ གཏོང་འཆར་ཡོད་པ་དེས་འདང་གི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese