མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་ཆོད་རྩིས་མེད་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༡ ཉིན་ཨོ་གླིང་གཞུང་གིས་རྒྱལ་ཡོངས་ཀྱི་ཁེ་ཕན་ལ་བལྟས་ཏེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལས་མཉམ་འབྲེལ་གྱི་གྲོས་ཆོད་རྩིས་མེད་བཏང་བ་གསལ་བསྒྲགས་གནང་བ་དེར་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོད་དྲག་པོ་བྱས་འདུག

དེའི་ཐད་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མེ་རི་སི་པེན་ (Marise Payne) ལགས་ཀྱིས། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ཨོ་གླིང་གྲོས་ཚོགས་ཀྱིས་དབུས་གཞུང་ལ་མངའ་སྡེ་ཁག་གི་ཕྱི་འབྲེལ་ཐག་གཅོད་ལ་ཐེ་གཏོགས་བྱེད་ཆོག་པའི་དབང་ཆ་སྤྲད་ཡོད་པར་བརྟེན། ད་ལྟ་མངའ་སྡེ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་གྱི་ཆོད་ཡིག་འཇོག་སྐབས་དབུས་གཞུང་ལ་ལམ་སྟོན་ཞུ་དགོས་པ་དང་། ཐེངས་འདིའི་དབུས་གཞུང་གི་གྲོས་ཆོད་གཉིས་རྩིས་མེད་བཟོས་པའི་ཐག་གཅོད་དེ་ནི་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་མུ་མཐུད་འཛིན་ཆེད་ཡིན་པ་ལས་རྒྱལ་ཁབ་བྱེ་བྲག་པར་ཁ་གཏད་གཅོག་ཐབས་ལ་དམིགས་པ་ཞིག་མིན་སྐོར་དང་། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་རྗེས། ཨོ་གླིང་གཞུང་གིས་རྒྱ་ནག་དང་མཉམ་འབྲེལ་བྱེད་ཕྱོགས་ལ་འགྱུར་བ་ཐེབས་ཏེ་དངོས་ཡོད་ཀྱི་ཐོག་ནས་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་འཛིན་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་གླིང་གི་སྲིད་བློན་སི་ཁོ་ཊི་མོ་རི་སོན་ (Scott Morrison) ལགས་ཀྱི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་རྒྱལ་ཁབ་རིམ་པའི་ཐོག་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཐོག་རྒྱུས་ལོན་གྲོས་ཆོད་ (MOU) འཇོག་རྒྱུར་དགག་བྱ་ཤུགས་ཆེན་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ སོ་སོར་ཨོ་གླིང་གི་ཝེག་ཊོ་རེ་ཡ་ (Victoria) མངའ་སྡེའི་ནང་འཛུགས་བསྐྲུན་ལས་གཞི་ཡར་རྒྱས་ཡོང་ཐབས་སུ་མངའ་སྡེའི་རིམ་པའི་ཐོག་རྒྱ་ནག་རྒྱལ་ཡོངས་ཡར་རྒྱས་དང་བཅོས་བསྒྱུར་ཚོགས་ཆུང་ (National Development and Reform Commission) ལ་ཕྱི་འབྲེལ་བཙུགས་ཏེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཉིས་ལ་རྒྱུས་ལོན་གྲོས་ཆོད་བཞག་ཡོད་པ་རེད།

ལས་གཞི་དེ་གཉིས་རྩིས་མེད་བཟོས་པའི་ཐད་ཁ་སང་ཕྱི་ཚེས་ ༢༡ ཉིན་ཨོ་གླིང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཡིག་ཐོག་ཏུ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨོ་གླིང་གཞུང་གི་ཐག་གཅོད་དེ་ནི་རྒྱུ་མཚན་གང་ཡང་མེད་པ་ཞིག་དང་། རྒྱ་ནག་གཞུང་ཕྱོགས་ལ་དོན་མེད་ཁོང་ཁྲོ་སློང་གཞི་གཞན་ཞིག་ཡིན་པ། ཐག་གཅོད་དེ་ལ་བརྟེན་ནས་ཨོ་གླིང་གཞུང་ལ་ཕྱོགས་གཉིས་དབར་གྱི་འབྲེལ་བ་ཡར་རྒྱས་གཏོང་བའི་ཀུན་སློང་གཙང་མ་ཞིག་མེད་པ་མཚོན་གྱི་ཡོད་སྐོར། དེ་བཞིན་ཐག་གཅོད་དེ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་སྔར་ལྷག་དོ་ཕོག་བཏང་བ་ཙམ་དུ་མ་ཟད། ཨོ་གླིང་གིས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་པ་ཞིག་ཡིན་སྐོར་སོགས་བཀོད་དེ་སྐྱོན་བརྗོད་དང་དགག་བྱ་བྱས་འདུག

ཨོ་གླིང་གི་ཐག་གཅོད་དེ་ལ་ཨོ་གླིང་བོད་དོན་ལས་འགུལ་ལྷན་ཁང་ (Australia Tibet Council) གིས་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་གའི་དྲ་ཐོག་ཏུ་བཀོད་འདུག་ལ། ཨོ་གླིང་གཞུང་གིས་མུ་མཐུད་ཁུང་ཙི་ལྟེ་གནས་ཁང་ཁག་ལ་བཞག་ཡོད་པའི་གྲོས་ཆོད་ཁག་ལའང་ཞིབ་འཇུག་ནན་མོ་བྱ་དགོས་པའི་དགོས་འདུན་བཏོན་འདུག ལས་འགུལ་ཁང་དེས་ལོ་མང་རིང་རྒྱ་ནག་གཞུང་གིས་ཨོ་གླིང་གི་ནང་ཐེ་ཇུས་དང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་ཐད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་རྩིས་མེད་བཟོ་བ་དང་། ཁུང་ཙི་ལྟེ་གནས་ཁང་ཁག་སྒོ་བརྒྱབ་དགོས་པའི་ལས་འགུལ་རིམ་པར་སྤེལ་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་འོག་གི་ལས་གཞི་གཉིས་རྩིས་མེད་བཟོས་པ་དེ་ཡིས་ཨོ་གླིང་གི་དཔལ་འབྱོར་ལ་གནོད་སྐྱོན་ཤུགས་ཆེན་མེད་སྐོར་ལ་སི་ཌི་ནི་ཚོང་རིག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཧན་སི་ (Hans Hendrischke) ཡིས། རྩིས་མེད་བཏང་བའི་ལས་གཞི་དེ་གཉི་ག་ཡུལ་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་མེད་སྟབས། གྲོས་ཆོད་རྩིས་མེད་བཟོས་པ་ཡིས་ཨོ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆུང་ངུ་ལས་ཐེབས་ཀྱི་མེད་པ་དང་། གྲོས་ཆོད་དེ་གཉིས་ཀྱི་ནང་ལས་གཞི་ཁག་ཁ་གསལ་གཏན་འབེབ་བྱུང་མེད་པ་མ་ཟད། ལས་གཞི་ཁག་ངེས་པར་དུ་བསྒྲུབ་དགོས་པ་གསལ་མེད་སྐོར་བརྗོད་འདུག

རྒྱ་ནག་ནི་ཨོ་གླིང་གི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། མཐོ་སློབ་ཁག་གི་ཕྱིའི་སློབ་མའི་ཡོངས་ཁུངས་ཆེ་ཤོས་དེ་ཆགས་ཡོད་ནའང་། ཕྱི་ལོ་ ༢༠༡༨ ལོར་ཨོ་གླིང་གིས་རྒྱ་ནག་གི་ཧཱ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གི་ཤུགས་ཚད་ ༥ པའི་དྲ་ལམ་ (5G) ཨོ་གླིང་ནང་གཏང་རྒྱུར་བཀག་འགོག་བྱས་པ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་མགོ་བརྩམས་ཡོད་པ་དང་། དེར་མཐུད་ཉེ་ལམ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྐྱེན་རྟོག་ཞིབ་དང་འབྲེལ་ནས་རྒྱལ་སྤྱིའི་ཆེད་མཁས་པའི་ཚོགས་ཆུང་ཞིག་རྒྱ་ནག་ནང་རྩད་གཅོད་བྱ་ཆེད་གཏང་དགོས་པའི་དགོས་འདུན་ཤུགས་ཆེན་བཏོན་པར་བརྟེན། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་ཚོང་འབྲེལ་སོགས་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པའི་འོག རྒྱ་ནག་གཞུང་གིས་ཨོ་གླིང་གི་རྒུམ་ཆང་དང་སོལ་བ་སོགས་ནང་འདྲེན་བཀག་འགོག་བྱས་ཏེ་རྒོལ་ལན་བསློགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese