མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཁྲིམས་འཆར་ནང་བོད་དོན་ཚུད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་ཐབས་ཇུས་ལྡན་པའི་ཁ་གཏད་ཁྲིམས་འཆར་ཞེས་རྒྱ་ནག་ལ་ཕྱི་སྲིད་ལས་དོན་ཐོག་ནས་ཁ་གཏད་གཅོག་ཐབས་ཀྱི་ཁྲོད་བོད་དང་ཧོང་ཀོང་། ཡུ་གུར་དང་ཐའེ་ཝན་བཅས་ཀྱི་གནད་དོན་ཚུད་ཡོད་འདུག

དེ་རིང་རྒྱ་གར་ཧིན་རྡུན་སི་ཐན་གསར་ཁང་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས། ཤོག་ངོས་ ༢༨༣ ཅན་གྱི་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཁྲིམས་འཆར་ཞིག་ངོ་སྤྲོད་བྱས་ཏེ།  ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་སྲིད་འཛིན་བྷའེ་ཌན་མཆོག་ནས་རྒྱབ་སྐྱོར་བཀའ་འཁྲོལ་འཐོབ་རྒྱུར་རེ་བ་འཆང་བཞིན་ཡོད་པ་དང་བསྟུན། ཁྲིམས་འཆར་དེའི་ནང་བོད་དང་ཡུ་གུར། ཐའེ་ཝན་དང་ཧོང་ཀོང་བཅས་ཀྱི་གནས་སྟངས་ཐད་རྒྱ་ནག་ལ་གནོད་ཤུགས་སྤྲོད་རྒྱུ་མཚོན་པའི་དཔལ་འབྱོར་དང་ས་ཁམས་ཆབ་སྲིད་རིག་པའི་ཐོག་ནས་རྒྱ་ནག་ལ་སྔར་ལྷག་ཁ་གཏད་གཅོག་འཆར་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཨ་རིས་དམངས་གཙོའི་ཆེ་མཐོང་གཙུག་ཏུ་བཀུར་ཏེ། རྒྱ་ནག་གིས་བོད་དང་ཧོང་ཀོང་། ཡུ་གུར་བཅས་ནང་རྣམ་པ་འདྲ་མིན་ཐོག་ནས་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་དང་། དམིགས་བསལ་ཨ་རིའི་གོ་ལའི་གསར་འགྱུར་ལས་དོན་ཚོགས་པས། རང་དབང་ལྡན་པའི་གསར་ཁང་ཁག་སྤྱི་དང་བྱེ་བྲག་ཏུ་ཨེ་ཤ་ཡ་རང་དབང་རླུང་ཁང་གི་བོད་སྐད་དང་རྒྱ་སྐད། དེ་བཞིན། ཡུ་གུར་དང་ཧོང་ཀོང་གི་སྡེ་ཚན་བཅས་ལ་རོགས་དངུལ་ཁ་སྣོན་གྱིས། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་གནས་ཚུལ་རྫུན་བཟོའི་ལམ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་སྤྲོད་ཀྱིན་ཡོད་པ་མཚམས་འཇོག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཁྲིམས་འཆར་དེ་ནི་ཨ་རིའི་སྲིད་འཛིན་བྷའེ་ཌན་གཞུང་གི་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་སྲིད་ཇུས་ཐོག་མ་དེ་ཆགས་སྲིད་ཀྱི་ཡོད་པ་ལྟར། ཁྲིམས་འཆར་ནང་ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཐུན་མོང་ནས། རྒྱ་ནག་གི་སྒེར་གཅོད་དབང་སྒྱུར་གྱི་མ་དཔེ་འཛམ་གླིང་ནང་ཁྱབ་བརྡལ་མཚམས་འཇོག་དང་། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཡུ་གུར་བཅས་ནང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ནས་དོ་མཉམ་འགན་བཞེས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་སྐོར་སོགས་བརྗོད་ཡོད་འདུག

ཁྲིམས་འཆར་ནང་། ཨ་རིས་རང་གི་ཁྲོམ་རའི་ནང་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ལོ་རེར་བསྐྱར་ཞིབ་བྱས་ཏེ། བཟོ་གྲྭ་ཁག་དེ་དག་ནས་བོད་དང་ཡུ་གུར་གཉིས་ཀྱི་གཙོས་རྒྱ་ནག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་དང་དེའི་ཆོས་དང་རིག་གཞུང་ལ་དྲག་གནོན་རམ་འདེགས་བྱས་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུ་ཡིན་ཞིང་། དམིགས་བསམ་ས་ཁུལ་ཆབ་སྲིད་ཀྱི་ཐོག་ནས་ཨ་རིས་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འབྲངས་པའི་བོད་མི་རྣམས་ཀྱི་དམངས་གཙོ་གོང་མཐོར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་བཀོད་ཡོད་པ་རེད།

ཁྲིམས་འཆར་འདིའི་ཐད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོའོ་ལི་ཅིན་ཟེར་བས། ཨ་རིའི་མི་ཁག་ཅིག་གིས་གྲང་དམག་སྐབས་ཀྱི་བསམ་བློ་དང་ཁེ་མེད་ཀྱི་ཁ་ཕྱོགས་དོར་ཏེ་རྒྱ་ནག་དང་མཉམ་འབྲེལ་བྱ་རྒྱུ་ལས་ལྡོག་སྟེ། རྒྱ་ནག་གི་མངོན་འདོད་དང་བདག་དབང་ལ་གནོད་གཞིར་གྱུར་བའི་ཁྲིམས་འཆར་འདོན་རྒྱུ་མཚམས་འཇོག་དགོས། ཞེས་ལན་འདེབས་བྱས་ཡོད་ནའང་། ཁྲིམས་འཆར་འདི་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མང་པོས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ཁྲིམས་འཆར་གྱི་ཁ་བྱང་ལ་ཐབས་ཇུས་ལྡན་པའི་ཁ་གཏད་ཁྲིམས་འཆར་ཞེས་བཏགས་ཡོད་འདུག

སྤྱིར་ཁྲིམས་འཆར་འདི་ཐོག་མར་འདོན་གནང་མཁན་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷའོ་བྷི་(Bob Menendez) ལགས་དང་ཆཱག་ཤའོ་མཱར་(Chuck Schumer) ལགས་གཉིས་ཀྱི་གཙོས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱུན་ལས་ནང་ཁྲིམས་འཆར་འདིའི་ཐོག་ཉན་ཞིབ་གྲོས་མོལ་ཚོགས་ཡོད་འདུག་ལ། མི་འགྱངས་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་གླེང་སློང་བྱ་རྒྱུ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese