མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་གཞུང་གསར་པའི་ཉིན་གྲངས་བརྒྱ་ཡི་ནང་གི་ལས་དོན་ཆེ་ཁག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་༤ ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་ཞུས་ཏེ་ཉིན་གྲངས་བརྒྱ་འཁོར་ཡོད་པ་དང་། ལས་དོན་བསམ་ཤོག་བསྡུས་པའི་ནང་སྲིད་འཛིན་བྷའེ་ཌིན་མཆོག་ལ་ཨ་རིའི་མི་སེར་དཀྱུས་མ་ཕལ་མོ་ཆེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་ལས་ཀྱང་དགའ་མོས་ཆེ་བ་བྱེད་ཀྱི་ཡོད་ཅིང་། ཁོང་གི་དལ་ལ་ངང་རྒྱུད་རིང་བའི་འཛིན་སྐྱོང་བྱེད་སྟངས་ཀྱིས་ཊོམ་ཕུ་མཆོག་གི་རྒྱུན་ཆད་མེད་པའི་རྙོག་དྲ་དག་མཚམས་འཇོག་བྱེད་དུ་བཅུག་ཡོད་པའི་ངོས་འཛིན་དང་སྦྲགས། སྲིད་འཛིན་གྱི་ལས་ཡུན་ཉིན་བརྒྱ་འཁོར་བ་དང་བསྟུན་གནད་དོན་དབྱེ་ཞིབ་པ་ཚོས་ཀྱང་སྲིད་འཛིན་མཆོག་གི་ཉིན་བརྒྱའི་ལས་དོན་ཁག་ལ་དབྱེ་ཞིབ་བྱེད་བཞིན་ཡོད་འདུག

ཏོག་དབྱིབས་གཉན་རིམས།

ཏོག་དབྱིབས་གཉན་རིམས་སྔོན་འགོག་ནི་སྲིད་འཛིན་བྷའེ་ཌིན་མཆོག་གི་ཉིན་བརྒྱའི་ནང་ལས་དོན་གལ་གནད་ཆེ་ཤོས་དེ་ཡིན་འདུག ཁོང་གི་འཛིན་སྐྱོང་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་བསྐྱར་དུ་འཛུལ་ཞུགས་བྱས་ཡོད་པ་མ་ཟད། སྲིད་འཛིན་གྱི་ལས་འཁུར་ཞུ་སྐབས། ཨ་རིའི་ནང་ཉིན་རེར་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ ༣༠༠༠ ཙམ་རྐྱེན་འདས་སུ་འགྲོ་བཞིན་ཡོད་ནའང་། འདས་པའི་བདུན་ཕྲག་གཅིག་གི་རིང་རྐྱེན་འདས་སུ་ཕྱིན་པ་ཆ་སྙོམས་ཀྱིས་ཉིན་རེར་མི་གྲངས་ ༧༠༧ ཙམ་ཡིན་ལ། མུ་མཐུད་རྐྱེན་འདས་སུ་ཕྱིན་པའི་གྲངས་ཚད་ཉུང་དུ་འགྲོ་ཡི་ཡོད་པ་དེ་ནི། ཁོང་གི་ཉིན་བརྒྱའི་ནང་སྔོན་འགོག་སྨན་ཁབ་ས་ཡ་ ༡༠༠ བརྒྱབ་ཐུབ་པ་གནང་རྒྱུའི་རེ་འདོད་དེ་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། སྲིད་འཛིན་མཆོག་གི་སྐུལ་འདེད་འོག་ཏོག་དབྱིབས་གཉན་རིམས་འགོག་བཅོས་ཀྱི་ལས་དོན་ཆེད་ཨ་རིའི་གྲོས་ཚོགས་ནས་ཨ་སྒོར་ ༡.༩(Trillion)བཀའ་འཁྲོལ་གནང་ཡོད་པ་རེད།

སྐྱབས་བཅོལ་བའི་དཀའ་རྙོག
སྲིད་འཛིན་བྷའེ་ཌིན་མཆོག་ནས་ལས་འཁུར་ཞུས་པ་ནས་བཟུང་མེག་སི་ཀོ་ (Mexico) ཡི་གཙོས་དཀྱིལ་དབུས་ཁུལ་གྱི་སྐྱབས་བཅོལ་བ་རྣམས་ཀྱི་མཐོང་སྣང་ལ་བྷའེ་ཌིན་སྲིད་གཞུང་གིས་སྐྱབས་བཅོལ་བར་སྣེ་ལེན་བྱེད་ཀྱི་ཡོད་པ་དང་། སྲིད་ཇུས་གསར་པའི་འོག་མེག་སི་ཀོ་རྒྱལ་མཚམས་བརྒལ་ནས་ཡོང་མཁན་གྱི་བྱིས་པ་ཚོར་གུ་ཡངས་ཡོད་པ་སོགས་ཀྱི་མཐོང་སྣང་ཞིག་བྱུང་ཡོད་པ་ལ་བརྟེན། ཉེ་ལམ་ཡིག་ཆ་མེད་པའི་སྐྱབས་བཅོལ་བ་ས་མཚམས་བརྒྱུད་ཡོང་མཁན་ཆེས་མང་ཤོས་སུ་གྱུར་ཡོད་པ་དང་། ཉིན་ཤས་གོང་སྲིད་འཛིན་བྷའེ་ཌིན་མཆོག་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་པའི་ཟླ་ཤས་རིང་མེག་སི་ཀོ་ས་མཚམས་བརྒྱུད་སྐྱབས་བཅོལ་བ་མི་གྲངས་ཁྲི་ ༡༧ ལྷག་ཨ་རིའི་ནང་བསླེབས་ཡོད་པ་རེད་ལ། ཁོང་གིས་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ་ས་མཚམས་སུ་ཁ་བྲལ་དུ་སོང་བའི་ཁྱིམ་མི་ངོས་འཛིན་དང་མཉམ་འཛོམས་ཐུབ་ཐབས་ཀྱི་ལས་དོན་མགོ་འཛུགས་བྱས་ཡོད་འདུག དེ་བཞིན་དེ་སྔོན་ཊོམ་ཕུ་སྲིད་གཞུང་གིས་ཨ་རི་དང་མེག་སི་ཀོ་ས་མཚམས་སུ་རྩིག་གྱང་བསླངས་བའི་ལས་དོན་ཆ་ཚང་མཚམས་འཇོག་བྱས་པ་དང་། ཨ་ཧྥི་རི་ཁ་སོགས་ཀྱི་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་ལ་འགྲིམ་འགྲུལ་གྱི་ཆོག་མཆན་སྤྲོད་མཚམས་བཞག་པའི་སྲིད་ཇུས་དེ་མཚམས་འཇོག་བྱས་ཡོད་འདུག སྤྱིར་ཁོང་གིས་སྐྱབས་བཅོལ་དང་འབྲེལ་ནས་ཁས་ལེན་དོན་ཚན་བཅུ་བདུན་ཡོད་པའི་ཁྲོད་ནས་དོན་ཚན་བདུན་ཡོངས་སུ་གྲུབ་ཡོད་འདུག
དཔལ་འབྱོར་ཉེན་སྐྱོབ།

ཁོང་གི་ལས་དོན་གལ་གནད་ཆེ་ཤོས་གཉིས་པ་ནི་གཉན་རིམས་དེ་ལ་བརྟེན་ནས་བྱུང་བའི་ད་ལྟའི་དཔལ་འབྱོར་གྱི་གནས་བབ་བསྐྱར་གསོ་བྱེད་པ་དེ་ཆགས་ཡོད་པ་རེད། ད་ལྟ་སྔོན་འགོག་སྨན་ཁབ་མུ་མཐུད་རྒྱག་གི་ཡོད་པ་དང་རྐྱེན་འདས་སུ་འགྲོ་བའི་མི་གྲངས་ཀྱང་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་སྤྱི་ཚོགས་ཁྲོད་དུ་ཨ་རིའི་དཔལ་འབྱོར་མུ་མཐུད་མདུན་དུ་སྐྱོད་མགོ་བརྩམས་པའི་ངེས་ཤེས་སྐྱེ་ཡི་ཡོད་པ་དང་། སྲིད་འཛིན་བྷའེ་ཌིན་མཆོག་གིས་ལས་འཁུར་ཞུ་སྐབས་གཉན་རིམས་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་ལམ་ཁག་འགག་ཡོད་ནའང་། བྷའེ་ཌིན་སྲིད་གཞུང་གིས་ཨ་རིའི་དཔལ་འབྱོར་མུ་མཐུད་ཡར་རྒྱས་འགྲོ་ཐབས་སུ་ཕྱི་ཟླ་ ༢ པའི་ནང་ཨ་སྒོར་དུང་ཕྱུར་ ༡༠༠༠ ཙམ་གྱི་ངལ་སེལ་རོགས་དངུལ་སྤྲོད་པར་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་སྟེ། ཨ་རིའི་ལས་མེད་དང་ཚོང་ལས་གཉེར་མཁན་ལ་མ་འཛུགས་བྱེད་པ་དང་། བྱིས་པ་ལྟ་སྐྱོང་སོགས་ཀྱི་ཐད་རོགས་དངུལ་སྤྲད་པ་སོགས་ལ་བརྟེན་ནས་ནད་ཡམས་སྐབས་ཀྱི་ཨ་རིའི་གཞོན་སྐྱེས་ཀྱི་ལས་མེད་གྲངས་ཕྱེད་ཀ་ཙམ་ཉུང་དུ་བཏང་ཡོད་འདུག་ལ། དཔལ་འབྱོར་གནད་དོན་དབྱེ་ཞིབ་པས་འདི་ལོར་ཨ་རིའི་དཔལ་འབྱོར་གྱི་ཡར་རྒྱས་བརྒྱ་ཆའི་ ༦ འཕར་ཏེ་ཕྱི་ལོ་ ༡༩༨༠ ནང་ནས་བཟུང་བྱུང་མ་མྱོང་བའི་དཔལ་འབྱོར་གྱི་ཡར་རྒྱས་ཞིག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག

ཁོར་ཡུག་སྲུང་སྐྱོབ།

སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་སྐབས་ནས་བཟུང་སྲིད་འཛིན་བྷའེ་ཌིན་མཆོག་ནས་གནམ་གཤིས་འགྱུར་ལྡོག་ནི་གོ་ལར་འཕྲད་བཞིན་པའི་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་པ་ནན་བརྗོད་གནང་ཡོད་པ་ལྟར། སྲིད་འཛིན་ལས་འཁུར་གྱི་རྗེས་སུ་འཕྲལ་དུ་ཕ་རི་སི་གནམ་གཤིས་སྤྱི་ཆིངས་ (Paris Climate Accord) ནང་བསྐྱར་དུ་འཛུལ་ཞུགས་བྱས་ཡོད་པ་མ་ཟད། ཁེ་ན་ཌ་ནས་ཨ་རི་དབར་གྱི་སྣུམ་འདྲེན་སྦུགས་ལམ་ (Keystone XL) འཛུགས་བསྐྲུན་གྱི་ལས་གཞི་མཚམས་འཇོག་བྱས་ཡོད་པ་རེད། དེ་བཞིན་ཉེ་ལམ་བྷའེ་ཌིན་སྲིད་གཞུང་གིས་ཕྱི་ལོ་ ༢༠༣༠ ལོ་བར་དུ་ཨ་རིའི་ནང་གི་ནག་རྫས་དུག་རླངས་ཕྱིར་འདོན་གྱི་བརྒྱ་ཆའི་ ༥༠ ཉུང་དུ་གཏང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་དང་། འདི་ལོའི་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་དང་བསྟུན་གནམ་གཤིས་འགྱུར་ལྡོག་སྐོར་ལ་དྲ་ལམ་བརྒྱུད་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གོ་སྒྲིག་གནང་བ་སོགས་ལ་བརྟེན། སྲིད་འཛིན་བྷའེ་ཌིན་མཆོག་ནས་གོ་ལའི་ཁོར་ཡུག་གི་སྲིད་ཇུས་ཐོག་ཨ་རིས་སྣེ་ཁྲིད་གནང་གི་ཡོད་པ་བསྟན་ཡོད་པ་མཚོན་གྱི་ཡོད་པའི་ངོས་འཛིན་བསྐྱར་དུ་ཐོབ།

ཕྱི་འབྲེལ་སྲིད་ཇུས།

ཨ་རིའི་ཕྱི་སྲིད་ལས་དོན་དང་འབྲེལ་ནས་སྲིད་འཛིན་བྷའེ་ཌིན་མཆོག་ནས་ཊོམ་ཕུ་སྲིད་གཞུང་གི་ཨ་རི་དང་པོའི་ (America first) སྲིད་ཇུས་དོར་ཏེ། ཨུ་རུ་སུའི་ཐོག་ལ་ཨ་རིའི་སྲིད་འཛིན་སྔོན་མ་དག་ལས་ཀྱང་མཁྲེགས་པའི་སྲིད་ཇུས་བཟུང་སྟེ། ཨུ་རུ་སུའི་འབྲེལ་ཡོད་མི་སྣར་དཔལ་འབྱོར་གྱི་ཉེས་ཆད་གཅོད་པ་དང་། ཨ་ཧྥེ་གྷ་ནེ་སི་ཐན་ (Afghanistan) ནང་གི་ཨ་རིའི་རོགས་དམག་ཕྱིར་འཐེན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྩོད་གླེང་བྱས་ཏེ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་བསྟུན། ཕྱོགས་ཡོངས་ནས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་བསྐྱར་དུ་མཉམ་འབྲེལ་གྱི་སྲིད་ཇུས་ལག་བསྟར་གནང་སྟེ། འཛམ་གླིང་གི་དམངས་གཙོ་དང་དབང་ཆ་གཅིག་སྡུད་ལམ་ལུགས་གཉིས་ཀྱི་འགྲན་རྩོད་ནང་མཉམ་ཞུགས་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

ནང་སྲིད་ཀྱི་ལས་དོན།
སྲིད་འཛིན་བྷའེ་ཌིན་མཆོག་གིས་མཚན་མ་འགྱུར་བའི་སྐྱེ་བོ་རྣམས་དམག་ཁོངས་སུ་ཞུགས་མི་ཆོག་པའི་ཁྲིམས་སྒྲིག་རྩིས་མེད་བཟོས་ཡོད་པ་དང་། མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཐད་སེར་ཇོར་ཇི་ཧྥི་ལོཌ་དྲང་བདེན་ལས་འགུལ (George Floyd Justice) ལ་རྒྱབ་སྐྱོར་བྱས་ཏེ་ཕོ་བྲང་དཀར་པོའི་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་བཙུགས་ཏེ། ཉེན་རྟོག་པའི་སྒྲིག་གཞི་ལ་བསྐྱར་བཅོས་གཏང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་ཨ་རིའི་ཆང་རག་དང་ཐ་མག མེ་མདའ་དང་འགག་རྫས་སོགས་ཚོང་བསྒྱུར་བྱེད་ཕྱོགས་དང་བདག་ཉར་བྱེད་ཕྱོགས་སོགས་ཀྱི་ཐད་ཁྲིམས་བསྐྱར་བཅོས་གང་ཡང་འཁྱེར་ཡོང་ཐུབ་མི་འདུག

ཚོང་འབྲེལ་ཐབས་ལམ།

ཨ་རིའི་སྲིད་འཛིན་སྔོན་མ་དག་གིས་རྒྱལ་ཁབ་ཕན་ཚུན་དབར་རྒྱལ་ཁྲལ་ཆུང་བའི་ཚོང་འབྲེལ་གྱིས་ཨ་རི་ལ་ཁེ་ཕན་བསྐྲུན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་ཆོད་གན་བཞག་པ་ཡིས་ཨ་རིའི་ཁྲོམ་ར་སྒོ་འབྱེད་དང་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་པའི་ཡིད་ཆེས་བྱས་ཡོད་ཀྱང་།  སྲིད་འཛིན་ཟུར་པ་ཊོམ་ཕུའི་གཞུང་འཛིན་གྱིས་རྒྱལ་ཁབ་མང་པོ་ཞིག་ལ་རྒྱལ་ཁྲལ་བཀལ་ཏེ་ཨ་རིའི་དཔལ་འབྱོར་སྲུང་སྐྱོབ་དང་ཁེ་ཕན་བསྒྲུབ་ཐབས་བྱས་ཡོད་པ་རེད། སྲིད་འཛིན་བྷའེ་ཌིན་གྱིས་ཉིན་བརྒྱའི་རིང་ཊོམ་ཕུ་སྲིད་གཞུང་གིས་རྒྱ་ནག་ལ་རྒྱལ་ཁྲལ་འགེལ་བའི་དཔལ་འབྱོར་གྱི་སྲིད་ཇུས་དེ་དག་ལ་བསྒྱུར་བཅོས་ཕྲན་བུ་ལས་མ་བཏང་བར་རང་སོར་བཞག་ཡོད་པ་མ་ཟད། ཉེ་ལམ་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཡུ་ཨེ་ཨི་ (UAE) ཡི་ཐོག་ཧ་ཡང་གི་རྒྱལ་ཁྲལ་བསྐྱར་དུ་བཀལ་ཡོད་པ་རེད་ལ། བྷའེ་ཌིན་སྲིད་གཞུང་གིས་རྒྱལ་ཁྲལ་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པའི་བྱེད་ལུགས་དེ་འདོར་འདོད་ཀྱི་རྣམ་པ་ཞིག་མཐོང་གི་མེད་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese