མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་ས་མཚམས་ཉེན་རྟོག་པས་ཏོག་དབྱིབས་ནད་པར་མཐུན་འགྱུར་གནང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༣ ཉིན་ནས་བཟུང་བོད་ཧིན་ས་མཚམས་ཉེན་རྟོག་ཁང་གིས་གཉེར་བཞིན་པའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏོག་དབྱིབས་ནད་པའི་ལྟ་སྐྱོང་ལྟེ་གནས་(The Sardar Patel Covid Care Centre)ཀྱིས། ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་འོག་སྲོག་རླུང་ཡོས་ཆས་ ༥༠༠ དང་ཉལ་ཁྲི་བཅས་མཐུན་འགྱུར་གནང་སྟེ་དེ་རིང་གཅིག་པུར་ཉུང་མཐར་ཏོག་དབྱིབས་ནད་པ་ ༡༡༠ ལྟ་སྐྱོང་ནང་བླངས་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་ནད་པའི་ལྟ་སྐྱོང་ལྟེ་གནས་ཁང་དེས་རོགས་རམ་བྱས་པ།

བོད་ཧིན་ས་མཚམས་ཀྱི་ཉེན་རྟོག་ཚན་པའི་དཔོན་པོ་གྷོ་ཡལ་ (D K Goyal) ལགས་ཀྱིས། ནད་པའི་སྲོག་རླུང་ཚད་གཞི་ ༨༥ དང་དེ་ལས་མང་བ་ཡོད་པ་རྣམས་ལྟེ་གནས་དེས་དྭང་ལེན་གནང་གི་ཡོད་ཀྱང་། དེ་ནི་ནད་པར་ལྟ་སྐྱོང་ལྟེ་གནས་ཤིག་ཡིན་པ་ལས་སྨན་ཁང་ཞིག་མིན་པས། ཛ་དྲག་ནད་པ་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་ག་དགོས་མཁན་ཚོས་ཐད་ཀར་སྨན་ཁང་ལ་འབྲེལ་བ་བྱེད་དགོས་སྐོར་བརྗོད་འདུག་ལ། འདས་ལོར་རྒྱ་གར་ནང་ཏོག་དབྱིབས་འགོས་ཁྱབ་བྱུང་སྐབས་ཀྱང་། ལྟེ་གནས་ཁང་དེས་ནད་པ་ཉལ་ས་གཅིག་ཁྲི་ཙམ་མཁོ་སྤྲོད་བྱས་ཏེ་ནད་པ་སྟོང་ཕྲག་མང་པོ་དྲག་སྐྱེད་བྱུང་ཡོད་འདུག

ཏོག་དབྱིབས་ནད་པའི་ལྟ་སྐྱོང་ལྟེ་གནས་དེས་ནད་པའི་ལོ་དང་ཁ་བྱང་། ཁ་པར་ཨང་གྲངས། སྲོག་རླུང་གི་གནས་ཚད་དང་འཕར་རྩ་སོགས་ཀྱི་གནས་སྟངས་རྒྱུས་ལོན་བྱས་རྗེས་གཞི་ནས་ཚད་གཞི་ཟིན་པའི་ནད་པ་རྣམས་དྭང་ལེན་གནང་གི་ཡོད་འདུག་ལ། བོད་ཧིན་ས་མཚམས་ཀྱི་ཉེན་རྟོག་ཚན་པ་དང་མཐའ་སྲུང་དམག་མི། སྨན་པ། སྨན་ཞབས། དེ་བཞིན་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་བྱེད་པ་བཅས་ལ་ལྟེ་གནས་དེས་ཉལ་ཁྲི་མང་བ་མཁོ་སྤྲོད་གནང་གི་ཡོད་འདུག

ལྡི་ལིའི་བློན་ཆེན་ཨར་ཝིན་ཌི་ཀི་ཇི་རི་ཝལ་ (Arvind Kejriwal) ལགས་ཏོག་དབྱིབས་ནད་པའི་ལྟ་སྐྱོང་ལྟེ་གནས་དེར་ཡོང་སྟེ། སྲིད་གཞུང་དཀའ་ངལ་འཕྲད་པའི་སྐབས་སུ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། ནད་པའི་འདྲུད་འཁོར་ཉལ་ཁྲི་ (ICU beds) ༢༠༠ གྲ་སྒྲིག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་ནང་ཏོག་དབྱིབས་ནད་པ་འབུམ་གསུམ་(༣༩༢༤༨༨)ལྷག་བྱུང་ཡོད་པ་དང་། ནད་པ་ ༣༦༨༩ འདས་གྲོངས་སུ་ཕྱིན་ཡོད་འདུག རྒྱ་གར་ནང་དུ་ཏོག་ནད་ཅན་མང་དུ་ཕྱིན་པའི་རྐྱེན་གྱིས་མངའ་སྡེ་མང་པོའི་ནང་དུ་སྲོག་རླུང་གིས་མ་འདང་བར་ནད་པ་མང་པོ་འདས་གྲོངས་སུ་འགྲོ་ཡི་ཡོད་སྟབས། མུ་དྷི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་ཡོད་འདུག ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་དབུས་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་ལྷན་ཁང་གིས། སྲོག་རླུང་ཡོ་ཆས་ཁྲི་ ༥ (metric tonnes)ནང་འདྲེན་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། གཞུང་དང་སྒེར་གྱི་སྨན་ཁང་ཁག་གི་ནང་སྲོག་རླུང་ཡོ་ཆས་དང་ཉལ་ཁྲིས་མ་འདང་བའི་དཀའ་ངལ་ཤུགས་ཆེན་ཡོང་གི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese