མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཨ་རི་བ་ཞིག་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིར་ལངས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་ཨོ་ཧ་ཡོ་ (Ohio) མངའ་སྡེའི་ནང་གི་སིན་སིན་ན་ཊི་ (Cincinnati) གྲོང་ཁྱེར་སྤྱི་ཁྱབ་པའི་འོས་མིར་ལངས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཁོང་འོས་མི་ ༦ གི་ནང་ནས་འོས་གྲངས་མཐོ་ཤོས་གཉིས་ཀྱི་ནང་ཚུད་ཚེ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་གྱི་དངོས་གཞིའི་འོས་བསྡུའི་ནང་ཞུགས་ཐུབ་ཀྱི་ཡོད་འདུག

ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱི་དྲིལ་བསྒྲགས་དྲ་ཚིགས་སྟེང་དུ། གལ་སྲིད་ཁོང་ལ་འོས་འཐོབ་ཚེ། གྲོང་ཁྱེར་དེའི་ཁུལ་གྱི་དཔལ་འབྱོར་བསྐྱར་གསོ་བྱས་ཏེ་མི་མང་གི་འཚོ་བ་ཇེ་ལེགས་སུ་གཏང་རྒྱུ་དང་། ས་གནས་ཉེན་རྟོག་ལས་ཁུངས་ལ་བསྐྱར་བཅོས་དང་སྤྱི་བདེའི་ལས་དོན་ཚགས་ཚུད་དུ་གཏང་སྟེ། ཁྱིམ་ཚང་རེ་རེའི་ཉེ་འཁོར་ལ་བདེ་འཇགས་བསྐྲུན་རྒྱུ་དང་། དེ་བཞིན་རིན་གོང་སྟབས་བདེ་ཡིན་པའི་སྡོད་ཁང་གང་མང་གསར་འཛུགས་དང་སྤྱི་པའི་འགྲིམ་འགྲུལ་ཡར་རྒྱས་གཏང་རྒྱུ་ཡིན་པའི་བསྒྲགས་གཏམ་དོན་ཚན་གསུམ་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་ཀརྨ་ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་བ་ཊུའུ་ཝེ་ཊུར་སྟེང་། ཐོག་མར་སིན་སིན་ན་ཊི་ (Cincinnati) གྲོང་ཁྱེར་སྤྱི་ཁྱབ་པའི་འོས་མིར་ལངས་བ་ཡོངས་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་ཧ་ཅང་དཀའ་ཁག་ཆེ་བའི་ལོ་གཅིག་གི་རྗེས། ད་དུང་མུ་མཐུད་དཀའ་ཁག་དེ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། ང་ཚོའི་རྒྱལ་ཁབ་གཉན་འཕྲང་གི་དུས་ཚོད་ཞིག་གི་ནང་ལྷུང་ཡོད་པ་མ་ཟད། ང་ཚོའི་གྲོང་ཁྱེར་ཡང་གཅིག་མཚུངས་ཀྱི་གནས་སྟངས་འོག་ལྷུང་ཡོད་པ་རེད། དེར་བརྟེན་ངས་རང་ཉིད་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་མིར་ལངས་བ་གསལ་བསྒྲགས་བྱེད་ཀྱི་ཡོད། ཅེས་བཀོད་འདུག

ཨ་རིའི་ནང་གི་རྒྱ་གར་བའི་ཚོགས་སྡེ་ཆེ་ཤོས་ཨིམ་པེག་ཊི་ (IMPACT) ཡི་འགན་འཛིན་དང་རྒྱབ་སྐྱོར་བ་མ་ཁི་ཇཱ་ (Makhija) ཡིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུའུ་ཝེ་ཊུར་སྟེང་། ཀརྨ་ལགས་གྲོང་ཁྱེར་སྤྱི་ཁྱབ་པ་ཆགས་ཚེ། གྲོང་ཁྱེར་འདིའི་ཡུལ་མི་ཀུན་ལ་སྤྱི་ཡོངས་ནས་ཁེ་ཕན་ཞིག་བསྐྲུན་ཐུབ་པའི་གདེང་ཚོད་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་ཉམས་ཆག་བྱུང་བའི་དཔལ་འབྱོར་བསྐྱར་གསོ་སོགས་བྱེད་ཐུབ་ངེས་ཡིན་པར་བརྟེན། འོས་བསྡུ་མཇུག་མ་བསྒྲིལ་བར་དུ་ཨ་རིའི་རྒྱ་གར་བ་ཚོས་མུ་མཐུད་ཀརྨ་ལགས་ལ་རྒྱབ་སྐྱོར་བྱ་འདོད་ཡོད་སྐོར་སོགས་བྲིས་འདུག

ད་ལྟ་ཀརྨ་ལགས་ནི་ཨ་རིའི་ཨོ་ཧའོ་མངའ་སྡེའི་ཧ་མིལ་ཊོན་ (Hamilton County) རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཆེན་མོ་ཡིན་འདུག་ལ། ཕྱི་ལོ་ ༢༠༢༥ ལོར་ཁོང་གི་ལས་ཡུན་དེ་རྫོགས་ཀྱི་ཡོད་འདུག དེ་ནི་ས་གནས་སུ་ལོ་ངོ་ ༡༠༠ ལྷག་གི་རིང་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་ཁྲིམས་དྲུང་ཆེན་མོར་བསླེབས་པ་ཐོག་མ་དེ་ཆགས་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཁོང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་ཏེ་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་བ་ཐེངས་དང་པོ་ཆགས་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཁོང་གིས་རང་ཉིད་ཀྱི་ཕ་མའི་མི་རིགས་ལ་བརྟེན། ཁོང་བོད་མི་ཨ་རི་བ་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པར་སྤོབས་པ་སྐྱེས་ཀྱི་ཡོད་སྐོར་དང་། ཁོང་ནི་ཁོང་གི་རིག་གཞུང་དང་མི་རིགས་བཅས་ལ་ཧ་ཅང་སྤོབས་པ་ཡོད་སྐོར་བརྗོད་ཡོད་པ་རེད།

རང་ལོ་ ༣༨ ཡིན་པའི་ཀརྨ་ལགས་ཀྱི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས་ཏེ། ཕྱིས་སུ་ལྡི་ལི་མཐོ་སློབ་ནང་སློབ་སྦྱོང་བྱེད་སྐབས། རྒྱ་གར་པན་ཇབ་མི་རིགས་ཡིན་པ་བྷི་རིག་ཨ་རྗེ་ཐི་སིང་ (Brig Ajit Singh) ཞེས་པ་དང་ཐུག་ནས་གཉེན་སྒྲིག་བྱས། ཕྱིས་སུ་ཨ་རིར་གནས་སྤོར་བྱས་ཏེ་ཕྱི་ལོ་ ༡༩༨༢ ལོར་ཀརྨ་ལགས་ཨོ་ཧའོ་ཞེ་ནི་ཡ་ (Xenia) གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། ཁོང་གིས་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་ ༡༩༩༤ ལོར་ཁོང་དགུང་གྲངས་ ༡༣ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་(Dr. Whitney June Whitis)དང་གཉེན་སྒྲིག་བྱས་ཏེ། ལོ་གཅིག་ཡིན་པའི་བུ་ཆུང་བྷོ་དྷི་ (Bodhi) ཞེས་པ་ཞིག་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༩ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༩ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 2

  1. Sonam Gyaltsen says:
    ལོ་ 5 སྔོན།

    ༼བོད་རིགས་ཨ་རི་བ་ཞིག་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིར་ལངས་འདུག༽ དུད་བབ་ཚང་ར་བཟི་མ་རེད་པ་ ! ར་མ་ལུག་ཨ་རི་བ་ཞིག་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིར་ལངས་འདུག ?

    Reply
  2. སྲས་སྐུ་ངོ་།་ says:
    ལོ་ 5 སྔོན།

    བོད་རིགས་མ་རེད། རྒྱ་གར་ཁ་ཆེ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese