མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་ཐོན་རིམ་ལྔ་བའི་དྲ་ལམ་འཛུགས་སྐྲུན་ལས་གཞིའི་ནང་རྒྱ་ནག་གི་བཟོ་གྲྭ་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་གི་རྒྱང་འཕྲིན་ལས་ཁུངས་ (Department of Telecom) ངོས་ནས་རྒྱ་གར་གྱི་རྒྱང་འཕྲིན་བཟོ་གྲྭ་བཞི་ལ། རྒྱ་གར་ནང་ཐོན་རིམ་ ༥ པའི་སྐུད་མེད་དྲ་ལམ་ (5G network) འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གཞི་དངོས་སུ་མགོ་རྩོམ་པའི་ཆོག་མཆན་སྤྲད་ཡོད་ནའང་། ཚོད་ལྟའི་ལས་གཞིའི་ནང་རྒྱ་ནག་གི་འཕྲུལ་རིག་བཟོ་གྲྭ་ཧྭ་ཝེ་ (Huawei) དང་ཛི་ཊི་ཨི་ (ZTE) རྒྱང་འཕྲིན་བཟོ་གྲྭ་གཉིས་ཚུད་མེད་པར་རྒྱ་ནག་གཞུང་གིས་དགག་བྱ་ཆེན་པོ་བཏོན་ཡོད་འདུག

དབུས་རྒྱང་འཕྲིན་ལས་ཁུངས་ངོས་ནས་ཐོན་རིམ་ ༥ པའི་སྐུད་མེད་དྲ་ལམ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གཞི་དེ། རྒྱ་གར་གྱི་སྒེར་གཉེར་ཨེར་ཊལ་ (Airtel) རྒྱང་འཕྲིན་བཟོ་གྲྭ་དང་། རི་ལན་སི་ཇིའོ་ (Reliance Jio)། དེ་བཞིན་ཝོ་ཌ་ཧྥོན་ཨའེ་ཌི་ཡ་ (Vodafone Idea) དང་། གཞུང་གཉེར་མ་ཧཱ་ན་གྷར་རྒྱང་འཕྲིན་བཟོ་གྲྭ་ (Mahanagar Telephone Nigam Limited,MTNL) བཅས་ལ་ཆོག་མཆན་སྤྲད་ཡོད་ཅིང་། སྒེར་གཉེར་བཟོ་གྲྭའི་ཁྲོད་ནས་ཇིའོ་ཡིས་རང་གིས་བཟོ་སྐྲུན་བྱས་པའི་འཕྲུལ་རིག་མ་ལག་བཀོལ་སྤྱོད་བྱ་རྒྱུ་དང་། གཞན་གསུམ་གྱིས་སེ་ཝེ་ཌན་ལ་རྟེན་གཞི་བྱས་པའི་ཨེ་རིག་སན་ (Ericsson) བཟོ་གྲྭ་དང་། ཧྥིན་ལན་ཌིའི་ནོ་ཀི་ཡ་(Nokia)། ལྷོ་ཀོ་རི་ཡའི་སེམ་སང་ (Samsung) བཟོ་གྲྭ་བཅས་དང་མཉམ་འབྲེལ་བྱ་རྒྱུ་ཡིན་འདུག

དེ་འབྲེལ་ཐད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། རྒྱ་ནག་གི་རྒྱང་འཕྲིན་བཟོ་ལས་ཁང་རྣམས་རྒྱ་གར་གྱི་བཟོ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་ཐོན་རིམ་ ༥ པའི་སྐུད་མེད་དྲ་ལམ་གྱི་ཚོད་ལྟའི་ལས་གཞིའི་ནང་བཅུག་མེད་པ་དེར་བློ་འཚབ་དང་བློ་འགྱོད་ཆེན་པོ་བྱུང་། ཞེས་དང་།  འདས་པའི་ལོ་དུ་མའི་རིང་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་གིས་རྒྱ་གར་ནང་ལས་ཀ་མཁོ་འདོན་དང་། རྒྱ་གར་གྱི་འཛུགས་སྐྲུན་དང་རྒྱང་འཕྲིན་ཚན་པར་ཕན་ཐོགས་གང་འཚམ་བྱས་ཡོད། ད་ཐེངས་རྒྱ་ནག་གི་བཟོ་གྲྭ་རྣམས་རྒྱ་གར་གྱི་སྐུད་མེད་དྲ་ལམ་ཚོད་ལྟའི་ལས་གཞི་ནས་ཕུད་པ་དེས་ཁོ་ཚོའི་ཐོབ་ཐང་དང་ཁེ་དབང་ལ་དོ་ཕོག་གཏོང་གི་ཡོད་པ་མ་ཟད། རྒྱ་གར་གྱི་ཚོང་གི་ཁོར་ཡུག་ཡར་རྒྱས་ཐད་གྱོད་གུད་ཆེན་པོ་ཐེབས་རྒྱུ་རེད། ཅེས་བློ་ཕམ་ཡོད་སྐོར་བརྗོད་འདུག

སྤྱིར་རྒྱ་གར་གཞུང་གིས་གཞུང་འབྲེལ་ཐོག་ནས་རྒྱ་གར་གྱི་རྒྱང་འཕྲིན་བཟོ་གྲྭ་རྣམས་ཀྱིས་ཧྭ་ཝེ་དང་ཛི་ཊི་ཨི་ཡིས་མཚོན་པའི་རྒྱ་ནག་གི་བཟོ་ལས་ཁང་གི་འཕྲུལ་རིག་བཀོལ་སྤྱོད་མི་ཆོག་པའི་བཀའ་རྒྱ་བཏང་མེད་ལ། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ པའི་ནང་རྒྱ་གར་གྱི་དབུས་རྒྱང་འཕྲིན་ལས་ཁུངས་ཀྱིས་ཧྭ་ཝེ་དང་ཛི་ཊི་ཨི་ཚུད་པའི་བཟོ་གྲྭ་ཚང་མ་རྒྱ་གར་གྱི་ཐོན་རིམ་ ༥ པའི་སྐུད་མེད་དྲ་ལམ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གཞིར་ཞུགས་ཆོག་སྐོར་བརྗོད་ཡོད། འོན་ཀྱང་། ད་ལན་ཚོད་ལྟའི་ལས་གཞི་གཉེར་མཁན་གྱི་རྒྱ་གར་གྱི་རྒྱང་འཕྲིན་བཟོ་གྲྭ་རྣམས་ཀྱིས་རྒྱ་ནག་གི་བཟོ་ལས་ཁང་གཅིག་ལའང་མཉམ་འབྲེལ་བྱས་མེད་ལ། དེ་དག་གི་འཕྲུལ་རིག་བཀོལ་སྤྱོད་བྱ་རྒྱུའི་ཆོག་མཆན་ཡང་ཞུས་མེད་པར་བརྟེན། རྒྱ་ནག་གི་བཟོ་གྲྭ་གཅིག་ཀྱང་ལས་གཞི་དེའི་ནང་ཚུད་མེད་པ་རེད།

ཕྱོགས་གཅིག་ནས་འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་གཞུང་གིས་རྒྱང་འཕྲིན་ཚན་པའི་བདེ་འཇགས་སོགས་ལ་དམིགས་ཏེ། འདི་ལོའི་ཕྱི་ཟླ་ ༧ ནས་བཟུང་རྒྱ་གར་གྱི་རྒྱང་འཕྲིན་བཟོ་གྲྭ་རྣམས་ཀྱིས་ཕྱིའི་བཟོ་གྲྭ་ཁག་གི་འཕྲུལ་རིག་བཀོལ་སྤྱོད་ཀྱི་ཐད་ལ་ཚོད་འཛིན་བྱ་རྒྱུ་ཡིན་པ་མ་ཟད། གཞུང་ངོས་ནས་ཡིད་ཆེས་འཕེར་བའི་ཕྱིའི་བཟོ་སྐྲུན་ཁང་ཁག་གི་ཐོ་གཞུང་ཞིག་བཟོས་ཏེ། རྒྱ་གར་གྱི་བཟོ་གྲྭ་རྣམས་ཀྱིས་ཐོ་གཞུང་དེའི་ནང་ཡོད་པའི་བཟོ་སྐྲུན་ཁང་མ་གཏོགས་གཞན་གྱི་འཕྲུལ་རིག་སྤྱོད་མི་ཆོག་པ་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཅིང་། དབྱེ་ཞིབ་པ་རྣམས་ཀྱིས་ད་ཐེངས་རྒྱ་གར་གྱི་སྒེར་གཉེར་བཟོ་གྲྭ་དག་གིས་ཀྱང་རྒྱ་ནག་གི་བཟོ་སྐྲུན་ཁང་གི་འཕྲུལ་རིག་སྤྱོད་རྒྱུའི་ཆོག་མཆན་ཞུས་མེད་པའི་རྒྱུ་མཚན་དེ་རང་ལ་ཐུག་གི་ཡོད་སྐོར་བརྗོད་འདུག

ཧྭ་ཝེ་ནི་རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་གི་རྒྱང་འཕྲིན་འཕྲུལ་རིག་བཟོ་སྐྲུན་ཁང་ཆེ་ཤོས་དེ་ཡིན་ནའང་།  འདས་པའི་ལོ་ཤས་ནང་ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་མི་ཉུང་བས་རྒྱ་ནག་དམར་ཤོག་གཞུང་གིས་ཧྭ་ཝེ་ཡི་འཕྲུལ་རིག་བརྒྱུད་མི་མང་ལ་སོ་ལྟ་བྱེད་ཀྱི་ཡོད་སྲིད་པའི་སྐྱོན་འཛུགས་བྱས་ཏེ། སྲིད་འཛིན་ཟུར་པ་ཊོམ་ཕུ་ཡིས་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་བཟོ་གྲྭ་རྣམས་ཀྱིས་ཧྭ་ཝེའི་འཕྲུལ་རིག་བཀོལ་སྤྱོད་མི་ཆོག་པར་བཟོས་ཡོད་པ་མ་ཟད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་ཧྭ་ཝེ་བཀག་སྡོམ་བྱ་རྒྱུའི་ལམ་སྟོན་བྱས་པ་ལྟར། ཨོ་གླིང་དང་ནེའུ་ཛི་ལན་ཌི། དབྱིན་ཡུལ་བཅས་ཀྱིས་ཧྭ་ཝེ་རང་གི་ཐོན་རིམ་ ༥ པའི་སྐུ་མེད་དྲ་ལམ་འཛུགས་སྐྲུན་ལས་གཞིའི་ནང་ཞུགས་མི་ཆོག་པར་བཟོས་ཡོད།

ཨ་རིའི་གཞུང་གིས་ཧྭ་ཝེ་དེ་རྒྱ་ནག་གཞུང་གི་ལག་ཆར་བཀོལ་སྤྱོད་བྱེད་སྲིད་པའི་རྒྱུ་མཚན་དུ། ཧྭ་ཝེ་གསར་འཛུགས་བྱེད་མཁན་རན་ཀྲེང་ཧྥེ་ (Ren Zhengfei) ཟེར་བ་དེ་ཕྱི་ལོ་ ༡༩༨༣ བར་ལོ་དགུའི་རིང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བའི་ཁོངས་མི་ཡིན་པ་མ་ཟད། ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡང་ཡིན་པ་རེད། གཞན་ཡང་ཨ་རིའི་གཞུང་གིས་རྒྱ་ནག་གི་ཕྱི་ལོ་ ༢༠༡༧ ལོའི་རྒྱལ་ཁབ་ཀྱི་གསང་བའི་ཁྲིམས་ཡིག་ (National Intelligence Law) ནང་། ཚོགས་པ་སྒྲིག་འཛུགས་དག་གིས་རྒྱལ་ཁབ་ཀྱི་གསང་བའི་གནད་དོན་དང་འབྲེལ་བའི་ཐད་ལ་གཞུང་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་དགོས་སྐོར་བཀོད་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེའི་འོག་ནས་ཧྭ་ཝེ་ལ་སོ་མྱུལ་གྱི་ལས་ཀ་བྱ་རུ་འཇུག་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད། འོན་ཀྱང་ཧྭ་ཝེ་འཕྲུལ་རིག་བཟོ་སྐྲུན་ཁང་ངོས་ནས་ད་བར་རྒྱ་ནག་གཞུང་གིས་ཁོ་ཚོར་སོ་ལྟ་བྱ་རུ་བཅུག་མེད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༦ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༨ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese